སྤྱི་ལོ1931ལོའི་ཟླ11པའི་ཚེས25ཉིན། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་བཙུགས་པ་དང་། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རུའེ་ཅིན་དབྱང་ཞི་སྡེ་བར་བཅའ་སྡོད་བྱས།
སྤྱི་ལོ1932ལོའི་ཟླ1པོར། ཀྲུང་གོ་བཟོ་ཞིང་དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཞེས་པར་བསྒྱུར། རྒྱལ་ཡོངས་དམར་དམག་དང་ས་གནས་དམག་དཔུང་གི་ཆེས་མཐོའི་ཆབ་སྲིད་བྱ་བའི་འགོ་ཁྲིད་ལས་ཁུངས་ཡིན་ལ། ཀྲུང་གོ་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཐད་ཀར་ཀྲུང་གུང་ཀྲུང་དབྱང་དང་གནས་སྐབས་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་ལ་གཏོགས། རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། སྐུལ་སློང་པུའུ། དགྲ་བོའི་བཟོ་ལས་པུའུ། ན་གཞོན་པུའུ། 《སྐར་དམར》ཚགས་པར་ལས་ཁུངས་སོགས། དེ་གར་གཞུང་དོན་སྒྲུབ་པ་དང་གནས་སྡོད་བྱེད་མཁན་དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་ཀྲུའུ་རེན་ཝང་ཅ་ཞང་དང་། ཀྲུའུ་རེན་གཞོན་པ་ཧོ་ཁྲང་དང་དབྱང་ཧྲང་ཁུན། ཀྲུའུ་རེན་ལས་ཚབ་ཀུའུ་ཙུའོ་ལིན། དྲུང་ཡིག་ཆེན་མོ་ཞའོ་ཞང་རུང་དང《སྐར་དམར》ཞེས་པའི་ཚགས་པར་ཏེང་ཞའོ་ཕིན་སོགས་ཡོད།
སྤྱི་ལོ1932ལོའི་ཟླ2པར། ཀྲུང་གོ་བཟོ་ཞིང་དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་རུ་བསྒྱུར། སྤྱི་ལོ1932ལོའི་ཟླ6པར། ཀྲུང་གོ་བཟོ་ཞིང་དམར་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་དང་ཀྲུང་གོ་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱི་དམག་དཔུང་དང་མཉམ་དུ་མདུན་ཕྱོགས་སུ་བསྐྱོད།
སྤྱི་ལོ1933ལོའི་ཟླ6པར། ཀྲུང་གོ་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་དང་མཉམ་དུ་རུའེ་ཅིན་དུ་གནས་སྤོས་ཤིང་། ཁང་པ་དཀར་པོར་བཅའ་སྡོད་བྱས།
སྤྱི་ལོ1934ལོའི་ཟླ7པར་རུའེ་ཅིན་མེ་ཁེང་གྲོང་ཚོར་སྤོས།
སྤྱི་ལོ1935ལོའི་ཟླ11པར། ཀྲུང་ཧྭ་སུའུ་ཝེ་ཨེད་ནུབ་བྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཞེས་པར་བསྒྱུར།
སྤྱི་ལོ1937ལོའི་ཟླ8པའི་ཚེས25ཉིན། སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་མིང་ལ་དམག་སྡེ་བརྒྱད་པའི་ཆབ་སྲིད་པུའུ་ཞེས་པར་བསྒྱུར། ལོ་དེའི་ཟླ10བར། དམག་དཔུང་གི་ཆབ་སྲིད་བྱ་བའི་འགོ་ཁྲིད་གཅིག་གྱུར་དུང་ཤུགས་སྣོན་པའི་ཆེད་དུ། ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་མིང་སླར་གསོ་བྱས།
སྤྱི་ལོ1950ལོའི་ཟླ4བར། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་སྤྱི་ཁྱབ་ཆབ་སྲིད་པུའུ་ཞེས་པར་བསྒྱུར།
སྤྱི་ལོ1954ལོའི་ཟླ4བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་ཞེས་པར་མིང་བསྒྱུར།
སྤྱི་ལོ1967ལོའི་ཟླ11པར། སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་ཀྲུང་དབྱང་དམག་ཨུའི་ལས་སྒྲུབ་ཚོ་ཆུང་གི་ཚབ་བྱས།
སྤྱི་ལོ1969ལོའི་ཟླ1པར། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་གཞུང་ལས་སླར་གསོ་བྱེད་རྒྱུ་ཐག་བཅད།
སྤྱི་ལོ2016ལོའི་ཟླ་དང་པོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་འགན་ནུས་དང་ཁ་བྲལ་ནས་མིང་གསར་པ་ཁག་གཅིག་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ་རུ་བསྒྱུར་ཡོད། འགན་ནུས་ཁག་གཞན་ཞིག་དམག་དོན་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།
སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་ཐད་གཏོགས་ལས་ཁུངས་སུ་བཅིངས་འགྲོལ་དམག་གི་ཚགས་པར་ཁང་དང་། བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་། དམག་དོན་དངོས་མང་བཤམས་སྟོན་ཁང་། བརྒྱད་གཅིག་གློག་བརྙན་བཟོ་སྐྲུན་ཁང་། བཅིངས་འགྲོལ་དམག་གི་དཔེ་སྐྲུན་ཁང་། བཅིངས་འགྲོལ་དམག་གི་བརྙན་པར་ཁང་། བཅིངས་འགྲོལ་དམག་གི་རིག་རྩལ་ཁང་། བཅིངས་འགྲོལ་དམག་གི་རིག་རྩལ་ཚོགས་པ། གླུ་དབྱངས། སྐད་ཆ། བཅིངས་འགྲོལ་དམག་གི་བརྒྱད་གཅིག་བཟོ་ལས་རུ་ཆེན་དང་། དམག་དཔུང་། དེ་བཞིན་ཤིན་ཧྭ་གསར་འགྱུར་ཁང་གི་བཅིངས་འགྲོལ་དམག་ཡན་ལག་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་དམག་དོན་པུའུ། དམག་དོན་པུའུ་སོགས་ཡོད། ཤིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་། སྤྱིའི་ཆབ་སྲིད་པུའུ་བཅས་ཀྱི་འགན་ཅི་ལྕོགས་ཀྱིས་བཞེས་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་དངོས་གཞི་ཅན་གྱི་ནང་རྐྱེན་ད་གཟོད་རིམ་བཞིན་འཐུས་ཚང་དུ་གྱུར། མའོ་ཙེ་ཏུང་གིས་རྒྱལ་ཁབ་དབུ་བརྙེས་པའི་མཛུབ་སྟོན་གནང་དོན། ཆབ་སྲིད་བྱ་བ་ནི་རང་དམག་གི་སྲོག་རྩ་ཡིན། སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་གཞི་རྩའི་ལས་འགན་ནི། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་དང་མཛུབ་སྟོན་ལྟར། དམག་ཡོངས་ཀྱི་ཆབ་སྲིད་ལས་ཀའི་བྱེད་ཕྱོགས་དང་ལས་འགན་གཏན་ཁེལ་བྱས་ཏེ། དམག་ཡོངས་ཀྱི་རིམ་པ་སོ་སོའི་ཆབ་སྲིད་ལས་ཁུངས་དང་། ཏང་དང་སྡེ་ཚོགས་རྩ་འཛུགས། ཆབ་སྲིད་ལས་བྱེད་མི་སྣ་བཅས་ཀྱིས་ཏང་གི་ལས་ཀ་དང་ཆབ་སྲིད་ལས་ཀ་ལག་བསྟར་བྱེད་པར་མཛུབ་སྟོན་བྱས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། མཛུབ་སྟོན་བཅས་དམག་དཔུང་དུ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱ་དགོས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པར་འགན་ལེན་དང་། བསམ་བློ་དང་ཆབ་སྲིད་ཐད་དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་གཅིག་གྱུར་གྱིས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་ཤུགས་ཆེ་རུ་གཏོང་བ། དམག་དཔུང་གི་འཐབ་འཛིང་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དམག་དཔུང་ལ་སྤྲད་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བཅས་བྱེད་དགོས།
གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་སྔ་རྗེས་སུ་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས་པ་ནི། མའོ་ཙེ་ཏུང་དང་། ཝང་ཅ་ཡུས། ཁྲེན་ཁྲང་ཧའོ། ཀྲོའུ་དབྱི་ལི། ཧོ་ཁྲང་། ཀུའུ་ཙུའོ་ལིན། (ཚབ་བྱེད)ལི་ཧྥུ་ཁྲུན། (ཚབ་བྱེད)ཆིན་པང་ཞན། (ཚབ་བྱེད)དབྱང་ཧྲང་ཁུན། (ཚབ་བྱེད)རེན་པི་ཧྲི། ལིའུ་ཧྲའོ་ཆི་བཅས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྱི་སྐབས་རིམ་བྱུང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་གྲས་སུ་ལུའོ་རུང་ཧོན་དང་། ཐན་ཀྲེང་། ཞའོ་ཧྭ། ཁྲུའུ་ཧྲེང་། ཀྲང་ཁྲུན་ཆའོ། ཝེ་གོ་ཆིང་། ཡུས་ཆིའུ་ལི། དབྱང་པའེ་པིན། ཡུས་ཡུང་པོ་བཅས་བཞི་ཡོད།