ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-29 10:12ལ་འགྲུབ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡིས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག་དམག་དཔུང་རྒྱབ་ཕྱོགས་མཁོ་སྒྲུབ་ཆེད་ལས་ཞབས་ཞུ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལས་དོན་གྱི་ཆེས་མཐོའི་བཀོད་འདོམས་ལས་ཁུངས་ཀྱི་འགན་འཁུར་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人民解放军总后勤部
1 ​རྩ་བའི་ལས་འགན། 

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྤྱི་ཁྱབ་མཁོ་སྒྲུབ་པུའུ་ཡི་ཚད་ལྡན་ཅན་གྱི་ལམ་སྲོལ་རིམ་བཞིན་འཐུས་ཇེ་ཚང་ནས་ཇེ་ཚང་དུ་བཏང་། དེའི་གཞི་རྩའི་ལས་འགན་ནི། རྒྱལ་སྲུང་འཛུགས་སྐྲུན་དང་། དམག་འཐབ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱེད་ཕྱོགས་དང་རྩ་དོན་གཞིར་བཟུང་ནས། རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱས་པའི་མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་བཅས་ལ་བརྟེན་ནས། དམག་ཡོངས་ཀྱི་རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་བྱ་བ་དང་རྒྱབ་ཕྱོགས་མཁོ་སྒྲུབ་བྱ་བར་འཆར་གཞི་ལྡན་པའི་སྒོ་ནས་དོ་དམ་བྱས་ཤིང་། དེང་རབས་ཅན་དང་ཚད་ལྡན་ཅན་གྱི་གསར་བརྗེའི་དམག་དཔུང་འཛུགས་སྐྲུན་དང་དེང་རབས་དམག་འཁྲུག་གི་དགོས་མཁོ་དང་འཚམ་པར་བྱེད་དགོས། 

2 འཕེལ་རྒྱས་ཀྱི་བརྒྱུད་རིམ། 

སྤྱི་ལོ1949ལོའི་ཟླ11པར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་དེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཞེས་བསྒྱུར། 

སྤྱི་ལོ1950ལོའི་ཟླ6པའི་ཚེས19ཉིན། ཀྲུང་དབྱང་དམག་ཨུད་སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་ཡི་ལས་ཁུངས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། ནོར་དོན་པུའུ་དང་། དམག་མཁོ་པུའུ། རུ་མཚོན་པུའུ། འཕྲོད་བསྟེན་པུའུ། སྐྱེལ་འདྲེན་པུའུ། ཐོན་སྐྱེད་པུའུ་ཡི་དམག་སྒར་དོ་དམ་པུའུ། ཟླ8པའི་ཚེས6ཉིན་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུས་ཀོང་ཞིའི་ནན་ཉིང་ནན་ཉིང་དུ་དོན་གཅོད་ཁྲུའུ་བཙུགས་ནས་ཝེ་ཐེ་ནམ་ལ་དངོས་ཟོག་དབོར་འདྲེན་དང་འཕྲོད་བསྟེན་སྨན་བཅོས་འགན་ལེན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད། 
སྤྱི་ལོ1954ལོའི་ཟླ1པར། ནོར་དོན་པུའུ་ཡི་ཐད་གཏོགས་ཀྲུང་དབྱང་དམག་ཨུའི་འགོ་ཁྲིད་དེ། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་ནོར་དོན་པུའུ་ཞེས་པར་བསྒྱུར། 
           སྤྱི་ལོ1954ལོའི་ཟླ10བར། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་རྒྱབ་ཕྱོགས་ལས་སྒྲུབ་པུའུ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་རྒྱབ་ཕྱོགས་ལས་སྒྲུབ་པུའུ་རུ་བསྒྱུར། དུས་མཚུངས་སུ་དམག་ཨུའི་ནོར་དོན་པུའུ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནོར་དོན་པུའུ་རུ་བསྒྱུར། སྐབས་དེར། སྤྱི་ཁྱབ་མཁོ་སྒྲུབ་པུའུ་ཡི་མངའ་འོག་ཏུ་ལས་བྱེད་པུའུ(ལོ་ཟླ2པ)དང་། དམག་མཁོའི་ཐོན་སྐྱེད་པུའུ(ལོ་ཟླ8པརདམག་མཁོ་པུའུ་ཡིས་མིང་བསྒྱུར་བ)དང་། རུ་མཚོན་པུའུ། འཕྲོད་བསྟེན་པུའུ། དམག་ཁང་དོ་དམ་པུའུ། སྦྱོང་བརྡར་པུའུ། རླངས་འཁོར་དང་ཕྱུགས་རིགས་སྟོབས་ཤུགས་དོ་དམ་པུའུ། ཆབ་སྲིད་པུའུ། དམག་སྤྱི་ཁང་། རྟ་སྲིད་ཅུས། ཕྱུགས་ནད་སྨན་བཅོས་ཅུས་སོགས་བཙུགས་ཡོད་པ་དང་། དེ་སྔའི་ཐད་གཏོགས་ལས་དོན་པུའུ་དེ་ལོའི་ཟླ9པར་ཕྱིར་འཐེན་བྱས་པ་རེད། 
          སྤྱི་ལོ1955ལོའི་ཟླ8པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ནོར་དོན་པུའུ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ནོར་དོན་པུའུ་ཞེས་པར་བསྒྱུར། 
          སྤྱི་ལོ1957ལོའི་ཟླ1པར། མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ནོར་དོན་པུའུ་དེ་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡི་ནོར་དོན་པུའུ་ཞེས་པར་བསྒྱུར། 
          སྤྱི་ལོ1959ལོའི་ཟླ12པར་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ལས་ཁུངས་ཀྱིས་ལོ་དེའི་ཟླ11པའི་རྨང་གཞིའི་ཐོག་རླངས་འཁོར་འདྲུད་འཐེན་འཁོར་ལོ་དོ་དམ་པུའུ(ལོ་འདིའི་ཟླ་5པ)རྒྱབ་ཕྱོགས་བཟོ་སྐྲུན་འཛུགས་སྐྲུན་པུའུ། སློབ་གྲྭའི་དོ་དམ་པུའུ(ལོ་འདིའི་ཟླ་9པ) རྟ་སྲིད་ཅུས(ལོ་ཟླ8པ)དང་། རླངས་འཁོར་དང་ཕྱུགས་རིགས་སྟོབས་ཤུགས་དོ་དམ་པུའུ།(ལོ་ཟླ10པ)རྒྱབ་ཕྱོགས་ལས་གྲྭ་འཛུགས་སྐྲུན་པུའུ།(སྤྱི་ལོའི་ཟླ8པ)སློབ་གྲྭའི་དོ་དམ་པུའུ།(ལོ་ཟླ4པ)ལས་བྱེད་པའི་པུའུ།(ལོ་ཟླ10པ)ཕྱུགས་ནད་སྨན་བཅོས་ཅུས།(1959ལོའི་ཟླ1པོ) སྦྱོང་བརྡར་པུའུ(1959ལོའི་ཟླ3པ)བཅས་མེད་པར་བཟོས། 
          སྤྱི་ལོ1960ལོའི་ཟླ4པར། སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་དེ་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཞེས་པར་བསྒྱུར། 
          དམག་མཁོ་ཐོན་སྐྱེད་པུའུ་ཡི་མིང་གཞན་ལ་དམག་མཁོ་པུའུ།(1965ལོའི་ཟླ3པར) རླངས་འཁོར་འདྲུད་འཐེན་འཁོར་ལོ་དོ་དམ་པུའུ(ལོ་འདིའི་ཟླ་4)དང་། ཚན་རིག་ལག་རྩལ་པུའུ། (ལོ་དང་པོའི་ཟླ1པོ)(1965ལོའི་ཟླ4པ)དངོས་ཟོག་འཆར་གཞི་པུའུ་གཉིས་པ།(1965ལོའི་ཟླ་10པ) དངོས་ཟོག་འཆར་གཞི་པུའུ་དང་པོ།(ལོ་དང་པོའི་ཟླ་3པ) བཟོ་གྲྭ་དོ་དམ་པུའུ། དམག་རྟ་པུའུ།(སྤྱི་ལོའི་ཟླ་5པ) “རིག་གནས་གསར་བརྗེ་ཆེན་པོའི”སྔོན་ལ། སྤྱི་ཁྱབ་མཁོ་སྒྲུབ་པུའུ་རུ་དམག་སྤྱི་ཁང་དང་། ཆབ་སྲིད་པུའུ། ནོར་དོན་པུའུ། དམག་མཁོ་པུའུ། འཕྲོད་བསྟེན་པུའུ། རུ་མཚོན་པུའུ། སྐྱེལ་འདྲེན་པུའུ། པུའུ་དང་ཞང་པུའུ། སྒར་ཁང་། དམག་མཁོའི་ཐོན་སྐྱེད་པུའུ། དོ་དམ་ཅུའུ་སོགས་སྡེ་ཁག12བཙུགས་ཡོད། 
        “རིག་གནས་གསར་བརྗེ་ཆེན་པོའི”ནང་དུ། སྤྱི་ཁྱབ་མཁོ་སྒྲུབ་པུའུ་ཡི་འཛུགས་སྐྲུན་ལ་འགལ་རྐྱེན་དང་གཏོར་བརླག་ཐེབས། ། ལིན་པིའོ་དང་ཆིའུ་ཧུའེ་ཙུའོ་སོགས་ཀྱིས་དམག་གྲབས་ལ་ཤུགས་སྣོན་དང་ལས་ཁུངས་ཁུ་བསྡུ་བྱས་ཏེ། སྤྱི་ཁྱབ་རྒྱབ་ཕྱོགས་ཞབས་འདེགས་པུའུ་དང་གསར་བསྒྱུར་པུའུ་ཡི་སྔར་གྱི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་སྒྲིག་ཆས་འཆར་འགོད་པུའུ་དང་དམག་དོན་འགྲིམ་འགྲུལ་པུའུ་སོགས་པུའུ(ཅུས་)14ཟླ་སྒྲིལ་བཏང་ནས་པུའུ(ཅུས་)9རུ་བྱས། ནོར་དོན་དང་། དམག་མཁོ་དང་། གོ་མཚོན་སྒྲིག་ཆས་དང་། སྐྱེལ་འདྲེན། སྒྲིག་ཆས་བཅས་ཀྱི་འཆར་གཞི་ཁག3སྒྲིག་སྦྱོར་བྱས་ཡོད། དེས་སྒྲིག་གཞི་ལ་འགྱུར་བ་བྱུང་ནས་དེ་སྔའི་སྤྱི་ཁྱབ་མཁོ་འདོན་པུའུ་ལུགས་མཐུན་གྱི་རྩ་འཛུགས་སྒྲིག་སྲོལ་དང་། ལས་སྒོའི་དོ་དམ་འབྲེལ་བ་བཙུགས་ནས་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་འཛུགས་སྐྲུན་ཉམས་ཞན་དུ་བཏང་བས་ལས་དོན་མི་ཉུང་བ་ཞིག་སྤེལ་ཐབས་བྲལ། 

3 མགོ་ཁྲིད་རིམ་བྱོན། 

     དུས་ཚོད།                                                            མིང་།

སྤྱི་ལོ1949ལོའི་ཟླ11པར།                    དབྱང་ལི་སན་གྱི་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1950ལོའི་ཟླ5པར།                     ཧོ་ཁྲེང་དང་ཀྲང་ལིན་པིན(དེ་སྔའི་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་དམག་དོན་མཁོ་དགོས་པུའུ་ཡི་པུའུ་ཀྲང)གྱིས་པུའུ་ཀྲང་གཞོན་པའི་འགན་བཞེས།  

སྤྱི་ལོ1950ལོའི་ཟླ11པར།                   སུང་ཡུས་ཧོ། པུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ951ལོའི་ཟླ10པར།                   ཡུས་ཧོང་ཁེ་ཁྲེང་གིས་སྤྱི་ཁྱབ་རྒྱབ་ཕྱོགས་ལས་དོན་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1953ལོའི་ཟླ10པར།                 ཡུས་ཀྲོའུ་ཁྲུན་ཆོན་གྱིས་པུའུ་ཀྲང་གཞོན་པ་དང་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 

སྤྱི་ལོ1954ལོའི་ཟླ1པར།                   དབྱང་ལི་སན་གྱི་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1954ལོའི་ཟླ2པར།                   ཧུང་ཞུའེ་ཀྲིས་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1954ལོའི་ཟླ10པར།                 ཧོང་ཁེ་ཁྲེང་གིས་པུའུ་ཀྲང་དང་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1954ལོའི་ཟླ11པར།                 དབྱང་ལི་སན་གྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ1955ལོའིཟླ5པར།                   ལི་ཡའོ་ཡིས་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
        སྤྱི་ལོ1957ལོའི་ཟླ1པོར།                  ཁོང་གིས་སྤྱི་ཞབས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། 
        སྤྱི་ལོ1958ལོའི་ཟླ3པར།                  ཡུས་ཆིའུ་ལིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། 
        སྤྱི་ལོ1959ལོའི་ཟླ10པར།               ཆིའུ་ཧུའེ་ཡིས་པུའུ་ཀྲང་གི་འགན་བཞེས། 
        སྤྱི་ལོ1959ལོའི་ཟླ12པར།               ཕེང་ཅ་ཆིན་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
        སྤྱི་ལོ1960ལོའི་ཟླ12པར།               ཀྲོའུ་ཡུས་ཁྲེང་གིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
        སྤྱི་ལོ1962ལོའི་ཟླ10པར།               ཐང་ཕིང་དང་། ཀྲང་ཁྲེ་མིང་། ཧན་ཀྲེན་ཅི་བཅས་ཀྱི་པུའུ་ཀྲང་གཞོན་པ། 
        སྤྱི་ལོ1964ལོའི་ཟླ3པར།                 ཀྲང་ཐེན་ཡུན་གྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
        སྤྱི་ལོ1968ལོའི་ཟླ་9པར།                ཆིའུ་ཧུའེ་ཡིས་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གཞོན་པ་དང་སྤྱི་ཁྱབ་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། 
        སྤྱི་ལོ1969ལོའི་ཟླ9པར།                ཁྲེན་ཕང་དང་། ཝང་ཞི་ཁེ། དབྱི་ཝུན། ཧྥེང་ཡུང་ཧྲུན། ཀྲང་མིང་ཡོན། ཡན་ཅུན། ཏིང་ཞན་གོ་བཅས་ཀྱི་པུའུ་ཀྲང་གཞོན་པ།
        སྤྱི་ལོ1970ལོའི་ཟླ12པར།              ཆིའུ་ཁྲོང་ཁྲེང་གི་པུའུ་ཀྲང་གཞོན་པ། 
        སྤྱི་ལོ1972ལོའི་ཟླ11པར།              ལུའུ་ནན་ཆའོ་ཡིས་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
        སྤྱི་ལོ1973ལོའི་ཟླ6པར།                ཀྲང་ཙུང་ཞུན་གྱིས་པུའུ་ཀྲང་གི་འགན་བཞེས། 
        སྤྱི་ལོ1973ལོའི་ཟླ7པར།               ཀུའོ་ལིན་ཞང་དང་ཀྲང་ཁྲི་མིང་གིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།  ཞུས་པིན་དང་། ཀྲང་རུའུ་ཀོང་། ཀྲན་ཧའེ་ཡིན། སུན་ཧུང་ཀྲེན། ལིན་ཞུའེ་ཝུན་བཅས་པུའུ་ཀྲང་གཞོན་པ་དང་། ཁང་ལི་ཙེ་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
        སྤྱི་ལོ1973ལོའི་ཟླ10པར།            པེ་ཞང་གོ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། 
        སྤྱི་ལོ1975ལོའི་ཟླ5པར།              ཧོ་ཁྲེང་གིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
        སྤྱི་ལོ1975ལོའི་ཟླ8པར།             ཀུའུ་རའོ་ཀྲེང་ཞི་དང་། ཀྲང་ཀྲེན། ཀྲང་ཡོན་ཕེ། ལི་ཡོན་རེན་བཅས་ཀྱི་པུའུ་ཀྲང་གཞོན་པ་དང་། ལི་ཡའོ་དང་། ལི་ཞུའེ་སན། ཚའོ་སི་མིང་། ལི་ཀྲེན། པའེ་ཞང་གོ་བཅས་ཀྱི་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
        སྤྱི་ལོ1977ལོའི་ཟླ12པར།           ཝང་ཕིང་གིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།  རའོ་ཀྲེང་ཞི། ཀྲང་ཞན་ཡུའེ། ཧོ་པིའོ། ཧྥན་ཙི་ཡུས་བཅས་ཀྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། ལི་ཡའོ་རེན་ཆབ་སྲིད་ཨུ་ཡོན་གཞོན་པ། 
         སྤྱི་ལོ1980ལོའི་ཟླ5པར།              ཞུས་ཀོང་དབྱི་ཡིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ1980ལོའི་ཟླ12པར།            ཝང་ཀྲེང་ཀྲུའུ་པུའུ་ཀྲང་གཞོན་པ་དང་། ཁྲེན་དབྱི་ཆབ་སྲིད་ཨུ་ཡོན་གཞོན་པ། 
         སྤྱི་ལོ1982ལོའི་ཟླ12པར།            པེ་ཞང་གོ་དང་ཀྲང་ཞང་གཉིས་པུའུ་ཀྲང་གཞོན་པ། 
         སྤྱི་ལོ1985ལོའི་ཟླ3པར།              ཀྲའོ་ནན་ཆིས་པུའུ་ཀྲང་གཞོན་པ་དང་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས།  ལིའུ་མིན་ཧྥུ་དང་། ཀྲང་པིན། ཙུང་ཧྲུན་ལིའུ་པུའུ་ཡི་འགོ་འཛིན་གཞོན་པ། 
         སྤྱི་ལོ1987ལོའི་ཟླ11པར།            ཀྲའོ་ནན་ཆིས་པུའུ་ཀྲང་གི་འགན་བཞེས། ལིའུ་ཨན་ཡོན་གྱིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། 
         སྤྱི་ལོ1990ལོའི་ཟླ4པར།              ཀྲོའུ་ཁེ་ཡུས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། ལི་ཅིའུ་ལུང་གིས་པུའུ་ཀྲང་གཞོན་པའི་འགན་བཞེས། ཞུས་ཡིས་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་ཁུར། 
         སྤྱི་ལོ1992ལོའི་ཟླ10པར།            ཧྥུ་ཆོན་ཡིའུ(དེ་སྔའི་ལན་ཀྲོའུ་དམག་ཁུལ་ཁང་གི་དམག་སྤྱི)ཡིས་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་པུའུ་ཀྲང་། 
         སྤྱི་ལོ1992ལོའི་ཟླ11པར།            ཝང་ཐའེ་ལན་གྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ1993ལོའི་ཟླ12པར།            སུའུ་ཧྲུའུ་ཡན་དང་ཀྲོའུ་ཡིའུ་ལིའང་གཉིས་ཀྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ1994ལོའི་ཟླ12པར།            ཙའོ་ཅན་ཁྲང་དང་ཧྲེན་པིན་དབྱིས་པུའུ་ཀྲང་གཞོན་པའི་འགན་བཞེས།  དབྱང་ཏེ་ཆིན་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
         སྤྱི་ལོ1995ལོའི་ཟླ7པར།              ཀྲོའུ་ཁུན་རེན་གྱིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས། 
         སྤྱི་ལོ1995ལོའི་ཟླ9པར།              ཝང་ཁེ(དེ་སྔའི་ཧྲེན་དབྱང་དམག་ཁུལ་ཁང་གི་དམག་སྤྱི)ཡིས་སྤྱི་ཁྱབ་མཁོ་འདོན་པུའུ་ཡི་པུའུ་ཀྲང་། 
         སྤྱི་ལོ1996ལོའི་ཟླ7པར།              ཝུན་ཀོང་ཁྲུན་གྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ1999ལོའི་ཟླ5པར།              ཏུང་དབྱི་ཧྲེང་གིས་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས། 
         སྤྱི་ལོ1999ལོའི་ཟླ12པར།            སུན་ཀྲི་ཆང་གིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ2001ལོའི་ཟླ12པར།            ཝང་ཆན་གྱིས་པུའུ་ཀྲང་གཞོན་པའི་འགན་བཞེས། 
         སྤྱི་ལོ2002ལོའི་ཟླ11པར།            ལིའོ་ཞི་ལུང་གིས་ཙུང་ཆིན་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། 

དཔྱད་གཞིའི་ཡིག་ཆ།