ཁྲེན་ཞིང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-29 08:54ལ་འགྲུབ།

ཁྲེན་ཞིང་།

ཁྲེན་ཞིང་།
ཁོང་ནི་སྤྱི་ལོ1965ལོའི་ཟླ2པར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཡུའུ་ཁྲེང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1989ལོའི་ཟླ8པར་བྱ་བར་ཞུགས། ཆིན་ཧྭ་སློབ་ཆེན་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དོ་དམ་རིག་པའི་རབ་འབྱམས་པ་དང་བཟོ་རིག་ཤེས་རམས་པ་ཡིན། ད་ལྟ་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈星
སྐྱེས་ཡུལ།
ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཡུའུ་ཁྲེང་རྫོང་།
རྒྱལ་ཁབ།
ཀྲུང་་གོ།
སྐྱེས་ལོ།
སྤྱི་ལོ1984ལོའི་ཟླ12པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཆིན་ཧྭ་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1965ལོའི་ཟླ2པར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཡུའུ་ཁྲེང་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1989ལོའི་ཟླ8པར་བྱ་བར་ཞུགས། ཆིན་ཧྭ་སློབ་ཆེན་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དོ་དམ་རིག་པའི་རབ་འབྱམས་པ་དང་བཟོ་རིག་ཤེས་རམས་པ་ཡིན། 

ད་ལྟ་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ8པ་ནས་སྤྱི་ལོ1987ལོའི་ཟླ8པའི་བར་ཀྲེང་ཀྲོའུ་བཟོ་ལས་སློབ་གླིང་ཆུ་བེད་ཚན་ཁག་ཞིང་ནང་ཆུ་བེད་ལས་གྲྭའི་ཨར་སྐྲུན་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ7པའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1989ལོའི་ཟླ8པ་ནས་སྤྱི་ལོ1991ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་ས་ཁུལ་ཨར་ལས་ཀུང་སི་གཉིས་པའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཡིན།

སྤྱི་ལོ1991ལོའི་ཟླ5པ་ནས་སྤྱི་ལོ1998ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་ས་ཁུལ་མི་དོན་ངལ་རྩོལ་ཅུས་ཀྱི་ཁོའོ་རིམ་པ་གཞོན་པའི་ལས་རོགས་པ་དང་། ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།               སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ1999ལོའི་ཟླ11པའི་བར། ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཞ་དབྱི་རྫོང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ11པ་ནས་སྤྱི་ལོ2000ལོའི་ཟླ3པའི་བར་གུང་གཞོན་ཚོགས་པའི་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།    

སྤྱི་ལོ2000ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར་གུང་གཞོན་ཚོགས་པའི་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།    

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2003ལོའི་ཟླ6པའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་མི་དམངས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ6པ་ནས་སྤྱི་ལོ2008ལོའི་ཟླ10པའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ཡན་ཁྲེང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ10པ་ནས་སྤྱི་ལོ2012ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ4པ་ནས་སྤྱི་ལོ2012ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཨུའི་རྒྱུན་ཨུ(གྲོང་ཁྱེར་གྱི་ཐིང་རིམ་པ་གཞོན་པ)

སྤྱི་ལོ2012ལོའི་ཟླ5པ་ནས་སྤྱི་ལོ2014ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2014ལོའི་ཟླ3པ་ནས་སྤྱི་ལོ2015ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ3པ་ནས་སྤྱི་ལོ2015ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་ཧྲི་ཀྲང་གི་འོས་མི་ཡིན།

སྤྱི་ལོ2015ལོའི་ཟླ4པ་ནས་སྤྱི་ལོ2017ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ཀྲུའ་མ་ཏེན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2017ལོའི་ཟླ12པ་ནས་ཧོ་ནན་ཞིང་ཆེན་ཀྲུའུ་མ་ཏེན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

ཧོ་ནན་ཞིང་ཨུ་སྐབས་བཅུ་པའི་ཨུ་ཡོན་དང་། ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ12པའི་ཚེས3ཉིན། ཀྲུའུ་མ་ཏེན་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་སྟེང་། བློ་མཐུན་ཁྲེན་ཞིང་ནི་ཀྲུང་གུང་ཀྲུའུ་མ་ཏེན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།