ཡན་ཅིན་ཧའེ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-07-22 10:15ལ་འགྲུབ།

ཡན་ཅིན་ཧའེ།

ཡན་ཅིན་ཧའེ།
ཁོང་ནི་སྤྱི་ལོ1962ལོའི་ཟླ3པར་སྐྱེས། མཚོ་སྔོན་གཞོང་ཐང་གི་མི་ཡིན། སྤྱི་ལོ1982ལོའི་ཟླ7པར་བྱ་བའི་ལས་གནས་ལ་ཞུགས། སྤྱི་ལོ1983ལོའི་ཟླ12པར་ཀྲུང་གོ་གུང་ཁྲང་ཏང་ལ་ཞུགས། མཚོ་སྔོན་མི་རིགས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་ལ། རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་བསླབ་གནས་བླངས། ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཧྲེང་ཀྲང་གཞོན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
严金海
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ3པ།
ེརྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གཞོང་ཐང་རྫོང་།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1983ལོའི་ཟླ12པ།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གླིང་།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1962ལོའི་ཟླ3པར་སྐྱེས། མཚོ་སྔོན་གཞོང་ཐང་གི་མི་ཡིན།  སྤྱི་ལོ1982ལོའི་ཟླ7པར་བྱ་བའི་ལས་གནས་ལ་ཞུགས། སྤྱི་ལོ1983ལོའི་ཟླ12པར་ཀྲུང་གོ་གུང་ཁྲང་ཏང་ལ་ཞུགས། མཚོ་སྔོན་མི་རིགས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་ལ། རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་བསླབ་གནས་བླངས།  ད་ལྟ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཧྲེང་ཀྲང་གཞོན་པ་བཅས་ཡིན། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ11པ་ནས1982ལོའི་ཟླ7པའི་བར། མཚོ་སྔོན་མི་རིགས་སློབ་གླིང་རྒྱ་ཡིག་སྡེ་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ7པ་ནས1984ལོའི་ཟླ11བའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་ལས་བྱེད་པའི་འགན་བཞེས། 

སྤྱི་ལོ1984ལོའི་ཟླ11པ་ནས1990ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སློབ་གསོ་ཅུའུ་ནས་ལས་བྱེད་པའི་འགན་བཞེས། 

སྤྱི་ལོ1990ལོའི་ཟླ2པ་ནས1991ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། 

སྤྱི་ལོ1991ལོའི་ཟླ6པ་ནས1993ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། 

སྤྱི་ལོ1993ལོའི་ཟླ7པ་ནས1996ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ4བ་ནས1996ལོའི་ཟླ5བའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ5བ་ནས1998ལོའི་ཟླ6པའི་བར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོའམ་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། 

སྤྱི་ལོ1998ལོའི་ཟླ6པ་ནས2005ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2005ལོའི་ཟླ1པོ་ནས2005ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མ་བྱས། 

སྤྱི་ལོ2005ལོའི་ཟླ3པ་ནས2008ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས། 

སྤྱི་ལོ2008ལོའི་ཟླ2པ་ནས2008ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུ་ཧྲུའུ་ཅི་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས། 

སྤྱི་ལོ2008ལོའི་ཟླ4བ་ནས2013ལོའི་ཟླ1པའི་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ཏང་ཨུ་ཧྲུའུ་ཅི་ཡི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ1པ་ནས2013ལོའི་ཟླ2པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཀྲུང་གུང་མཚོ་བྱང་ཁུལ་ཏང་ཨུ་ཧྲུའུ་ཅི་འགན་བཞེས་ཀྱིན་ཡོད།

སྤྱི་ལོ2013ལོའི་ཟླ2པ་ནས2017ལོའི་ཟླ5པའི་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2017ལོའི་ཟླ5པ་ནས་ད་ལྟའི་བར། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དང་། ཧྲེང་ཀྲང་གཞོན་པའི་འགན་ཁུར་གྱིན་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཡིན།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡན་ཅིན་ཧའེ་ལགས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པར་བདམས།

སྤྱི་ལོ2020ལོའི་ཟླ7པར། བློ་མཐུན་ཡན་ཅིན་ཧའེ་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་ལས་འགན་བཞེས། 

དཔྱད་གཞིའི་ཡིག་ཆ།