ཀྲང་ཅན་ཧུའེ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-29 08:56ལ་འགྲུབ།

ཀྲང་ཅན་ཧུའེ།

ཀྲང་ཅན་ཧུའེ།
ཁོང་ནི་སྤྱི་ལོ1964ལོའི་ཟླ་8པར་ཧོ་ནན་སུང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1981ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1993ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཐུང་ཅི་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་བསླབ་གནས་བླངས་པ་དང་། གྲོང་ཁྱེར་གྱི་འཆར་འགོད་པ། ལས་ཐོག་དོ་དམ་རིག་པའི་འབུམ་རམས་པ་བཅས་ཡིན། ད་ལྟ་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张建慧
སྐྱེས་ཡུལ།
ཧོ་ནན་སུང་རྫོང་།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ་8པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཐུང་ཅི་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1964ལོའི་ཟླ་8པར་ཧོ་ནན་སུང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1981ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1993ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཐུང་ཅི་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་བསླབ་གནས་བླངས་པ་དང་། གྲོང་ཁྱེར་གྱི་འཆར་འགོད་པ། ལས་ཐོག་དོ་དམ་རིག་པའི་འབུམ་རམས་པ་བཅས་ཡིན། 

ད་ལྟ་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ2པ་ནས་སྤྱི་ལོ1981ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་རྩིས་གཉེར་སློབ་གྲྭའི་འཛུགས་སྐྲུན་དངུལ་ཁང་གི་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1981ལོའི་ཟླ7པ་ནས་སྤྱི་ལོ1983ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་སུང་རྫོང་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱི་ལས་སྒྲུབ་པ་ཡིན།

སྤྱི་ལོ1983ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་ཨར་ལས་བཟོ་སྐྲུན་སློབ་གྲྭའི་བཟོ་ལས་དང་དམངས་སྤྱོད་ཨར་ལས་བཟོ་སྐྲུན་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ10པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཁྲུའུ། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཇུས་འགོད་ཁང་གི་ལག་རྩལ་པ། བཟོ་སྐྲུན་རམ་འདེགས་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ1989ལོའི་ཟླ10པ་ནས་སྤྱི་ལོ1991ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ས་ཞིང་འཆར་འགོད་ཅུས་ཀྱི་ཁོའོ་ཡོན་ཡིན།

སྤྱི་ལོ1991ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ས་ཞིང་འཆར་འགོད་ཅུས་འཆར་འགོད་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ1995ལོའི་ཟླ3པ་ནས་སྤྱི་ལོ1998ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་ལོ་དབྱང་གྲོང་ཁྱེར་གྱི་ཞིང་འཆར་འགོད་ཅུས་ཀྱི་འཆར་འགོད་འཛུགས་སྐྲུན་ཞིབ་མཆན་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས།

སྤྱི་ལོ1998ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།    

སྤྱི་ལོ2001ལོའི་ཟླ9པ་ནས་སྤྱི་ལོ2004ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་བཞེས།    

སྤྱི་ལོ2004ལོའི་ཟླ3པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ8པ་ནས་སྤྱི་ལོ2009ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུའོ་ལུང་ཆུས་ཨུའི་ཧྲུའུ་ཅི་དང་། ལུའོ་དབྱང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2009ལོའི་ཟླ3པ་ནས་སྤྱི་ལོ2011ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2014ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། གྲོང་ཨུའི་འཛུགས་སྐྲུན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ5པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲེང་ཏུང་ཤིན་ཆུས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། གྲོང་ཨུའི་འཛུགས་སྐྲུན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པ་ནས་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཨུ་ཡོན།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ6པའི་ཚེས13ཉིན། ཧྲང་ཆིའུ་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་དང་པོའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། བློ་མཐུན་ཀྲང་ཅན་ཧུའེ་ནི་ཧྲང་ཆིའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས།

དཔྱད་གཞིའི་ཡིག་ཆ།