ལིའུ་པོ་ཁྲེང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-29 14:46ལ་འགྲུབ།

ལིའུ་པོ་ཁྲེང་།

ལིའུ་པོ་ཁྲེང་།
ལིའུ་པོ་ཁྲེང(1892~1986)ལགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མི་སྲོལ་འབྱེད་པ་དང་། འགོ་ཁྲིད་པ། དེང་རབས་ཀྱི་དམག་དོན་པ་བཅས་ཡིན། སྤྱི་ལོ1911ལོར་ལྕགས་ཕག་ལོའི་གསར་བརྗེ་དང་། སློབ་མའི་དམག རྒྱལ་སྲུང་དང་ཁྲིམས་སྲུང་དམག་འཁྲུག་བཅས་ལ་ཞུགས། ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྗེས། ཧྲང་ཧའེ་ཧྲུན་གྱི་འོས་ལངས་དང་ནན་ཁྲང་འོས་ལངས་རྩ་འཛུགས་བྱས་ཤིང་། སྔ་གཞུག་ཏུ་ཀྲུང་དབྱང་དམར་དམག་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་དང་། པ་ལུའུ་ཅུན་གྱི་ཧྲི་ཤོག་བརྒྱ་དང་ཉེར་དགུ་པའི་ཧྲི་དཔོན། བྱེས་འཐབ་དམག་དཔུང་གཉིས་པའི་དམག་སྤྱི། དམག་དོན་སློབ་གླིང་གི་འགོ་འཛིན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར་མྱོང་། ཁོང་གིས་ཀྲུང་གོའི་གསར་བརྗེའི་དམག་དཔུང་བཙུགས་པ་དང་རྒྱ་བསྐྱེད་པ། གསར་བརྗེའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་པ། རང་དམག་དངོས་གཞི་ཅན་དུ་འགྱུར་བ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘伯承
འདས་ལོ།
སྤྱི་ལོ1986ལོའི་ཟླ10པའི་ཚེས7ཉིན།
མིང་གཞན།
ལིའུ་མིང་ཀྲའོ། (སྔོན་དུས་ཀྱི་མིང) ལིའུ་པོ་ཅན།
ལས་རིགས།
འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་བ།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
ཧྥུའུ་ལུང་ཀྲི་དམག་དོན་སློབ་གླིང་།
སྐྱེ་ཡུལ།
ཡུས་གྲོང་ཁྱེར་ཁའེ་ཀྲོའུ་ཁུལ།
སྐྱེས་དུས།
སྤྱི་ལོ1892ལོའི་ཟླ12པའི་ཚེས4ཉིན།
དམག་ཐོབ།
དམག་སྤྱི་ཆེན་མོ།
1 མི་ཚེའི་ལོ་རྒྱུས། 

ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་དབར་གྱི་མཛའ་བརྩེའི་འབྲེལ་བ་ནི་སྔར་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོན་དབར་གྱི་དྲིལ་བསྒྲགས་དཔེ་མཚོན་ཞིག་ཡིན་པས། “ལིའུ་ཏེང་དབར་གྱི་དབྱེ་བ”ཞེས་པའི་ཐོག་ནས་ཁོང་གཉིས་ཀྱི་མཛའ་གཅུགས་ཀྱི་འབྲེལ་བ་མཚོན་པར་བྱས་ཡོད། དེ་ལྟར་སྐུ་གཤེགས་པའི་བར་དུ་མཛའ་བརྩེ་ཡི་རྒྱུན་བསྲིངས་ཡོད། སྤྱི་ལོ1892ལོའི་ཟླ12ཚེས4ཉིན་ནས་སི་ཁྲོན་ཁའེ་རྫོང(ད་ལྟ་གྲོང་ཁྱེར་ཁའེ་རྫོང)དུ་སྐྱེས།  

སྤྱི་ལོ1913ལོར་གསར་བརྗེ་ཐེངས་གཉིས་པར་ཞུགས། 

སྤྱི་ལོ1926ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། 

སྤྱི་ལོ1927ལོའི་ཟླ8པའི་ཚེས1ཉིན་ཀྲོའུ་ཨེན་ལའེ་སོགས་དང་མཉམ་དུ་ནན་ཁྲང་འོས་ལངས་བསླངས། 

སྤྱི་ལོ1930ལོའི་ཟླ8པར་སུའུ་ལེན་གྱི་ཧྥུ་ལུང་ཀྲི་དམག་དོན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཅིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དྲག་ཇུས་དམག་དཔོན་དང་འབྲི་ཆུ་ཅུས་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1932ལོའི་ཟླ10པར་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་འགན་བཞེས། ལུའུ་ཅུན་གྱི་ཧྲི་ཤོག129པའི་ཧྲི་དཔོན་གྱི་འགན་བཞེས། མཚན་མོར་དབྱང་མིན་པའོ་གནམ་གྲུ་ཐང་ལ་འཇབ་རྒོལ་བྱེད་པའི་སྒྲིག་འཛུགས་བྱས། ཧྲན་ཞི་དང་། ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་བཞིའི་རི་འགོག་གནས་གཞིའི་ས་ཁུལ་བཙུགས་པ་རེད། རི་འགོག་དམག་འཁྲུག་གི་རྗེས་སུ་ཅིན་ཅི་ལུའུ་ཡུས་དམག་ཁུལ་ཁང་གི་དམག་སྤྱིའི་འགན་བཞེས། 

སྤྱི་ལོ1940ལོའི་ཟླ8པ་ནས་ཟླ12པའི་བར་ཁོང་དང་མཉམ་དུ་ཐོན་བརྒྱའི་འཁྲུག་ཆེན་ལ་འགོ་ཁྲིད་མཛད།  ཏེང་ཞའོ་ཕིང་གིས་དམག་མི་ཁྲི12ཀྱི་སྣེ་ཁྲིད་དེ་རི་བོ་ཏ་པིའེ་ཧྲན་ལ་ཕར་རྒོལ་བྱས་པ་དེ་གོ་གུང་ནང་འཁྲུག་གི་དཀྱོགས་མཚམས་གལ་ཞིག་ཡིན་ནོ། ། 

ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་སློབ་གླིང་གི་འགོ་འཛིན་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་བཞེས།  

སྤྱི་ལོ1951ལོའི་ཟླ1པོར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་སློབ་གླིང་གི་གླིང་གཙོའི་འགན་བཞེས། 

སྤྱི་ལོ1955ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་གོ་རྟགས་དང་། རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་རང་བཙན་དང་རང་དབང་གི་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་བཅིངས་འགྲོལ་གྱི་བྱས་རྗེས་གཟེངས་རྟགས་བཅས་གནང་། 
    ཁོང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་ནས་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1986ལོའི་ཟླ10པའི་ཚེས7ཉིན་པེ་ཅིན་དུ་སྐུ་གཤེགས། 

ལིའུ་པོ་ཁྲེང(1892ལོའི་ཟླ12པའི་ཚེས4ནས་སྤྱི་ལོ1986ལོའི་ཟླ10པའི་ཚེས7བར)ལགས་ཀྱི་ཐོག་མའི་མིང་ལ་ལིའུ་མིང་ཀྲའོ་ཟེར་ཞེང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མི་སྲོལ་འབྱེད་པ་དང་འགོ་ཁྲིད་པ་ཡིན། སྤྱི་ལོ1892ལོའི་ཟླ12པའི་ཚེས4ཉིན་སི་ཁྲོན་ཞིང་ཆེན་ཁའེ་རྫོང་ཀྲའོ་ཅ་ཁྲང་དུ་སྐྱེས་ཤིང། ཆུང་དུས་སུ་སྨྱུ་གུ་བཟུང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་ཞེས་གསུངས། སྤྱི་ལོ1911ལོར་ཁའེ་རྫོང་དུ་ལྕགས་ཕག་ལོའི་གསར་བརྗེ་དང་ལེན་བྱེད་པའི་སློབ་མའི་དམག་ལ་ཞུགས། སྤྱི་ལོ1912ལོར་ཁྲུང་ཆིང་དམག་དཔོན་སྲིད་གཞུང་གི་དམག་དཔོན་སློབ་གྲྭར་རྒྱུགས་འཕྲོད། སྤྱི་ལོ1913ལོར་སི་ཁྲོན་ཡོན་འདུལ་དམག་ལ་ཞུགས། སྤྱི་ལོ1914ལོར་ཀྲུང་ཧྭ་གསར་བརྗེའི་ཏང་ལ་ཞུགས། རྒྱལ་སྲུང་དང་ཁྲིམས་སྲུང་གི་དམག་འཁྲུག་ནང་སྔ་རྗེས་སུ་ཡུས་དང་། ལུའི་ཤོག་གི་དྲག་ཇུས་དམག་དཔོན། མདའ་དཔོན་བཅས་ཀྱི་འགན་བཞེས། སྤྱི་ལོ1916ལོའི་ཟླ3པར་ཧྥེང་ཏུའུ་བཙན་བཟུང་བྱེད་སྐབས་མིག་གཡས་པར་མདེའུས་རྨས་སྐྱོན་བཏང་། སྤྱི་ལོ1923ལོར་ཝུའུ་ཕེ་ཧྥུ་འདུལ་བའི་དམག་འཁྲུག་ཁྲོད་ཏུང་ལུའུ་ཇག་འདུལ་དམག་གི་ལམ་དང་པོའི་གཡུལ་སའི་བཀོད་འདོམས་དམག་དཔོན་གྱི་འགན་བཞེས། སྤྱི་ལོ1926ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ལོ་དེའི་ཟླ12པར་དབྱང་ཡན་ཀུང་དང་ཀྲུའུ་ཏེ་སོགས་དང་མཉམ་དུ་ཧྲང་ཧའེ་ཧྲུན་དུ་འོས་ལངས་བྱས་ཏེ་འོས་ལངས་དམག་སྟེ་སི་ཁྲོན་གྱི་དམག་སྡེ་སོ་སོའི་འགན་ཁུར། སྤྱི་ལོ1927ལོར་ནན་ཁྲང་འོས་ལངས་ལ་འགོ་ཁྲིད་བྱས་པ་དང་། ཀྲུང་གུང་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་དྲག་ཇུས་ཐོན་གྱི་དྲག་ཇུས་དམག་དཔོན་གྱི་འགན་བཞེས། སྤྱི་ལོ1928ལོར་སུའུ་ལེན་དུ་སློབ་སྦྱོང་གནང་བར་ཕེབས། སྤྱི་ལོ1930ལོའི་དབྱར་ཁར་ཧྥུ་ལུང་ཀྲི་དམག་དོན་སློབ་གླིང་ནས་སློབ་མཐར་ཕྱིན། མེས་རྒྱལ་དུ་ཕྱིར་ལོག་རྗེས་ཀྲུང་གུང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་དང་འབྲི་ཆུ་ཅུས་དམག་ཨུའི་ཧྲུའུ་ཅིའི་འགན་ཁུར་ནས་ཀྲོའུ་ཨེན་ལའེ་ལ་ཀྲུང་དབྱང་དམག་ཨུའི་ཉིན་རྒྱུན་གྱི་བྱ་བ་ཐག་གཅོད་བྱེད་རོགས་བྱས། སྤྱི་ལོ1937ལོའི་ཟླ1པོར་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་ཕེབས་ནས་བཟོ་ཞིང་དམར་དམག་སློབ་གྲྭའི་འགོ་འཛིན་དང་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། ལོ་དེའི་ཟླ10བར་ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་འགན་ཁུར་ནས་ཀྲུའུ་ཏེ་དང་ཀྲོའུ་ཨེན་ལའེ་གཉིས་ཀྱིས་ཐེངས་བཞི་བའི“བསྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་དམག་འཐབ་ལ་བཀོད་འདོམས་བྱས། རྒྱང་སྐྱོད་ཁྲོད་ཀྲུང་དབྱང་ཙུང་ཏུའེ་རུ་ཁག་གི་དམག་སྤྱིའི་འགན་བཞེས་ནས་སྔོན་སྐྱོད་དམག་དཔུང་ལ་བཀོད་འདོམས་ཀྱིས་ཝུའུ་ཅང་གཙང་པོ་བརྒལ་ཏེ་ཙུན་དབྱི་བླངས་པ་རེད། སྤྱི་ལོ1935ལོའི་ཟླ1པོར། ཙུན་དབྱི་རུ་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་སུ་ཞུགས་ཤིང་། མའོ་ཙེ་ཏུང་གི་བཞེད་དགོངས་ལ་བརྩི་བཀུར་བྱས། ཟླ5པར། ལས་བྱེད་པའི་ཐོན་ཁག་གཅིག་གིས་ཅའོ་ཕིན་ཏུའུ་བཙན་བཟུང་བྱས་ཏེ། དམག་ཡོངས་བདེ་ལེགས་ངང་འབྲི་ཆུ་བརྒལ་ཐུབ་པར་ཁག་ཐེག་བྱས། དེ་རྗེས་ཉེ་རུང་ཀྲེན་དང་མཉམ་དུ་སྔོན་སྐྱོད་དམག་དཔུང་ཁྲིད་དེ་དམག་ཡོངས་ལ་ལམ་ཕྱེ་བ་དང་། ཟླ5པའི་ཚེས25ཉིན་དམར་དམག་ཧྲི་དང་པོ་ཁྲིད་ནས་ཨན་ཧྲོན་ཁྲང་ནས་ཏ་ཏུའུ་གཙང་པོ་བརྒལ། དམར་དམག་དང་ངོས་ཕྱོགས་དཔུང་ཚོགས་དང་པོ་དང་བཞི་པ་གཉིས་ཀྱིས་དམག་བརྒྱབ་རྗེས། ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་འཇར་འགོག་སྐོར་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཀྲང་གོ་ཐའོ་ཡི་ཁ་བྲལ་བྱ་འགུལ་ལ་འཐབ་རྩོད་བྱས།  

2 མཛད་འཕྲིན། 

རི་འགོག་དམག་འཁྲུག་ལངས་རྗེས། པ་ལུའུ་ཅུན་གྱི་ཁྲི་དཔུང་བརྒྱ་དང་ཉེར་དགུ་བའི་ཧྲི་དཔོན་གྱི་འགན་ཁུར་ཞིང་། བཀོད་འདོམས་ཁང་གི་པུའུ་རྩ་འཛུགས་བྱས་ཏེ་དབྱང་མིང་པའོ་དང་ཆི་ཡོན་སྡེ་བའི་འཇབ་རྒོལ་དམག་འཐབ་བྱས། ཁྲང་ཧྲིན་ཁུའུ། ཧྲིན་ཐོའུ་ལིན། ཆིན་ཐང་ཕུའུ་སོགས་ཀྱི་དམག་འཐབ་བྱས། རྗེས་སུ་ཡང་ཧྲན་ཞིའི་ཤར་ལྷོའི“ལམ་དགུ་ལ་རྒོལ་བ”དང་ཧོ་པེའི་ལྷོ་རྒྱུད་ཀྱི་ལམ་བཅུ་གཅིག་གི་འཇབ་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཅིང་། ཅིན་ཅི་ཡུས་འཇར་འགོག་གནས་གཞིའི་ས་ཁུལ་བཙུགས། སྤྱི་ལོ1940ལོར་དམག་དཔུང་སྒྲིག་འཛུགས་བྱས་ནས་ཐོན་བརྒྱའི་འཁྲུག་ཆེན་ལ་ཞུགས། རྗེས་སུ་དངོས་གཞིའི་དམག་དཔུང་དང་ངེས་མེད་རྒོལ་རྡུང་རུ་ཁག་གཡུལ་འགྱེད་དམག་བཅས་མཉམ་དུ་འདུས་པའི་དྲག་ཆས་ཚོགས་ཁག་སྒྲིག་འཛུགས་བྱས་ཏེ། གཙོ་ཤུགས་ས་གནས་ཅན་དུ་བསྒྱུར་བར་མ་ཟད། དྲག་པོའི་ལས་དོན་རུ་ཁག་འབོར་ཆེན་སྒྲིག་འཛུགས་བྱས་ཤིང་། “དགྲ་རྒོལ་རང་སྐྱོད”ལག་བསྟར་བྱས། དུས་མཚུངས་སུ་གོ་མིན་ཏང་གི་ངན་རེངས་པའི་དམག་དཔུང་གིས་གནས་གཞིའི་ས་ཁུལ་ལ་ཚུར་རྒོལ་བྱེད་པར་རྒོལ་ལན་ཐེངས་མང་སྤྲད། 

བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་སྔ་རྗེས་སུ་ཅིན་ཅི་ལུའུ་ཡུས་དམག་ཁུལ་དང་། ཀྲུང་ཡོན་དམག་ཁུལ། བྱེས་འཐབ་དམག་དཔུང་གཉིས་པའི་དམག་སྤྱི་བཅས་ཀྱི་འགན་བཞེས། སྤྱི་ལོ1945ལོའི་ཟླ9པ་ནས་བཟུང་ཆབ་སྲིད་ཨུ་ཡོན་ཏེང་ཞའོ་ཕིང་དང་མཉམ་དུ་ཧྲང་ཏང་གཡུལ་འགྱེད་དང་ཧན་ཏན་གཡུལ་འགྱེད་ལ་བཀོད་འདོམས་གནང་བ་དང་། ཁྲུང་ཆིང་དུ་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་གཉིས་ཀྱིས་ཅང་ཅེ་ཧྲི་དང་ཅང་ཅེ་ཧྲིར་རྒྱབ་སྐྱོར་གནང་། ཟླ8པར་གཙོ་ཤུགས་དམག་དཔུང་ཁྲིད་དེ་ཅི་ལུའུ་ཡུས་ཀྱི་གཡུལ་སར་སོང་ནས། ལུང་ཧའེ་དང་ཏིན་ཐའོ། ཅུས་ཡེ་ཅིན་ཞང་། ཡུས་ཐའེ་སོགས་གཞི་རྒྱ་ཆེ་བའི་གཡུལ་འགྱེད་དགུ་རྩ་འཛུགས་བྱས་ཏེ། གོ་མིན་ཏང་གི་དམག་དཔུང་འབོར་ཆེན་ཚར་གཅོད་དང་བཀག་སྐྱིལ་བྱས་ཤིང་། གཡུལ་ས་གཞན་པའི་གོ་མིན་ཏང་དམག་དཔུང་གིས་ཕྱོགས་ཡོངས་ནས་ཚུར་རྒོལ་བྱེད་པར་གཞོགས་འདེགས་བྱས། ལོ་དེའི་ཟླ6པར། ཏེང་ཞའོ་ཕིང་དང་མཉམ་དུ་ཁྲི་བཅུ་གཉིས་ཅན་གྱི་དཔུང་ཆེན་ཁྲིད་དེ་རྨ་ཆུ་དང་ཆུ་བོའི་འགོག་སྲུང་འཛིང་རགས་གཏོར་བ་དང་། ཧྲན་ཏུང་ལྷོ་ནུབ་ཀྱི་གཡུལ་འགྱེད་སྒྲིག་འཛུགས་དང་བཀོད་འདོམས་བྱས་ཤིང་། དེ་མ་ཐག་གནས་གཞིའི་ས་ཁུལ་དང་བར་ཐག་ལེ་དབར་སྟོང་གི་རི་བོ་ཏ་པིའེ་རི་བོ་བརྒལ་ཏེ། དགྲ་བོའི་ལྟེ་གནས་ས་ཁུལ་དུ་ཟབ་ཞུགས་བྱས་ཤིང་། ཟླ9པ་ནས་བཟུང་ཧོ་ནན་དང་། ཨན་ཧུའེ། ཅང་སུའུ་བཅས་སུ་དཔུང་འཇུག་བྱེད་མཁན་ཁྲེན(དབྱི)སུའུ་ཡུས་བྱེས་འཐབ་དམག་སྡེ་དང་ཧོ་ནན་ནུབ་རྒྱུད་དུ་དཔུང་འཇུག་བྱེད་མཁན་ཁྲེན(ཀེང་ཞེ་ཧྥུ་ཀྲི)ཚོགས་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། འབྲི་ཆུ་དང་ཧོའེ་ཧའེ། ཧོ་ཧན་བཅས་ཀྱི་བར་དུ་དགྲ་བོ་འབོར་ཆེན་ཚར་གཅོད་བྱས་པས། གོ་མིན་ཏང་གི་དམག་དཔུང་གཞན་དབང་གི་གནས་སུ་གྱར་ནས་རྒྱལ་ཡོངས་ཀྱི་དམག་འཐབ་གནས་ཚུལ་བསྒྱུར་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་རེད། སྤྱི་ལོ1948ལོའི་ཟླ11པར་ཧོའེ་ཧའེ་གཡུལ་འགྱེད་ལ་བཀོད་འདོམས་བྱེད་པར་ཞུགས་པ་དང་། འཐབ་ཇུས་ཐག་གཅོད་དམག་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ། སྤྱི་ལོ1949ལོའི་ཟླ4པར་ཏུའུ་ཅང་གཡུལ་འགྱེད་ལ་བཀོད་འདོམས་བྱེད་པར་ཞུགས་པར་མ་ཟད། ཐད་ཀར་བྱེས་འཐབ་དམག་སྡེ་གཉིས་པར་བཀོད་འདོམས་བྱས་ཏེ་ཨན་ཧུའེ་ལྷོ་རྒྱུད་དང་། ཀྲེ་ཅང་ནུབ་རྒྱུད། ཅང་ཞིའི་བྱང་ཤར། ཧྥུ་ཅན་བྱང་རྒྱུད་བཅས་ཀྱི་རྒྱ་ཆེའི་ས་ཁུལ་བཅིངས་འགྲོལ་བྱས། ལོ་དེའི་དགུན་ཁར། ལྷོ་ནུབ་གཡུལ་འགྱེད་ལ་བཀོད་འདོམས་བྱས་ཏེ། རྒྱང་རིང་ལ་སྐོར་བ་རྒྱག་པའི་དམག་འཐབ་བྱེད་ཕྱོགས་ལག་བསྟར་བྱས་ཤིང་། སི་ཁྲོན་དང་། ཡུན་ནན། ཀུའེ་ཀྲོའུ། ཞི་ཁང་བཅས་བཅིངས་འགྲོལ་བྱས། སྤྱི་ལོ1949ལོའི་ཟླ12པར་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་གུང་ཀྲུང་དབྱང་ལྷོ་ནུབ་ཅུས་ཀྱི་ཧྲུའུ་ཅི་གཉིས་པ་བཅས་ཀྱི་འགན་བཞེས། 

ཁོང་གིས་དུས་ཡུན་རིང་པོའི་དམག་འཁྲུག་གི་ཁོར་ཡུག་ནང་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་ལྷོད་མེད་གནང་ནས་ཀྲུང་གོའི་དམག་འཁྲུག་གི་ལག་ལེན་དངོས་ནང་བེད་སྤྱོད་གནང་ཡོད། དེའི་དམག་འཐབ་ཐབས་ཇུས་དང་བཀོད་འདོམས་སྒྱུ་རྩལ་ནི་མའོ་ཙེ་ཏུང་གི་དམག་དོན་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ལོ1950ལོའི་ལོ་མཇུག་ཏུ། ཁོང་གིས་མི་དམངས་བཅིངས་འགྲོལ་དམག་དམག་དོན་སློབ་གླིང་འཛུགས་པར་འགོ་ཁྲིད་བྱས། ཁོང་གིས་སྔ་རྗེས་སུ་མི་དམངས་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། རྒྱལ་ནང་།