རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-29 16:39ལ་འགྲུབ།

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་།

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་།
རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག་རྒྱལ་ཡོངས་རྒྱལ་སྲུང་སྐུལ་སློང་ལས་དོན་གཙོ་གཉེར་བྱེད་མཁན་གྱི་དོན་གྲོས་མཐུན་སྦྱོར་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家国防动员委员会
གཙོ་གཉེར་ལས་དོན།
རྒྱལ་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན།
ཕྱི་ཡིག་གི་མིང་།
National Defense Mobilization Committee
གཙོ་གཉེར་ལས་ཁུངས།
ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད།
བཙུགས་དུས།
སྤྱི་ལོ1994ལོའི་ཟླ11པ།
ཀྲུའུ་རེན།
ལི་ཁེ་ཆང་།
1 ​སྒྲིག་གཞི་ངོ་སྤྲོད། 

སྤྱི་ལོ1994ལོའི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་འོག་རྒྱལ་ཡོངས་རྒྱལ་སྲུང་སྐུལ་སློང་ལས་དོན་གཙོ་གཉེར་བྱེད་མཁན་གྱི་དོན་གྲོས་མཐུན་སྦྱོར་ལས་ཁུངས་ཤིག་ཡིན། 

2 འགན་འཛིན་མི་སྣ། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལི་ཁེ་ཆང་། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁྲང་ཝན་ཆོན། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཧྲེང་པིན། 

3   འོས་འགན་གཙོ་བོ། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་གཤམ་གསལ། 

འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ། རྒྱལ་སྲུང་སྐུལ་སློང་བྱ་བའི་ཁྲོད་དཔལ་འབྱོར་དང་དམག་དོན་བར། དམག་དཔུང་དང་སྲིད་གཞུང་བར། མི་ཤུགས་དང་དངོས་ཤུགས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ཏེ། རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཞི་འཐབ་བཅོས་སྒྱུར་གྱི་ནུས་པ་ཇེ་མཐོར་གཏོང་དགོས། 

4 འགན་འཁྲི་གཙོ་བོ། 

1.ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱལ་སྲུང་སྐུལ་སློང་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་། སྲིད་ཇུས། མཛུབ་སྟོན་བཅས་ལག་ལེན་མཐར་ཕྱིན་བསྟར་དགོས། 

2.རྒྱལ་སྲུང་སྐུལ་སློང་གི་ལས་ཀའི་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱེད་ཐབས་བཅས་བཟོ་འགོད་སྒྲིག་འཛུགས་བྱ་དགོས། 

3.རྒྱལ་སྲུང་སྐུལ་སློང་གི་འཆར་གཞི་དང་འཆར་གཞི་བཟོ་འགོད་སྒྲིག་འཛུགས་བྱ་དགོས། 

4.རྒྱལ་སྲུང་སྐུལ་སློང་གི་ཁྲིམས་སྲོལ་ལག་བསྟར་དང་རྒྱལ་སྲུང་སྐུལ་སློང་གི་འཆར་གཞི་ལག་བསྟར་བྱེད་པར་ཞིབ་བཤེར་དང་ལྟ་སྐུལ་བྱ་དགོས། 

5.དམག་དོན་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཐད་ཀྱི་རྒྱལ་སྲུང་སྐུལ་སློང་གི་ལས་ཀ་གལ་ཆེན་མཐུན་སྦྱོར་བྱ་དགོས། 

6.རྒྱལ་ཡོངས་ཀྱི་མི་དམངས་དྲག་དཔུང་སྐུལ་སློང་དང་། རྒྱལ་དམངས་དཔལ་འབྱོར་སྐུལ་སློང་། མི་དམངས་མཁའ་ཟོན། འགྲིམ་འགྲུལ་དམག་གྲབས་དང་རྒྱལ་སྲུང་སློབ་གསོ་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱ་དགོས།

7.ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བསྐུར་བའི་འགན་དབང་གཞན་དག་སྤྱོད་རྒྱུ། 

5   ཁོངས་མིའི་ཚན་པ། 

རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྡེ་ཚན་ལ། དམག་དཔུང་གི་སྤྱི་ཁྱབ་པུའུ་བཞི་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་། གོང་འཕེལ་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་།  སྡོད་ཁང་བཅས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒྲིག་ཁུངས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རིག་གནས་པུའུ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཅུས། བསྡོམས་རྩིས་ཅུས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ། 

དཔྱད་གཞིའི་ཡིག་ཆ།