ཀྲུང་དབྱང་ཡིག་ཚགས་ཁང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-19 09:12ལ་འགྲུབ།

ཀྲུང་དབྱང་ཡིག་ཚགས་ཁང་།

ཀྲུང་དབྱང་ཡིག་ཚགས་ཁང་།
ཀྲུང་དབྱང་ཡིག་ཚགས་ཁང་ནི་ཀྲུང་གོའི་ཀྲུང་དབྱང་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཚགས་ཁང་ཞིག་ཡིན་ལ། སྤྱི་ལོ1959ལོའི་ཟླ6པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་བཙུགས་པ་དང་། ལོ་དེའི་ཟླ10པར་དངོས་སུ་སྒོ་ཕྱེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央档案馆
མིང་གཞན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ཡིག་ཚགས་ཅུས།
ཕྱི་ཡིག་གི་མིང་།
The State Archives Administration of the People's Republic of China
ས་གནས།
པེ་ཅིང་ནུབ་འདབས་ཆུ་ཚན་པེ་ཅ་ཧུའུ།
སྒོ་འབྱེད་དུས།
སྤྱི་ལོ1959ལོའི་ཟླ10པ།
1 ​ངོ་སྤྲོད་མདོར་བསྡུས། 

ཀྲུང་དབྱང་ཡིག་ཚགས་ཁང་ནི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་རིག་གནས་ལས་དོན་ལས་ཁུངས་ཤིག་ཡིན་ཞིང་། སྤྱི་ལོ1959ལོར་པེ་ཅིན་དུ་བཙུགས་པ་དང་། “ལྔ་བཞིའི”ལས་འགུལ་ཚུན་ནས་བཟུང་གཅིག་སྡུད་ཀྱིས་ཉར་ཚགས་བྱས་ཤིང་། རྒྱལ་ཡོངས་ཀྱི་དོན་སྙིང་ལྡན་པའི་གསར་བརྗེའི་ལོ་རྒྱུས་ཡིག་ཚགས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀྲུང་དབྱང་ལས་ཁུངས་ཀྱིས་ཡུན་རིང་དུ་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་ཡིག་ཚགས་ཤིག་ཡིན་ལ། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ཁྲི80ལྷག་ཙམ་ཡོད་པ་མ་ཟད། ད་དུང་དཔྱད་གཞི་ཁྲི80ལྷག་ཙམ་ཡོད་པའི་ནང་དུ་གཙོ་འཛིན་མི་སྣའི་ཕྱག་བྲིས་འབོར་ཆེན་ཉར་ཚགས་བྱས་ཡོད་པས།  ཡིག་ཚགས་ཕུན་སུམ་ཚོགས་ལ་རྩ་ཆེའི་རིགས་ནི་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཚགས་སྙིང་བཅུད་དུ་བཟུང་ཡོད་ལ། རང་རྒྱལ་གྱི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལོ་རྒྱུས་དཔང་པོ་ཞིག་ཀྱང་ཡིན་ནོ། ། འགྲེམས་ཁང་དེ་ནི་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འགྲེམས་སྟོན་ཁང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་དང་། སྒྲིག་ཆས་སྔོན་ཐོན་བཅས་ཀྱི་ཡིག་ཚགས་ཁང་གྲགས་ཅན་གྱི་གྲས་ཤིག་ཡིན། དེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་ལོ་རྒྱུས། དམག་དཔུང་གི་ལོ་རྒྱུས། གསར་བརྗེའི་ལོ་རྒྱུས་བཅས་ལ་ཞིབ་འཇུག་དང་ཞབས་འདེགས་ཞུ་བཞིན་ཡོད། 

སྤྱི་ལོ1993ལོར་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་དབྱང་ཡིག་ཚགས་ཁང་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་འགན་ནུས་བཀོད་སྒྲིག་དང་། སྒྲིག་གཞི། མི་སྣ་སྒྲིག་ཁོངས་ཇུས་གཞི》ཞེས་པ་པར་འགྲེམས་བྱས་པ་དང་། ཀྲུང་དབྱང་ཡིག་ཚགས་ཁང་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཟླ་སྒྲིལ་བཏང་ནས། སྒྲིག་གཞི་གཅིག་པའི་ཀྲུང་དབྱང་ཡིག་ཚགས་ཁང་དང་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་སྒོ་བྱང་བཀལ། ཡིག་ཚགས་ཉར་ཚགས་དང་། བེད་སྤྱོད། རྒྱལ་ཡོངས་ཡིག་ཚགས་བྱ་གཞག་སྲིད་འཛིན་དོ་དམ་བཅས་ཀྱི་འགན་ནུས་རིགས་གཉིས་སུ་བསྒྲུབ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྒྲིག་གཞི་དང་པུའུ་རིམ་པ་གཞོན་པའི་ཚན་པར་ཀྲུང་དབྱང་གཞུང་དོན་ཁང་གིས་དོ་དམ་བྱེད་ཀྱི་ཡོད། 

2 འགན་ནུས་གཙོ་བོ།

གཅིག རྒྱལ་ཡོངས་ཀྱི་ཡིག་ཚགས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྤྱི་ཁོག་དོ་དམ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ་ཡིག་ཚགས་ལས་དོན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། ཁྲིམས་སྲོལ། སྒྲིག་སྲོལ་ལམ་ལུགས་བཅས་བཟོ་བཀོད་བྱས་ཏེ། ཀྲུང་དབྱང་དང་། རྒྱལ་ཁབ་ཀྱི་ལས་ཁུངས། དམག་དཔུང་། ཀན་སུའུ་བཅས་ཞིང་ཆེན་རིམ་པ་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཡིག་ཚགས་ལས་ཀ་སྒྲིག་འཛུགས་ཀྱིས་མཛུབ་ཁྲིད་དང་། ཞིབ་བཤེར། ལྟ་སྐུལ། མཐུན་སྦྱོར་བཅས་བྱེད་བཞིན་ཡོད། 

གཉིས། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་དཔྱད་གཞི་གལ་ཆེན་རྣམས་གཅིག་སྡུད་དམ་གཅིག་གྱུར་གྱིས་དོ་དམ་དང་། ཏང་དང་རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། ཡིག་ཚགས་ཆ་ཚང་བ་སྲུང་སྐྱོང་བཅས་བྱས་ནས་ཡིག་ཚགས་ཀྱི་དཔྱད་གཞིའི་ཡིག་རིགས་བདེ་འཇགས་ཡོང་བར་འགན་འཁུར་གཙིགས་སུ་བཟུང་ཡོད། 

གསུམ། ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་དཔྱད་གཞི་གལ་ཆེན་བསྡུ་ལེན་དང་། བསྡུ་རུབ། ལེགས་སྒྲིག བདག་གཉེར་བཅས་ཀྱི་འགན་འཁུར་རྒྱུ་དང་། ཡིག་ཚགས་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་དོ་དམ་དང་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཡིག་ཚགས་རྩོམ་སྒྲིག་དང་ཞིབ་འཇུག་དཔེ་སྐྲུན་གྱི་ལས་ཀ་ལེགས་པར་བསྒྲུབ་ནས་སྤྱི་ཚོགས་ལ་བེད་སྤྱོད་རྒྱ་ཆེར་གཏོང་བ། ཕྱི་རྒྱལ་སོགས་སུ་ཁ་ཐོར་དུ་སོང་བའི་ཀྲུང་གོའི་ཡིག་ཚགས་རྒྱུ་ཆ་དང་དེ་བཞིན་ཀྲུང་གོ་དང་འབྲེལ་བའི་ཡིག་ཚགས་ཡིག་ཆ་དག་འཚོལ་བསྡུ་བྱེད་པ། 

བཞི། ཡིག་ཚགས་ལས་དོན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གིས་འཆར་གཞི་བཟོ་བ་དང་ཡིག་ཚགས་ཆེད་ལས་སློབ་གསོ་དང་། ཡིག་ཚགས་ཆེད་ལས་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ལས་དོན་སྒྲིག་འཛུགས་བྱེད་དགོས། ཡིག་ཚགས་ཀྱི་ཆེད་ལས་ལག་རྩལ་གྱི་གོ་གནས་དཔྱད་བསྡུར་དང་གདན་ཞུ་བྱ་རྒྱུའི་འབྲེལ་ཡོད་ལས་ཀ་སྒྲུབ་པ་སོགས་ཀྱིས་འགན་འཁུར་གྱི་ཡོད། 

ལྔ། རྒྱལ་ཡོངས་རང་བཞིན་གྱི་ཡིག་ཚགས་ལས་དོན་ལ་གཅིག་གྱུར་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་དགོས། 

དྲུག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་འབྲེལ་ཡོད་ལས་དོན་ལེགས་འགྲུབ་བྱེད་དགོས། 

3 ལོ་རྒྱུས་ཀྱི་བྱུང་བ། 

རྒྱལ་ཁབ་ཡིག་ཚགས་ཅུས་ནི་སྤྱི་ལོའི་ཟླ11པར་བཙུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཅུས་ཤིག་ཡིན་ཞིང་། སྤྱི་ལོ1959ལོར་ཏང་གི་ཡིག་ཚགས་གཅིག་གྱུར་གྱིས་དོ་དམ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ་གཞིར་བཟུང་ཡོད་ལ། རྒྱལ་ཁབ་ཡིག་ཚགས་ཅུས་ནི་ཏང་གི་ལས་ཁུངས་ཡིན་ལ་སྲིད་གཞུང་གི་ལས་ཁུངས་ཀྱང་ཡིན་པས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཐད་ཀར་འགོ་ཁྲིད་བྱེད་ཀྱི་ཡོད། 

སྤྱི་ལོ1970ལོར་རྒྱལ་ཁབ་ཡིག་ཚགས་ཅུས་མེད་པར་བཟོས་པ་དང་སྤྱི་ལོ1979ལོར་སླར་གསོ་བྱས། སྤྱི་ལོ1985ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཡིག་ཚགས་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ལ་བསྒྱུར་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཚགས་དོ་དམ་ལས་དོན་གྱི་འགན་ནུས་སྡེ་ཁག་ཅིག་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཀྱང་ཡིན། 《ཡིག་ཚགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལྟར་ན། རྒྱལ་ཁབ་ཡིག་ཚགས་ཅུས་ཀྱི་གཞི་རྩའི་ལས་འགན་ནི། རྒྱལ་ཡོངས་ཀྱི་ཡིག་ཚགས་བྱ་གཞག་གཙོ་སྐྱོང་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་བྱ་གཞག་ལ་གཅིག་གྱུར་གྱིས་འཆར་འགོད་དང་། སྒྲིག་འཛུགས་མཐུན་སྦྱོར། ལམ་ལུགས་གཅིག་གྱུར། ལྟ་སྐུལ་དང་ཁྲིད་སྟོན་བཅས་བྱ་རྒྱུ་དེ་ཡིན། 

ཀྲུང་དབྱང་ཡིག་ཚགས་ཁང་དུ་སྤྱི་ལོ1959ལོའི་ཟླ10པར་བཙུགས་པ་རེད། དེའི་ལས་འགན་གཙོ་བོ་ནི་ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་ལས་ཁུངས་ལ་དུས་གཏན་དུ་ཉར་ཚགས་བྱེད་རིན་ཡོད་པའི་ཡིག་ཚགས་གལ་ཆེན་དང་བཅིངས་འགྲོལ་མ་བཏང་གོང་རང་རེའི་ཏང་ཀྲུང་དབྱང་གི་ལས་ཁུངས་དང་ཚོགས་པ་སོགས་ལས་གྲུབ་པའི་གསར་བརྗེའི་ལོ་རྒྱུས་ཡིག་ཚགས་འཚོལ་སྡུད་དང་ཉར་ཚགས་བྱེད་དགོས་པ་མ་ཟད། བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་ལེགས་སྒྲིག་དང་། ཞིབ་འཇུག བེད་སྤྱོད་བཅས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཞབས་འདེགས་ཞུ་བཞིན་ཡོད། 

སྤྱི་ལོ1993ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་གྲོས་ཐག་བཅད་དོན། རྒྱལ་ཁབ་ཡིག་ཚགས་ཅུས་དང་ཀྲུང་དབྱང་ཡིག་ཚགས་ཁང་། སྒྲིག་གཞི་གཅིག་པའི་སྒོ་བྱང་བཀལ་ནས་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་གཏོགས་ལས་ཁུངས་སུ་གཏོགས།

4   སྒྲིག་གཞིའི་འཛུགས་སྐྲུན། 

འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.42ཡོད་པ་དང་། དེ་ལས་མཛོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3.42ཡོད། རང་འགུལ་གྱི་དྲོད་སྙོམས་འཕྲུལ་ཆས་དང་། ལྟ་ཞིབ་པ། ཉེན་བརྡ་གཏོང་བ། དུག་སེལ། སྲུང་སྐྱོབ་བཅས་ཀྱི་ལག་རྩལ་སྒྲིག་བཀོད་ཡོད་པ་མ་ཟད། ད་དུང་གློག་རྡུལ་རྩིས་འཁོར་དང་། པར་ཆུང་། ཞི་གློག་བསྐྱར་དཔར། གློག་ཀླད་པར་རྒྱག སྤྱིན་པར་སོགས་སྒྲིག་ཆས་ཀྱང་ཡོད་པ་རེད། རྒྱལ་ཁབ་ཡིག་ཚགས་དོ་དམ་པུའུ་དང་། དཔེ་དེབ་དཔྱད་ཡིག་དོ་དམ་པུའུ། ལག་རྩལ་སྲུང་སྐྱོང་པུའུ་བཅས་བཙུགས་ཡོད། འཛུགས་སྐྲུན་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ལས་དོན་སྲི་སྒྲུབ་བྱེད་པ་དང་དུས་མཉམ་དུ་ལོ་རྒྱུས་ཡིག་ཚགས་དཔྱད་གཞིའི་སྒོ་ཕྱེ། ཚོམས་ཁང་ནང་དུ་ལྟ་ཀློག་ཁང་བཙུགས་ཡོད་པ་མ་ཟད། ད་དུང་འཕྲིན་ཡིག་དང་གློག་འཕྲིན་འདྲི་རྩད་ཀྱི་ལས་སྒོ་གཉེར་ནས་ཡིག་ཚགས་ཀྱི་དཔང་ཡིག་གམ་བསྐྱར་དཔར་ཡིག་ཆ་མཁོ་འདོན་བྱས་ཡོད། 《ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ་གཅེས་བསྡུས》(1921~1949)《རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ཡིག་ཚགས་དཔྱད་གཞི་བདམས་བསྒྲིགས》(1931~1945)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡིག་ཚགས་དཔྱད་གཞི་བདམས་བསྒྲིགས》(1949~1952)སོགས་ཡིག་ཚགས་རིགས40ཕྱོགས་བསྒྲིགས་བྱས་པ་མ་ཟད། ད་དུང་ཀྲུང་གུང་ཀྲུང་དབྱང་ཡུས་ཞིབ་འཇུག་ཁང་དང་མཉམ་དུ་ཡིག་ཚགས་དཔྱད་ཡིག་ཁྱབ་བསྒྲགས་བྱ་རྒྱུ་གཙོར་བྱས་པའི་དུས་དེབ《ཏང་གི་ཚད་ལྡན་ཡིག་ཚགས》ཕྱོགས་བསྒྲིགས་བྱས་ཡོད། 

5 ནང་ཁུལ་གྱི་སྒྲིག་གཞི།

ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་ནི་ཆིང་རྒྱལ་རབས་ཀྱི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་གཙོ་བོར་བྱེད་པའི་རིག་གནས་བྱ་གཞག་ལས་ཁུངས་ཤིག་ཡིན་ལ། གཞུང་ཚབ་ཁང་གི་གནས་ཡུལ་ནི་པེ་ཅིང་གི་ཞི་ཧྭ་སྒོའི་ནང་དུ་ཡོད། དེས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་གཉིས་ཀྱི་ཀྲུང་དབྱང་ལས་ཁུངས་དང་ས་གནས་ལས་ཁུངས་ཉུང་ཤས་ཀྱི་ཡིག་ཚགས་ཁྱོན་བསྡོམས་ཁྲི74ལྷག་ཉར་ཚགས་བྱས་ཡོད། དེའི་ཡིག་ཚགས་སྤྱི་ཚོགས་ལ་སྒོ་ཕྱེ་ནས་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་། མཁས་དབང་དང་དེ་བཞིན་ཕྱོགས་གཞན་དག་བེད་སྤྱོད་གཏོང་མཁན་ལ་སྣེ་ལེན་ཞུས་པ་རེད། དེ་ནི་མིང་ཆིང་ཡིག་ཚགས་ཉར་ཚགས་བྱེད་པ་མང་ཤོས་ཀྱི་ཡིག་ཚགས་ཁང་གྲགས་ཅན་གྱི་གྲས་ཤིག་ཡིན་ལ། མིང་ཆིང་ལོ་རྒྱུས་དང་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ལྟེ་གནས་ཤིག་རེད། 

ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ་ནི་ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་སྲིད་དབང་སོ་སོའི་ཀྲུང་དབྱང་ལས་ཁུངས་ཀྱི་ཡིག་ཚགས་གཙོ་བོར་བྱེད་པའི་རིག་གནས་ལས་དོན་ལས་ཁུངས་ཤིག་ཡིན། གཞུང་ཚབ་ཁང་གི་གནས་ཡུལ་ནན་ཅིན་ན་ཡོད། འགྲེམ་སྟོན་ཁང་དེས་ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་སྲིད་དབང་སོ་སོའི་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་མ་ལག་གི་ཡིག་ཚགས་ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་ཁྱོན་ཡོངས900ཙམ་ཉར་བ་དང་། བམ་པོ་ཁྲི130ལྷག་ཙམ་ཉར་ཚགས་བྱས་ཡོད། ཡིག་སྒྲིལ་སྟེང་བསྒྲིགས་པའི་སྤྱིའི་རིང་ཚད་ལ་སྨི35000ཡོད། དེ་ནི་མིན་གོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ལྟེ་གནས་ཤིག་ཡིན་ནོ། ། 


དཔྱད་གཞིའི་ཡིག་ཆ།