ཧྲང་ཁྲའོ་དབྱང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-29 08:57ལ་འགྲུབ།

ཧྲང་ཁྲའོ་དབྱང་།

ཧྲང་ཁྲའོ་དབྱང་།
ཁོང་ནི་སྤྱི་ལོ1963ལོའི་ཟླ་4པར་ཧོ་ནན་ཝུའུ་དབྱང་ནས་སྐྱེས་ཤིང་། སྤྱི་ལོ1981ལོའི་ཟླ9པར་བྱ་བར་ཞུགས། སྤྱི་ལོ1983ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尚朝阳
སྐྱེས་ཡུལ།
ཧོ་ནན་ཝུའུ་དབྱང་།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ4པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཧོ་ནན་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ་4པར་ཧོ་ནན་ཝུའུ་དབྱང་ནས་སྐྱེས་ཤིང་། སྤྱི་ལོ1981ལོའི་ཟླ9པར་བྱ་བར་ཞུགས། སྤྱི་ལོ1983ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 

ད་ལྟ་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1979ལོའི་ཟླ10པ་ནས་སྤྱི་ལོ1981ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཞུས་ཁྲང་ས་ཁུལ་གྱི་ཞིང་ལས་འཕྲུལ་ཆས་སློབ་གྲྭའི་ཞིང་འཕྲུལ་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཝུའུ་དབྱང་རྫོང་གི་ཞིང་འཕྲུལ་བཟོ་གྲྭའི་ལག་རྩལ་པ་དང་། རྫོང་ཞིང་འཕྲུལ་ཅུས་ཀྱི་ལས་བྱེད་པ། མ་ཚུན་ཀུང་ཧྲེའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི། གུང་གཞོན་ཚོགས་པའི་རྫོང་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡི་པུའ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1984ལོའི་ཟླ7པ་ནས་སྤྱི་ལོ1986ལོའི་ཟླ8པའི་བར་ཧོ་ནན་ཞིང་ཆེན་ཞུས་ཁྲང་ཐོན་ཨུའི་ལས་བྱེད་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1986ལོའི་ཟླ8པ་ནས་སྤྱི་ལོ1989ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ལུའོ་ཧོ་སྡེ་ཚོགས་གྲོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1989ལོའི་ཟླ4པ་ནས་སྤྱི་ལོ1992ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ལའོ་ཧོ་གྲོང་ཁྱེར་ཏང་ཨུའི་གཞུང་ལས་ཁང་གི་ལས་སྒྲུབ་སྐུལ་འདེད་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོའི་ཟླ9པ་ནས་སྤྱི་ལོ1995ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་ལུའུ་ཧོ་གྲོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ2པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ལའོ་ཧོ་གྲོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ལུའོ་ཧོ་གྲོང་ཨུའི་དྲུང་ཆེ་གཞོན་པ་དང་གྲོང་ཨུའི་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ5པ་ནས་སྤྱི་ལོ2001ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ལིན་དབྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ5པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར་ཧོ་ནན་ཞིང་ཆེན་ལིན་ཧྥང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ8པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2007ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་དྲུང་ཆེ། ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ3པ་ནས་སྤྱི་ལོ2014ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་དྲུང་ཆེ་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ2པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པ་ནས་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

ཧོ་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ6པའི་ཚེས7ཉིན། ཞིན་དབྱང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོའི་སྟེང་། བློ་མཐུན་ཧྲང་ཁྲའོ་དབྱང་ནི་ཞིན་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས།


དཔྱད་གཞིའི་ཡིག་ཆ།