ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-10-31 15:15ལ་འགྲུབ།

ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།

ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།
རྒྱལ་ཁབ་གསང་སྲུང་ཅུས་ནི་སྲིད་གཞུང་ལས་ཁུངས་སོ་སོས《གསང་སྲུང་བཅའ་ཁྲིམས》ལག་བསྟར་བྱེད་པར་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央保密委员会办公室
ད་ལྟའི་འགན་བཞེས་ཀྲུའུ་རེན།
མེང་ཞང་ཧྥེང་།
ངོ་བོ།
ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས།
འགན་འཁྲི།
《གསང་སྲུང་བཅའ་ཁྲིམས》ལ་ལྟ་སྐུལ་དང་ཞིབ་བཤེར།
1 ​ དབང་ཆ། 

རྒྱལ་ཁབ་གསང་སྲུང་ཅུས་ནི་སྲིད་གཞུང་ལས་ཁུངས་སོ་སོས《གསང་སྲུང་བཅའ་ཁྲིམས》ལག་བསྟར་བྱེད་པའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཅིག་ཡིན་ལ། དེས་སྲིད་གཞུང་ལས་ཁུངས་ཀྱི་ཡིག་ཆ་སྣ་ཚོགས་དང་། སྙན་ཞུ། བསྡོམས་རྩིས་གཞི་གྲངས་སོགས་གསང་བའི་རིམ་པ་གསལ་བོར་བྱས་ཆོག དེ་དང་ཆབས་ཅིག་གསང་བ་ཡན་གྱི་ཡིག་ཆ་དང་སྡེ་ཚན་ཚང་མར་ལྟ་ཞིབ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱི་དབང་ཆ་སྤྱད་དེ་སྡེ་ཚན་དེས《གསང་སྲུང་བཅའ་ཁྲིམས》ཀྱི་བླང་བྱ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 
    

2 འགན་འཁྲི།

རྒྱལ་ཁབ་གསང་སྲུང་ཅུས་ནི་གསང་སྲུང་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཤིག་ཡིན་ལ། ཁྲིམས་ལྟར་གསང་སྲུང་ལས་དོན་གཙོ་སྐྱོང་བྱེད་པའི་འགན་ནུས་ལས་ཁུངས་ཤིག་ཀྱང་ཡིན།  
         གཅིག གསང་སྲུང་དོ་དམ་གྱི་འགན་ནུས་ཁྲིམས་ལྟར་བསྒྲུབས་ཏེ《གསང་སྲུང་བཅའ་ཁྲིམས》དང་དེའི་གསང་སྲུང་ཁྲིམས་སྲོལ་དང་སྒྲིག་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ།
         གཉིས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་། གྲོང་ཁྱེར་ཏང་ཨུ། ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་གསང་སྲུང་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་། སྲིད་ཇུས། མཛུབ་སྟོན། བཀའ་རྒྱ། ཆོད་དོན་བཅས་ལག་ལེན་མཐར་ཕྱིན་བསྟར་གནང་སྟེ་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་གཏན་དུ་ཕབ་པ།  
        གསུམ། རྒྱལ་ཁབ་ཀྱི་གསང་སྲུང་ལས་ཀའི་འཆར་གཞི་གཏན་འབེབས་དང་ལག་བསྟར་སྒྲིག་འཛུགས་བྱས་ནས་གསང་སྲུང་ལས་དོན་ལེགས་བཅོས་དང་དེར་ཤུགས་སྣོན་རྒྱག་རྒྱུའི་ཁྱོན་ཡོངས་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་གྲོས་འགོ་འདོན་པ། 
       བཞི། གསང་སྲུང་ཁྲིམས་སྲོལ་འཆར་འགོད་གཏན་འབེབས་བྱེད་པར་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གསང་སྲུང་སྒྲིག་སྲོལ་ལམ་ལུགས་བཟོ་བའམ་ཡང་ན་བཟོ་སྲིད་པ། གསང་སྲུང་ཁྲིམས་སྲོལ་གསལ་འགྲེལ་བྱེད་པར་འགན་འཁུར་བ། 
       ལྔ། ཏང་སྲིད་དམག་མི་དམངས་ཚོགས་པ་དང་ཁེ་ལས་བྱ་གཞག་ཚན་པའི་གསང་སྲུང་ལས་དོན་ལ་མཛུབ་ཁྲིད་མཐུན་སྦྱོར་བྱེད་པ། 
       དྲུག ལས་ཁུངས་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་གསང་བའི་དོན་གནད་ལ་ཁྲིམས་བཞིན་གསང་རིམ་གཏན་འཁེལ་དང་། གསང་རིམ་སྒྱུར་བཅོས། གསང་འགྲོལ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་ལྟ་སྐུལ་བྱེད་པ། བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་གསང་དོན་དང་འབྲེལ་བ་ཡོད་པའི་གསང་རིམ་གསལ་འབྱེད་ལས་ཀ་སྒྲུབ་པར་འགན་འཁུར་བ། 
        བདུན། གསང་སྲུང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་བ། གསང་སྲུང་དྲིལ་བསྒྲགས་ཡིག་རིགས་སྒྲིག་འཛུགས་དང་། རྩོམ་སྒྲིགཞིབ་བཤེར་གཏན་འབེབས་བཅས་བྱ་རྒྱུ། གསང་སྲུང་ལས་ཀའི་བརྟག་དཔྱད་ཞིབ་འཇུག་དང་། རིགས་པའི་གཞུང་ལུགས། སྲིད་ཇུས་ཞིབ་འཇུག་བཅས་ལ་མཛུབ་ཁྲིད་བྱེད་པར་འགན་འཁུར་བ། 
      བརྒྱད། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགོ་ཁྲིད་ལས་བྱེད་པ་དང་། མི་སྣ་སློབ་གསོ། དོ་དམ་བྱེད་པར་ཁྲིད་སྟོན་དང་སྒྲིག་འཛུགས་བྱེད་པ། གསང་སྲུང་ལས་བྱེད་པ་དང་། མི་སྣ་གསོ་སྐྱོང་སྦྱོང་བརྡར་གྱི་འཆར་གཞི་བཟོས་ནས་སློབ་དེབ་རྩོམ་སྒྲིག་དང་གསོ་སྦྱོང་ལས་དོན་ལག་བསྟར་བྱ་དགོས། 
      དགུ། གསང་སྲུང་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་དང་། འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་གསང་བ་ཕྱིར་བསྒྲགས་ཀྱིས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ལྟ་སྐུལ་བྱེད་པ། གལ་ཆེའི་རིགས་སམ་ཡང་ན་ཚན་པ་བརྒལ་ནས་གསང་བ་ཕྱིར་གྱར་བའི་དོན་རྐྱེན་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་སྒྲིག་འཛུགས་བྱེད་པའམ་ཡང་ན་དེའི་ནང་ཞུགས་པ། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བར་སྐུལ་འདེད་གཏོང་དགོས། 
     བཅུ། གསང་སྲུང་ལག་རྩལ་གོང་སྤེལ་འཆར་འགོད་དང་ལོ་འཁོར་མོའི་ལས་ཀའི་འཆར་གཞི་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་པ། གསང་སྲུང་ལག་རྩལ་གྱི་གྲོན་དངུལ་སྙན་ཞུ་དང་། དོ་དམ། གསང་སྲུང་ལག་རྩལ་ཞིབ་འཇུག་གསར་བཟོ། གསར་སྤེལ། ཁྱབ་གདལ་བེད་སྤྱོད་བཅས་ཀྱི་ལས་ཀ་སྒྲིག་འཛུགས་བྱེད་པ། ཏང་སྲིད་གསང་སྲུང་ཁ་པར་གྱི་ཆེད་སྤྱོད་དྲ་བའི་གསང་སྲུང་དོ་དམ་ལས་ཀར་ཁྲིད་སྟོན་བྱ་དགོས། 
      བཅུ་གཅིག རྩིས་འཁོར་གྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་གྱི་གསང་སྲུང་ལས་ཀ་བྱེད་པར་འགན་འཁུར་བ་དང་། རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ལ་ཞིབ་བཤེར་ཆོག་མཆན་དང་ལོ་རེའི་ཞིབ་བཤེར་བྱེད་པར་འགན་འཁུར་བ། འཕྲིན་གཏོང་དང་གཞུང་ལས་རང་འགུལ་ཅན་གྱི་གསང་སྲུང་ལག་རྩལ་ཞིབ་བཤེར་སྒྲིག་འཛུགས་བྱེད་དགོས།  
      བཅུ་གཉིས། ཕྱི་ཕྱོགས་དང་དཔལ་འབྱོར་མཉམ་ལས་སྐབས་ཕྱི་རྒྱལ་ལ་དཔྱད་ཡིག་འདོན་སྤྲོད་བྱེད་པའི་གསང་སྲུང་ལས་ཀ་སྒྲིག་འཛུགས་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་པ། རྒྱལ་མཚམས་ཕྱིར་སྡོད་སྡེ་ཚན་དང་ཚན་པའི་གསང་སྲུང་དོ་དམ་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པར་འགན་འཁུར་བ། སྲིད་གཞུང་གིས་དབང་བསྐུར་བ་ལྟར་སྲིད་གཞུང་གི་ཚབ་བྱས་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་གསང་སྲུང་ལས་དོན་ཐག་གཅོད་བྱེད་དགོས། 
      བཅུ་གསུམ། གསང་བ་རིམ་པའི་རྒྱལ་ཁབ་ཀྱི་གསང་བ་ལྡན་པའི་རྒྱལ་ཁོངས་ཕྱིར་བསྐྱོད་པར་ཞིབ་མཆན་འགོད་པ་དང་། 《རྒྱལ་ཁབ་ཀྱི་གསང་བའི་རྒྱལ་ཁོངས་ཕྱིར་གཏོང་ཆོག་མཆན་དཔང་ཡིག》སྤྲོད་པའི་ལས་ཀ་སྒྲུབ་པར་འགན་འཁུར་བ། 
      བཅུ་བཞི། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་གསང་བ་འགོད་དངོས་ཀྱི་གསང་སྲུང་དོ་དམ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་རྒྱུ། རྒྱལ་ཁབ་ཀྱི་གསང་བ་འགོད་དངོས་དམིགས་འཛུགས་འདྲ་བཟོ་ཚན་པའི་ཞིབ་མཆན་འགོད་འགན་འཁུར་བ་དང་། 《རྒྱལ་ཁབ་ཀྱི་གསང་བ་སྐྱེད་དངོས་འདྲ་བཟོ་ཆོག་མཆན་དཔང་ཡིག》ལ་ཞིབ་བཤེར་བྱེད་པ། ཚད་འཇལ་དཔྱད་གཞིའི་གྲུབ་འབྲས་གསང་སྲུང་དོ་དམ་བྱེད་པའི་ལས་ཀར་སློབ་སྟོན་བྱེད་པར་འགན་འཁུར་བ། 
       བཅོ་ལྔ། སློབ་གསོའི་སྡེ་ཁག་དང་མཉམ་དུ་སློབ་གསོའི་རྒྱུགས་ལེན་གྱི་གསང་སྲུང་ལས་ཀ་སྒྲུབ་པར་འགན་འཁུར་དགོས། 
       བཅུ་དྲུག སྡེ་ཚན་ཁག་གིས་སྲུང་སྐྱོབ་ལས་ཀའི་གསང་བ་དང་ཚོང་ལས་གསང་བར་མཛུབ་ཁྲིད་གནང་བར་འགན་འཁུར་གྱི་ཡོད། 
       བཅུ་བདུན། གོང་རིམ་གྱིས་མངགས་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པར་འགན་འཁུར་བ། 

3  འགོ་ཁྲིད་རིམ་བྱོན། 

ཧྲེན་ཧུང་དབྱིན། སྤྱི་ལོ1988ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ9པའི་བར་ཀྲུའུ་རེན་གྱི་འགན་བཞེས། 

ཏའེ་ཧྲེང་ལུང་། སྤྱི་ལོ1995ལོའི་ཟླ9པ་ནས་སྤྱི་ལོ1998ལོའི་ཟླ4པའི་བར་ཀྲུའུ་རེན་གྱི་འགན་བཞེས།

མའོ་ལིན་ཁུན། སྤྱི་་ལོ1998ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ9པའི་བར་ཀྲུའུ་རེན་གྱི་འགན་བཞེས། 

ཏུའུ་ཅོན། སྤྱི་ལོ2003ལོའི་ཟླ9པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར་ཀྲུའུ་རེན་གྱི་འགན་བཞེས། 

ཉིང་ཞ་ཡུང་། སྤྱི་ལོ2005ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ3པའི་བར་ཀྲུའུ་རེན་གྱི་འགན་བཞེས།    

མེང་ཞང་ཧྥེང་། སྤྱི་ལོ་2013ལོའི་ཟླ3པ་ནས་ད་ལྟའི་བར་ཀྲུའུ་རེན་གྱི་འགན་བཞེས། 

དཔྱད་གཞིའི་ཡིག་ཆ།