ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-30 15:38ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཆོག་མཆན་བཀོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར་གཞིགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཙུགས་ཤིང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国家市场监督管理总局
ཕྱི་ཡིག་གི་མིང་།
State Administration for Market Regulation
བཙུགས་དུས།
སྤྱི་ལོ2018ལོའི་ཟླ3པའི་ཚེས21ཉིན།
1 ​ ལས་ཁུངས་འཛུགས་སྐྲུན། 

སྤྱི་ལོ2018ལོའི་ཟླ3པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིའི་ནང་། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་འཛིན་འགན་འཁྲི། ཚོང་དོན་པུའུ་གཉེར་སྐྱོང་གཅིག་སྡུད་ཁྲིམས་འཛིན་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒྲིག་ཨུད་གཞུང་དོན་ཁང་སོགས་ཀྱི་འགན་འཁྲི་བསྡུ་སྒྲིལ་བྱས་ནས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཙུགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞི་བྱས་པ་རེད། 
         རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཙུགས་ནས་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་ཅིང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་རིམ་པ་དབྱེ་ནས་དོ་དམ་བྱེད་པ་དང་། སྨན་རྫས་ལྟ་སྐུལ་དོ་དམ་སྒྲིག་གཞི་ཉིད་ཞིང་ཆེན་རིམ་པ་ཁོ་ནའི་མཚམས་སུ་བསྒྲིགས་པ་དང་། སྨན་རྫས་གཉེར་སྐྱོང་བྲིན་ཚོང་སོགས་ཀྱི་བྱེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱས་ནས། དེ་གྲོང་ཁྱེར་དང་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཅིག་གྱུར་ཐོག་འགན་འཁུར་བཞིན་ཡོད། 
         རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་མཚམས་འགྲོ་འོང་ཞིབ་དཔྱད་དང་ནད་ཡམས་བརྟག་ཞིབ་དོ་དམ་གྱི་འགན་འཁྲི་དང་དཔུང་ཁག་ནང་བཅུག་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒེར་སྡོམ་ལ་རྒོལ་བའི་་ཨུ་ཡོན་ལྷན་ཁང་སོར་བཞག་བྱས་ནས།  ལས་དོན་ཞིབ་ཕྲ་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒྲུབ་འགན་འཁུར་བ། རྒྱལ་ཁབ་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཁས་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དེ་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་བཅུག་ནས་ཕྱི་ཕྱོགས་སུ་སྒོ་བྱང་སོར་བཞག་བྱས།  
       རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་བསྐྱར་འཛུགས་བྱས་ཏེ་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱ་རྒྱུ་ཡིན་པ་རེད། 

2 འགན་འཁྲི་གཙོ་བོ། 

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་འགན་འཁྲི་ལག་བསྟར་གྱིས་ཏང་གིས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།   
    (གཅིག) ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། ཚོང་རར་ལྟ་སྐུལ་དོ་དམ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་འགོད་པ་དང་། འབྲེལ་ཡོད་ཀྱི་སྒྲིག་སྲོལ་དང་། སྲིད་ཇུས། ཚད་གཞི་བཅས་གཏན་འབེབས་བྱེད་པ། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་དང་། ཟས་རིགས་ཉེན་མེད་ཡོང་བའི་འཐབ་ཇུས། ཚད་ལྡན་ཅན་དུ་འགྱུར་བའི་འཐབ་ཇུས་བཅས་ལག་བསྟར་སྒྲིག་འཛུགས་བྱེད་པ། འབྲེལ་ཡོད་འཆར་འགོད་བཟོ་འགོད་དང་ལག་བསྟར་སྒྲིག་འཛུགས་བྱེད་པ། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་སྲུང་སྐྱོང་བྱེད་པ། གཞུང་དྲང་དང་དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཚོང་རའི་ཁོར་ཡུག་བསྐྲུན་དགོས། 
    (གཉིས) ཚོང་རའི་གྲུབ་ཆ་གཙོ་བོ་གཅིག་གྱུར་གྱིས་ཐོ་འགོད་བྱེད་པར་འགན་འཁུར་དགོས། རིགས་ཁག་གི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་སྡེ་ཚན། ཁེར་གཉེར་བཟོ་ཚོང་ཐེམ་དུད་བཅས་དང་དེ་བཞིན་ཕྱི་རྒྱལ(ས་ཁུལ)ཁེ་ལས་ཀྱི་རྒྱུན་སྡོད་འཐུས་ཚབ་ལས་ཁུངས་སོགས་ཚོང་རའི་བྱེད་པོའི་ཐོ་འགོད་ལས་ཀར་ཁྲིད་སྟོན་བྱ་དགོས། ཁྲོམ་རའི་བྱེད་པོའི་ཆ་འཕྲིན་ཡོངས་བསྒྲགས་དང་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་ཁྲིམས་ལྟར་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་དང་། མཉམ་སྤྱོད། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་བྱེད་པོའི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། 
    (གསུམ) ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་སྒྱུར་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་པར་འགན་འཁུར་རྒྱུ། ས་གནས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་བསྡུ་སྒྲིལ་དང་། འཛུགས་སྐྱོང་ལ་མཛུབ་ཁྲིད་བྱས་ནས་གཅིག་གྱུར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏོང་དགོས། ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་རྩད་ཞིབ་ཐག་གཅོད་བྱ་རྒྱུ་སྒྲིག་འཛུགས་བྱ་དགོས། ཚོང་རའི་ལྟ་སྐུལ་དོ་དམ་གྱི་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། 
    (བཞི) གཅིག་གྱུར་གྱིས་ཁྲིམས་བསྟར་བྱེད་པར་འགན་འཁུར་དགོས། འགྲན་རྩོད་སྲིད་ཇུས་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་དྲང་གཞག་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པར་མཛུབ་སྟོན་བྱ་དགོས། གཉེར་སྐྱོང་པ་གཅིག་བསྡུས་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་པ་དང་། སྒེར་སྡོམ་གྲོས་མཐུན་དང་། ཚོང་རའི་ཁ་ལོ་སྒྱུར་བའི་གནས་བབ་གང་བྱུང་དུ་སྤྱོད་པ། སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱད་དེ་ཕྱིར་འབུད་དང་འགྲན་རྩོད་ལ་ཚོད་འཛིན་སོགས་ཀྱི་ཁྲིམས་ལག་བསྟར་གྱིས་ལས་ཀར་འགན་འཁུར་དགོས། ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཞུ་གཏུག་དང་ལེན་བྱེད་པའི་ལས་ཀར་མཛུབ་སྟོན་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་ལས་ཀར་འགན་འཁུར་རྒྱུ། 
    (ལྔ) ཚོང་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱེད་པར་འགན་འཁུར་རྒྱུ། ཁྲིམས་ལྟར་ཚོང་རའི་ཉོ་འཚོང་དང་། དྲ་ཐོག་ཚོང་ཟོག་ཉོ་འཚོང་། འབྲེལ་ཡོད་ཞབས་ཞུ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་སྤྱོད་ལ་ཟེར། རིན་གོང་གི་རིན་བསྡུའི་ཁྲིམས་འགལ་སྒྲིག་འགལ་དང་། ཁྲིམས་འགལ་ཐད་ཚོང་། བརྒྱུད་འཚོང་། ཚོང་རྟགས་ཀྱི་ཆེད་ལས་ཤེས་བྱའི་ཐོན་དངོས་བདག་དབང་དང་བཟོ་འཚོང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་བཅས་ཞིབ་བཤེར་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་ལས་རིགས་གོང་དུ་སྤེལ་བར་ཁྲིད་སྟོན་དང་། མཚམས་སྦྱོར་བརྡ་ཁྱབ་ཀྱི་བྱེད་སྒོར་ལྟ་སྐུལ་དང་དོ་དམ་བྱེད་པ། དཔང་ཡིག་མེད་པའི་ཐོན་སྐྱེད་གཉེར་སྐྱོང་དང་འབྲེལ་ཡོད་དཔང་ཡིག་མེད་པའི་ཐོན་སྐྱེད་གཉེར་སྐྱོང་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ཁྲིད་སྟོན་བྱ་དགོས། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད། 
    (དྲུག) སྤྱི་ཁོག་གི་སྤུས་ཚད་དོ་དམ་བྱེད་པར་འགན་འཁུར་རྒྱུ། སྤུས་ཚད་འཕེལ་རྒྱས་གཏོང་བའི་ལམ་ལུགས་དང་བྱེད་ཐབས་བཟོ་འགོད་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཀོལ་སྤྱོད་གཅིག་གྱུར་འཆར་འགོད་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཟོ་སྐྲུན་སྒྲིག་ཆས་གལ་ཆེན་གྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་སྒྲིག་འཛུགས་བྱེད་པ། སྤུས་ཚད་ལས་འཛོལ་ཚབས་ཆེན་ལ་བརྟག་དཔྱད་བྱེད་པའི་སྒྲིག་འཛུགས་བྱེད་པ། སྐྱོན་ཆ་ཡོད་པའི་ཐོན་རྫས་ཀྱི་རྫུན་འགོག་ལམ་ལུགས་འཛུགས་པ་དང་གཅིག་གྱུར་གྱིས་ལག་བསྟར་བྱེད་པ། ཐོན་རྫས་ཀྱི་རྫུན་འགོག་ལས་དོན་ལ་ལྟ་སྐུལ་དོ་དམ་བཅས་བྱེད་དགོས། 
    (བདུན) ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བར་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་རྒྱུ། ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བར་ལྟ་སྐུལ་ཚོད་འཛིན་དང་། རྒྱལ་ཁབ་ཀྱིས་ལྟ་སྐུལ་དང་ཟུར་བཤེར་བྱེད་པའི་ལས་ཀར་དོ་དམ་གྱིས། སྤུས་ཚད་རིམ་དབྱེའི་ལམ་ལུགས་དང་སྤུས་ཚད་བདེ་འཇགས་ཁུངས་འདེད་ལམ་ལུགས་འཛུགས་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་དགོས། བཟོ་ལས་ཐོན་རྫས་ཐོན་སྐྱེད་དོ་དམ་བྱེད་པར་ཁྲིད་སྟོན་བྱ་དགོས། ཚི་སྣའི་སྤུས་ཚད་ལྟ་སྐུལ་ལས་དོན་ལ་འགན་འཁུར་རྒྱུ། 
    (བརྒྱད) དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་དང་ལྟ་སྐུལ་ལས་དོན་ལ་ཕྱོགས་བསྡུས་དོ་དམ་བྱེད་པ་དང་། དམིགས་བསལ་སྒྲིག་ཆས་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་ཚད་གཞི་དང་དྲོད་ཐབ་ཁོར་ཡུག་སྲུང་སྐྱོང་ཚད་གཞི་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། 
    (དགུ) ཟས་རིགས་གནོད་མེད་ལྟ་སྐུལ་དོ་དམ་ཕྱོགས་བསྡུས་མཐུན་སྦྱོར་བྱེད་འགན་འཁུར་དགོས། ཟས་རིགས་གནོད་མེད་སྐོར་གྱི་སྲིད་ཇུས་གལ་ཆེན་གཏན་འབེབས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་མ་ཟད་ལག་བསྟར་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས། ཟས་རིགས་གནོད་མེད་ཀྱི་འཕྲལ་བསྟུན་མ་ལག་འཛུགས་སྐྱོང་བྱེད་པར་འགན་འཁུར་རྒྱུ་དང་། ཟས་རིགས་གནོད་མེད་ཀྱི་དོན་རྐྱེན་གལ་ཆེན་བབ་བསྟུན་ཐག་གཅོད་དང་བརྟག་དཔྱད་ཐག་གཅོད་ལས་ཀ་སྒྲིག་འཛུགས་ཀྱིས་ཁྲིད་སྟོན་བྱ་དགོས། ཟས་རིགས་བདེ་འཇགས་ཀྱི་ཆ་འཕྲིན་གལ་ཆེན་ཐད་ཞུ་ལམ་ལུགས་འཛུགས་ནས་འཐུས་ཚང་དུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་གནོད་མེད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་སྒྲུབ་པར་འགན་འཁུར་དགོས། 
    (བཅུ) ཟས་རིགས་གནོད་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། ཟས་རིགས་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་ལམ་སྲོལ་འཛུགས་ཀྱིས་ལག་བསྟར་སྒྲིག་འཛུགས་བྱས་ཏེ་ས་ཁོངས་རང་བཞིན་དང་། རྒྱུད་རིམ་རང་བཞིན་གྱི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་བྱ་དགོས། ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཟས་རིགས་ཉེན་མེད་ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་དགོས། ཟས་རིགས་གནོད་མེད་ལྟ་སྐུལ་འཐེན་བཤེར་དང་། ཉེན་ཁ་ལྟ་ཞིབ་ཚད་ལེན། ཞིབ་བཤེར་ཐག་གཅོད། ཉེན་ཁའི་ཉེན་བརྡ་སྔོན་གཏོང་། ཉེན་ཁ་སྤེལ་རེས་བཅས་ཀྱི་ལས་ཀ་སྒྲིག་འཛུགས་བྱ་དགོས། ཟས་རིགས་དམིགས་བསལ་ཅན་ཐོ་འགོད་དང་། ཐོ་འགོད་སྙན་ཞུ། ལྟ་སྐུལ་དོ་དམ་བཅས་བྱེད་པའི་སྒྲིག་འཛུགས་བྱ་དགོས།  
    (བཅུ་གཅིག) ཚད་འཇལ་ལས་དོན་གཅིག་གྱུར་གྱིས་དོ་དམ་ལ་འགན་འཁུར་རྒྱུ། ཁྲིམས་བཀོད་ཚད་འཇལ་སྡེ་ཚན་དང་རྒྱལ་ཁབ་ཀྱི་ཚད་འཇལ་ལམ་ལུགས་ཁྱབ་སྤེལ་བཏང་ནས་ཚད་འཇལ་ཡོ་བྱད་དང་།འཇལ་གྲངས་བརྒྱུད་སྤྲོད་ཀྱིས་བསྡུར་གཞི་ཡོད་པའི་ལས་ཀར་དོ་དམ་བྱ་རྒྱུ། ཚོང་ཟོག་གི་གྲངས་ཚད་དང་ཚོང་རྭའི་ཚད་འཇལ་བྱ་བ་ཚད་ལྡན་དུ་འགྱུར་བར་ལྟ་སྐུལ་བྱ་དགོས། 
    (བཅུ་གཉིས) ཚད་ལྡན་ཅན་གྱི་ལས་དོན་ལ་གཅིག་གྱུར་དོ་དམ་བྱེད་པར་འགན་འཁུར་རྒྱུ། ཁྲིམས་ལྟར་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་འཛུགས་པ་དང་། ཨང་གྲངས། ཕྱི་ཕྱོགས་ལ་བརྡ་ཁྱབ་གཏོང་བ། དབང་ཆ་བསྐུར་བ་བཅས་ཀྱི་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་བྱེད་པའི་ལས་ཀ་སྒྲུབ་འགན་འཁུར་དགོས། ངོ་བོ་ལྡན་པའི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་དགོས། ལས་རིགས་ཀྱི་ཚད་གཞི། ས་གནས་ཀྱི་ཚད་གཞི། ཚོགས་པའི་ཚད་གཞི་བཅས་གཏན་འབེབས་བྱེད་པའི་ལས་ཀར་ཁྲིམས་ལྟར་མཐུན་སྦྱོར་དང་ཁྲིད་སྟོན་ལྟ་སྐུལ་བྱ་དགོས། ཚད་ལྡན་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་ཚད་གཞིའི་ལས་དོན་ནང་ཞུགས་པ་དང་བཀོལ་སྤྱོད་བྱེད་པའི་སྒྲིག་འཛུགས་བྱ་དགོས། 
    (བཅུ་གསུམ) ཞིབ་བཤེར་ཞིབ་དཔྱད་ལས་དོན་ལ་གཅིག་གྱུར་དོ་དམ་བྱེད་པར་འགན་འཁུར་རྒྱུ། བརྟག་བཤེར་ཞིབ་དཔྱད་སྒྲིག་གཞི་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་ཞིབ་དཔྱད་ཚོང་ར་ཚད་ལྡན་དུ་གཏོང་བ། ཞིབ་བཤེར་ཞིབ་དཔྱད་མ་ལག་འཐུས་ཚང་དུ་གཏོང་བ། མཐུན་སྦྱོར་བརྟག་བཤེར་ཞིབ་དཔྱད་ལས་རིགས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བཅས་བྱ་དགོས། 
    (བཅུ་བཞི) རྒྱལ་ཡོངས་ཀྱི་ཁས་ལེན་དཔང་འདོན་གྱི་ལས་ཀར་གཅིག་གྱུར་གྱིས་དོ་དམ་དང་། ལྟ་སྐུལ། ཕྱོགས་བསྡུས་མཐུན་སྦྱོར་བཅས་བྱེད་འགན་འཁུར་རྒྱུ། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་དངོས་དཔང་བདེན་པ་ཡིན་པ་ར་སྤྲོད་ཁས་ལེན་དང་། ཚད་ལོན་དཔྱད་བསྡུར་གཏན་འབེབས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། 
    (བཅོ་ལྔ) ཚོང་རས་ཚན་རྩལ་དང་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་། གསར་འགྱུར་དྲིལ་བསྒྲགས། མཉམ་ལས་བཅས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། གཏན་འབེབས་ལྟར་ལག་རྩལ་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་ཀྱི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་དགོས། 
    (བཅུ་དྲུག) རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ལ་དོ་དམ་བྱ་རྒྱུ། 
    (བཅུ་བདུན) ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས། 
    (བཅོ་བརྒྱད) འགན་ནུས་བསྒྱུར་བ། 
    1. སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་དང་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་ལ་སྐུལ་མ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཐོན་རྫས་སྤུས་ཚད་བདེ་འཇགས་ལས་འཛོལ་བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས་དང་གཉེར་སྐྱོང་པས་ཐོག་མའི་འདྲི་རྩད་དང་སྐྱིན་ཚབ་་སྔོན་ལ་སྤྲོད་པའི་ལམ་ལུགས་གང་མགྱོགས་འཛུགས་པ་དང་། ཕྱོགས་གསུམ་པའི་སྤུས་ཚད་གདེང་འཇོག་གསར་གཏོད་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་མཁན་གྱི་འགན་འཁྲི་ཆེ་རུ་གཏོང་བ། སྔོན་ཐོན་གྱི་སྤུས་ཚད་དོ་དམ་བྱ་ཐབས་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུའི་ཚད་གཞི་ཡོངས་བསྒྲགས་དང་ཡོངས་བསྒྲགས་བྱ་རྒྱུ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལག་རྩལ་སྔོན་ཐོན་གྱི་ཚོགས་པའི་ཚད་གཞི་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། རྒྱལ་སྤྱིའི་ཐོག་རྒྱལ་ནང་གི་ཚད་གཞིའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚད་ལྡན་ཅན་གྱི་ཐོག་ནས་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། 
    2.ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཀྱི་མིང་ཞིབ་མཆན་འགོད་པ་དང་ཁྲོམ་རའི་བྱེད་པོ་ཕྱིར་འཐེན་བྱེད་པ་སོགས་ཀྱི་ལམ་ལུགས་སྒྱུར་བཅོས་བྱེད་པ། “ལག་ཁྱེར་དང་ལག་ཁྱེར་ལོགས་སུ་འབྱེད་པའི”སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “ལག་ཁྱེར་རྗེས་ཀྱི་ལག་ཁྱེར་ཉུང་གཏོང་”ལ་སྐུལ་འདེད་གཏོང་བ། ཁེ་ལས་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱེད་དགོས། བརྟག་བཤེར་ཞིབ་དཔྱད་སྒྲིག་གཞི་ཚོང་ར་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་དགོས། ཚད་གཞི་ལོན་པ་དང་། བྱ་དགའ་གཏན་འཁེལ་བྱེད་པ། དཔེ་སྟོན་གསར་འཛུགས་བྱེད་པ་སོགས་ཀྱི་བྱེད་སྒོ་སྔར་བས་ཉུང་དུ་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་ཉུང་དུ་གཏོང་བ། བཟོ་ལས་ཐོན་རྫས་ཐོན་སྐྱེད་དཔང་ཡིག་ཉུང་འཕྲི་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། 
    3.བདེ་འཇགས་ཀྱི་གཞི་ཐིག་ནན་སྲུང་། “ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས”བཅས་ཀྱི་བླང་བྱ་གཞིར་བཟུང་བཟའ་བཅའི་བདེ་འཇགས་དང་། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་བཅས་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། ས་གནས་དག་ཏུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ལ་ཆད་པ་ནན་པོ་གཅོད་པ། འགོག་ཟོན་མ་ལག་ནུས་ལྡན་བཅས་བྱེད་དགོས། 

3 ནང་གི་སྒྲིག་གཞི། 

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་གཤམ་གསལ་སྒྲིག་གཞི་འཛུགས་རྒྱུ་སྟེ། 

(གཅིག) གཞུང་ལས་ཐིང་། འགན་འཁུར་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་དང་། ཆ་འཕྲིན་དང་། བདེ་འཇགས། གསང་དོན། ཡིག་སྐུར་ངོ་གཏུག སྲིད་དོན་ཡོངས་བསྒྲགས། ཆ་འཕྲིན་ཅན་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་ཐད་ཀྱི་འཕྲལ་སྡོམ་ཐག་གཅོད་དང་བརྟག་དཔྱད་ཐག་གཅོད་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་པ་རེད། 
            (གཉིས) ཕྱོགས་བསྡུས་འཆར་འགོད་སི། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ཐད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་དང་ཕྱོགས་བསྡུས་དབྱེ་ཞིབ་སྒྲིག་འཛུགས་བྱས། ཚོང་རར་ལྟ་སྐུལ་དང་དོ་དམ་བྱ་རྒྱུའི་དུས་ཡུན་འབྲིང་རིང་གི་འཆར་གཞི་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ་དགོས། གལ་ཆེའི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཆ་དང་ཟིན་བྲིས་འཆར་ཟིན་འགོད་པའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས། ཚོང་རར་ལྟ་སྐུལ་དང་དོ་དམ་བྱེད་པའི་བསྡོམས་རྩིས་ལས་ཀ་སྒྲུབ་འགན་འཁུར་བ་མ་ཟད་དེར་སློབ་སྟོན་ཡང་བྱ། 
        (གསུམ) ཁྲིམས་སྲོལ་ཟི། ཚོང་རར་ལྟ་སྐུལ་དང་དོ་དམ་བྱ་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཆར་ཟིན་སྒྲིག་སྲོལ་གྱི་ལས་དོན་སྒྲིག་འཛུགས་བྱེད་འགན་འཁུར་དགོས། ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་གྲོས་ཆོད་དང་། གྲོས་མཐུན་བཅས་ཀྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་འགན་འཁུར་རྒྱུ། ཁྲིམས་ལྟར་ལག་བསྟར་གོ་རིམ་ཇུས་འགོད་དང་། རང་མོས་གཅོད་འཇལ་དབང་ཆ་ཚད་ལྡན་བཟོ་བ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བཅས་ཀྱི་ལས་འགན་འཁུར་དགོས། སྲིད་འཛིན་བསྐྱར་གྲོས་དང་། སྲིད་འཛིན་ཞུ་ལན་འདེབས་པ། སྲིད་འཛིན་སྐྱིན་ཚབ་འཇལ་བ་བཅས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་བའམ་དེའི་ནང་ཞུགས་པ། འབྲེལ་ཡོད་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས། 
           (བཞི) ཁྲིམས་བསྟར་ཞིབ་བཤེར་ཅུས། ཚོང་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་དང་གྱོད་དོན་ཞིབ་བཤེར་ཐག་གཅོད་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། ཚོང་རའི་གྲུབ་ཆ་གཙོ་བོ་འཐུས་ཚང་དང་། ཐོན་སྐྱེད། གཉེར་སྐྱོང་། ཉོ་ཚོང་བཅས་ཀྱི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་དང་གྱོད་གཞི་ཞིབ་གཅོད་ལས་ཀར་མཛུབ་སྟོན་དང་ཐག་གཅོད་བྱ་དགོས། རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་ཤུགས་རྐྱེན་ནམ་ཡང་ན་ཞིང་ཆེན(རང་སྐྱོང་ལྗོངས་དང་། ཐད་སྐྱོང་གྲོང་ཁྱེར)ལས་བརྒལ་བའི་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་ཞིབ་གཅོད་དང་། ལྟ་སྐུལ་སྒྲིག་འཛུགས་བྱེད་པར་འགན་འཁུར་དགོས། ས་གནས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། 
         (ལྔ) གཞུང་སར་ཐོ་འགོད་ཅུས(ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁེ་གཉེར་བཟོ་ཚོང་ཁྱིམ་དུད་ཀྱི་ཆེད་ལས་ཚོང་རའི་ཏང་སྐྱོང་ལས་ཀའི་གཞུང་ལས་ཁང) ཚོང་རའི་གྲུབ་ཆ་གཙོ་བོ་གཅིག་གྱུར་གྱིས་ཐོ་འགོད་དང་ལས་གཉེར་འཐུས་ཚང་དཔང་ཡིག་དཔྱད་སྤྲོད་བྱེད་པའི་ལམ་ལུགས་དང་བྱེད་ཐབས་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་ལ་མཛུབ་སྟོན་ཡང་བྱ་དགོས། ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་གྱི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་དགོས། ཐོ་འགོད་བྱས་པའི་ཆ་འཕྲིན་ལ་དབྱེ་ཞིབ་དང་ཡོངས་བསྒྲགས་བྱེད་པའི་ལས་ཀ་སྒྲུབ་འགན་འཁུར་དགོས། ཚོང་རར་ལྟ་སྐུལ་དང་དོ་དམ་བྱེད་པའི་ཐད་ཀྱི་སྲིད་འཛིན་བཀའ་འཁྲོལ་མཛུབ་སྟོན་བྱ་དགོས། ཁེ་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་སྐྱོར་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མིང་གཞུང་འཛུགས་པའི་ལས་ཀ་སྒྲུབ་པར་འགན་འཁུར་དགོས། ཀྲུང་དབྱང་རྩ་འཛུགས་པུའི་མཛུབ་ཁྲིད་འོག་ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཏང་ཨུད་རྩ་འཛུགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཁེ་ལས་ཆུང་གྲས་དང་། ཆེས་ཆུང་གྲས། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཆེད་ལས་ཁྲོམ་ར་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། 
        (དྲུག) ཡིད་རྟོན་ལྟ་སྐུལ་དོ་དམ་ཟི་བཅས་ཡིན། ཡིད་རྟོན་ལྟ་སྐུལ་དོ་དམ་ལམ་ལུགས་དང་བྱ་ཐབས་བཟོ་བ། ཚོང་རའི་བྱེད་པོའི་ཐོ་འགོད་བྱ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། ཡིད་རྟོན་དང་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་འཛུགས་སྐྲུན་དང་དོ་དམ་གྱི་ལས་འགན་འཁུར་དགོས། གཉེར་སྐྱོང་གི་རྒྱུན་གཏན་མིན་པའི་མིང་གཞུང་དང“མིང་ཐོ་ནག་པོ”བཟོས་ནས་ཁྲོམ་རའི་བྱེད་པོའི་ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་དང་ཡོངས་བསྒྲགས་ཆ་འཕྲིན་གཅིག་སྡུད་མཉམ་སྤྱོད་དང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་མཐུན་སྦྱོར་འབྲེལ་གཏུག་ལས་དོན་གྱི་འགན་འཁུར་དགོས། 
        (བདུན) ལམ་ལུགས་ཀྱི་བྱེད་ཐབས་དང་ཕྱོགས་སྟོན་བཟོས་ནས་ཁྲིམས་འཛིན་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཞུ་གཏུག་དང་ལེན་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུའི་འགན་འཁུར་དགོས། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་པ་རེད། ཁྲིམས་འཛིན་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ། 
        (བརྒྱད) རིན་གོང་ལྟ་སྐུལ་ཞིབ་བཤེར་དང་ངོ་རྒོལ་ཅུས(ཐད་འཚོང་ཚད་ལྡན་དང་བརྒྱུད་འཚོང་ལ་རྡུང་རྡེག་གཏོང་བའི་གཞུང་ལས་ཁང) རིན་གོང་གི་རིན་དངུལ་བསྡུ་བར་ལྟ་སྐུལ་ཞིབ་བཤེར་དང་། ལམ་ལུགས་དང་། བྱེད་ཐབས། སྒྲིག་སྲོལ་གྱི་ཕྱོགས་སྟོན་བཅས་གཏན་འབེབས་བྱས། ཞབས་ཞུའི་རིན་གོང་དང་དེ་བཞིན་རྒྱལ་ཁབ་ཀྱི་ལས་ཁུངས་དང་བྱ་ལས་རང་བཞིན་གྱི་རིན་དངུལ་བསྡུ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་ལས་ཀ་སྒྲིག་འཛུགས་བྱ་དགོས། རིན་གོང་གི་རིན་བསྡུའི་ཁྲིམས་འགལ་དང་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། ཐད་འཚོང་ཁེ་ལས་དང་། ཐད་འཚོང་བ་བཅས་དང་དེ་བཞིན་ཐད་འཚོང་བྱེད་སྒོར་ལྟ་སྐུལ་དོ་དམ་དང་བརྒྱུད་འཚོང་བྱ་བར་རྡུང་རྡེག་གཏོང་འགན་འཁུར་དགོས། 
        (དགུ) དྲ་ཐོག་ཉོ་ཚོང་ལྟ་སྐུལ་དོ་དམ་ཟི། དྲ་ཐོག་ཚོང་ཟོག་ཉོ་ཚོང་དང་དེ་བཞིན་འབྲེལ་ཡོད་ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱ་དགོས། དྲ་རྒྱའི་ཁྲོམ་རའི་སྲིད་འཛིན་ཁྲིམས་འཛིན་ལས་དོན་སྒྲིག་འཛུགས་དང་མཛུབ་ཁྲིད་མཐུན་སྦྱོར་བྱེད་དགོས། དྲ་སྦྲེལ་ཉོ་འཚོང་ལས་སྟེགས་དང་དྲ་སྦྲེལ་གཉེར་སྐྱོང་བྱེད་པོ་ཚད་ལྡན་དུ་གཏོང་བའི་དོ་དམ་ལས་ཀ་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། དྲ་རྒྱའི་ཁྲོམ་རའི་ལྟ་ཞིབ་ཚད་ལེན་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། བཅའ་ཁྲིམས་ལྟར་གན་རྒྱ་ལག་བསྟར་བྱ་རྒྱུ་དང་། རིན་གོང་གང་མཐོར་འཚོང་བའི་དངུལ་ཁང་གིས་ལྟ་སྐུལ་དོ་དམ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་ཉེར་སྤྱོད་ནོར་རྫས་ཀྱི་གཏའ་མ་ཐོ་འགོད་བྱེད་པར་དོ་དམ་བྱ་རྒྱུ། འཛད་སྤྱོད་ཁོར་ཡུག་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་བྱ་དགོས། 
        (བཅུ) མཚམས་སྦྱོར་བརྡ་ཁྱབ་ལྟ་སྐུལ་དོ་དམ་ཟི་བཅས་ཡིན། མཚམས་སྦྱོར་བརྡ་ཁྱབ་ལས་རིགས་གོང་དུ་སྤེལ་བའི་འཆར་གཞི་དང་སྲིད་ཇུས་བཟོ་འགོད་བྱ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ། མཚམས་སྦྱོར་བརྡ་ཁྱབ་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་དང་བྱེད་ཐབས་གཏན་འབེབས་བྱེད་པ་དང་། སྨན་རྫས་དང་། ལུས་ཁམས་བདེ་སྲུང་ཟས་རིགས། སྨན་བཅོས་ཡོ་བྱད། དམིགས་བསལ་གསོ་རིག་གི་སྤྱོད་སྒོ་ལྡན་པའི་སྡེབ་སྦྱོར་ཟས་རིགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་ལ་ཞིབ་བཤེར་བྱེད་པའི་ལས་ཀ་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་སྣ་ཚོགས་སྤེལ་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་སྒྲིག་འཛུགས་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་རྫུན་མ་སོགས་ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པའི་སྒྲིག་འཛུགས་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་ཞིབ་བཤེར་ལས་ཁུངས་དང་མཚམས་སྦྱོར་བརྡ་ཁྱབ་ལས་རིགས་རྩ་འཛུགས་ཀྱི་ལས་ཀར་ཁྲིད་སྟོན་བྱ་དགོས། 
         (བཅུ་གཅིག) སྤུས་ཚད་འཕེལ་རྒྱས་ཅུས། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤུས་ཚད་དང་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར་འཆར་འགོད་བྱེད་པའི་མཐུན་སྦྱོར་ཞབས་ཞུ་དང་བཀོལ་སྤྱོད་ལས་ཀ་སྒྲུབ་འགན་འཁུར་བ། སྤུས་ཚད་ལ་བརྟེན་ནས་སྐུལ་མ་གཏོང་བའི་ལམ་ལུགས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལམ་ལུགས་དང་། ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བའི་དོན་རྐྱེན་བཙན་ཤེད་ཀྱིས་སྙན་སེང་ཞུ་བའི་ལམ་ལུགས། སྐྱོན་ཆ་ཡོད་པའི་ཐོན་རྫས་ལྐོག་ཞུ་བྱེད་པའི་ལམ་ལུགས་བཅས་གཏན་འབེབས་དང་ལག་བསྟར་བྱེད་པ་དང་། ལས་གྲྭའི་སྒྲིག་ཆས་གལ་ཆེན་གྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་དང་ཐོན་རྫས་རྫུན་འགོག་གི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། ཞབས་ཞུའི་སྤུས་ཚད་ལ་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་བྱེད་པ། སྤུས་ཚད་ཀྱི་བྱུར་ཉེས་ཚབས་ཆེན་བརྟག་དཔྱད་བྱ་རྒྱུ་སྒྲིག་འཛུགས་བཅས་བྱ་དགོས། 
         (བཅུ་གཉིས) ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་སི་བཅས་སོ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་ལྟ་སྐུལ་བྱེད་པའི་ཐོན་རྫས་ཀྱི་དཀར་ཆག་བཟོ་རྒྱུ་མ་ཟད་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་ཀྱང་བྱ། ཐོན་རྫས་ཀྱི་སྤུས་ཀར་རྒྱལ་ཁབ་ཀྱིས་ལྟ་སྐུལ་དང་ཟུར་བཤེར། ཉེན་ཁར་ལྟ་སྐུལ་དང་ཚོད་འཛིན། རིགས་འབྱེད་ལྟ་སྐུལ་བཅས་བྱེད་འགན་འཁུར། ཐོན་རྫས་ཀྱི་སྤུས་ཚད་ལ་ཁྲིད་སྟོན་དང་མཐུན་སྦྱོར་བྱེད་པའི་ལས་རིགས་དང་། ས་གནས། ཆེད་ལས་བཅས་ཀྱི་རང་བཞིན་ལྡན་པའི་ལྟ་སྐུལ་བྱ། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་དོ་དམ་དང་ཟས་རིགས་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར། སྲིང་བལ་སོགས་ཚི་སྣའི་སྤུས་ཚད་ལྟ་སྐུལ་ལས་དོན་ལ་འགན་འཁུར་དགོས། 
          (བཅུ་གསུམ) ཟས་རིགས་བདེ་འཇགས་མཐུན་སྦྱོར་སི། ཟས་རིགས་ཉེན་མེད་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་གཏན་འབེབས་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། བཟའ་བཅའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་བཟའ་བཅའི་བདེ་འཇགས་སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་གནོད་མེད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་སྒྲུབ་པར་འགན་འཁུར། 
       (བཅུ་བཞི) ཟས་རིགས་ཐོན་སྐྱེད་བདེ་འཇགས་ལྟ་སྐུལ་དོ་དམ་ཟི་བཅས་སོ། ། ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཟས་རིགས་གནོད་མེད་གནས་བབ་ལ་དབྱེ་ཞིབ་དང་། ཁོང་དུ་ཆུད་པ། ཟས་རིགས་ཐོན་སྐྱེད་ལྟ་སྐུལ་དོ་དམ། ཟས་རིགས་ཐོན་སྐྱེད་བྱེད་མཁན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་ལུགས་དང་བྱེད་ཐབས་བཟོ་འགོད་བྱེད་པ་མ་ཟད་ལག་བསྟར་སྒྲིག་འཛུགས་ཀྱང་བྱ་དགོས། ཐོན་སྐྱེད་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་སྒྲིག་འཛུགས་བྱས་ཡོད། ཟས་རིགས་ཐོན་སྐྱེད་ཁེ་ལས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་དང་། འབྲེལ་ཡོད་ཁྲིམས་འགལ་གྱི་བྱ་སྤྱོད་གལ་ཆེན་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས། ཁེ་ལས་ལ་ཟས་རིགས་བདེ་འཇགས་ཁུངས་འདེད་ཆོག་པའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱ་དགོས། 
       (བཅོ་ལྔ) ཟས་རིགས་གཉེར་སྐྱོང་བདེ་འཇགས་ལྟ་སྐུལ་དོ་དམ་ཟི་བཅས་ཡིན། འཁོར་རྒྱུག་དང་བཟའ་བཏུང་ཞབས་ཞུའི་ཁྱབ་ཁོངས་ཀྱི་བཟའ་བཅའི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་ཁོང་དུ་ཆུད་པ་བྱས་ཏེ་བཟའ་བཅའི་འཁོར་རྒྱུག་དང་། བཟའ་བཏུང་ཞབས་ཞུ། ཁྲོམ་རའི་ཐོག་བཟའ་བྱའི་ཞིང་ལས་ཐོན་རྫས་ལ་ལྟ་སྐུལ་དོ་དམ་དང་བཟའ་བཅའ་གཉེར་སྐྱོང་བྱེད་མཁན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་ལུགས་དང་བྱ་ཐབས་བཟོས་ནས་ལག་བསྟར་སྒྲིག་འཛུགས་བྱེད་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་དགོས། གཉེར་སྐྱོང་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་སྒྲིག་འཛུགས་བྱས་ཡོད། བཟའ་བཏུང་གི་སྤུས་ཚད་བདེ་འཇགས་མཐོ་རུ་གཏོང་བའི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། བྱེད་སྒོ་གལ་ཆེན་གྱི་ཟས་རིགས་བདེ་འཇགས་འགན་སྲུང་བྱ་བར་མཛུབ་སྟོན་བྱ་དགོས། འབྲེལ་ཡོད་ཁྲིམས་འགལ་གྱི་བྱ་སྤྱོད་གལ་ཆེན་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས། 
         (བཅུ་དྲུག) དམིགས་བསལ་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཟི། ལུས་ཁམས་བདེ་སྲུང་ཟས་རིགས་དང་དམིགས་བསལ་གསོ་རིག་གི་སྤྱོད་སྒོ་ལྡན་པའི་སྡེབ་སྦྱོར་ཟས་རིགས་དང་སྡེབ་སྦྱོར་འོ་རྩམ་སོགས་དམིགས་བསལ་ཟས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་དང་ཁོང་དུ་ཆུད་པར་བྱས་ཏེ། འཆར་འགོད་བྱ་དགོས། 

4 མི་སྣའི་སྒྲིག་ཁོངས། 

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས805(དེའི་ནང་ཨུ་ལྷན་གཉིས་ཀྱི་མི་སྣའི་སྒྲིག་ཁོངས2དང་། རོགས་སྐྱོར་ཤོག་ཁག་གི་སྐབས་བསྟུན་སྒྲིག་ཁོངས3ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ15བཅས་ཚུད)ཚུད་ཡོད། ཅུས་ཀྲང1དང་། ཅུས་ཀྲང་གཞོན་པ། ཟི་ཅུས་རིམ་པའི་འགོ་ཁྲིད་མི་གྲངས120(བཟའ་བཅའི་བདེ་འཇགས་ཀྱི་འགོ་ཁྲིད་མི་གྲངས་1དང་། སྤྱི་ཁྱབ་བཟོ་བཀོད་པ1ཁྲོམ་རའི་ཞིབ་བཤེར་ཀྲོན་ཡོན4ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་གཅིག་ལས་འཁྱུར་ངལ་གསོ་ལས་བྱེད་པའི་གཞུང་ལས་ཁང་གི་འགོ་ཁྲིད་མི་གྲངས2བཅས་ཚུད་ཡོད) 
              རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཁོངས་གཏོགས་བྱ་ལས་སྡེ་ཚན་འཛུགས་རྒྱུ་དང་། འགན་འཁྲི་དང་སྒྲིག་ཁོངས་དོན་དག་བཅས་ལོགས་སུ་གཏན་འབེབས་བྱ་རྒྱུ། 

5 འགན་བཞེས་འགོ་ཁྲིད། 

ཞའོ་ཡ་ཆིང་གིས། རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་དང་ཏང་ཙུའི་ཧྲུའུ་ཅི། 

ཀན་ལིན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ། 
        ཐང་ཅུན། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 
        ཐེན་ཧྲི་ཧུང་གིས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། 
        ལིའུ་ཧྲེ་ཡིས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི། 
        སུན་མེ་ཅུན་གྱིས། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 
        ཆིན་དབྱི་ཀྲིས་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ(ཀྲེང་ཙེ)དང་ཏང་ཙུའུ་ཡི་ཁོངས་མི། 
        ཧྲེན་ཁྲང་ཡུས། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི། 
        ལི་ལི། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ། 
        ཅའོ་ཧུང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་། 

དཔྱད་གཞིའི་ཡིག་ཆ།