ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-05 08:40ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཀྱི་ཆབ་སྲིད་ཞིབ་འཇུག་དང་འདྲི་གཅོད་བྱེད་སའི་ལས་ཁུངས་ཤིག་ཡིན་ལ། འགན་འཁྲི་གཙོ་བོ་ནི་རྒྱལ་དམངས་དཔལ་འབྱོར་ཞིབ་འཇུག་དང་། སྤྱི་ཚོགས་འཕེལ་རྒྱས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྱོན་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། འཐབ་ཇུས་རང་བཞིན། ཡུན་རིང་བའི་རང་བཞིན་སོགས་དང་། དེ་འབྲེལ་གྱི་དོ་གལ་ཆེ་བའི་གནད་དོན་བཏོན་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྲིད་ཇུས་ཀྱི་གྲོས་གཞི་དང་བློ་འདྲིའི་བསམ་ཚུལ་འདོན་བཞིན་ཡོད། དེ་ནི་ཕྱོགས་བསྡུས་རང་བཞིན་གྱི་ཆབ་སྲིད་ཞིབ་འཇུག་དང་ཐབས་ཇུས་བློ་འདྲི་སའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་སྒྲུབ་སྡེ་ཁག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国务院发展研究中心
ད་ལྟའི་འགན་བཞེས་འགོ་ཁྲིད།
ཀྲུའུ་རེན། ལི་ཝེ།
ཁོངས་གཏོགས་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་།
ས་གནས།
པེ་ཅིང་གྲོང་ཁྱེར་མཁར་ཤར་ཁུལ་ཁྲའོ་ནེ་སྲང་ལམ་གྱི་སྒོ་རྟགས225པ།
གཞུང་ཕྱོགས་དྲ་བ།
http://www.drc.gov.cn/
ལས་ཁུངས་ཀྱི་ངོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ལས་ཁུངས།
1 འགོ་ཁྲིད་རིམ་བྱོན། 
1_1 ད་ལྟའི་འགོ་ཁྲིད།  

ལི་ཝུའེ་ཡིས། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། 

མ་ཅན་ཐང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ། 

ཝང་ཨན་ཧྲུན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཀྲང་ཅུན་ཀོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཀྲང་ལའེ་མིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ལུང་གོ་ཆང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཝང་དབྱི་མིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། 

ཡུས་པིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཡི་ཁོངས་མི། 

1_2 སྔོན་བྱོན་འགོ་ཁྲིད། 

མ་ཧུང་། (1920.05.13-2007.10.28) ཀྲུའུ་རེན་གྱི་འགན་བཞེས་གནང་མཁན་དང་པོ།  

སུན་ཧྲང་ཆིང་། (1930.08.26-1996.04.29) ཀྲུའུ་རེན་གྱི་འགན་བཞེས་གནང་མཁན་གཉིས་པ། 

ཝང་མེང་ཁུའེ། ཀྲུའུ་རེན་གྱི་འགན་བཞེས་གནང་མཁན་གསུམ་པ། 

ཀྲང་ཡུས་ཐའ།  ཀྲུའུ་རེན་གྱི་འགན་བཞེས་གནང་མཁན་བཞི་པ། 

2 སྒྲིག་གཞིའི་འགན་འཁྲི། 

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ལྟེ་གནས་ནི་ཕྱོགས་བསྡུར་རང་བཞིན་གྱི་སྲིད་ཇུས་ལ་ཞིབ་འཇུག་དང་། ཐབས་ཇུས་འདྲི་རྟོགས་བྱེད་སའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་སྒྲུབ་སྡེ་ཁག་ཅིག་ཡིན་ཞིང་།  དེའི་འགན་འཁྲི་གཙོ་བོ་ནི་གཤམ་གསལ་ལྟར་རོ། །  

གཅིག རྒྱལ་དམངས་དཔལ་འབྱོར་དང་། མངགས་བཅོལ་དང་ལེན་གྱིས་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱིས་འཆར་འགོད་བྱས་པའི་འཕེལ་རྒྱས་འཆར་གཞི་ལ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ་བསམ་འཆར་དང་གྲོས་འགོ་འདོན་དགོས། 

གཉིས། རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བའི་གནས་ཚུལ་ལ་ཞིབ་འཇུག་དང་། སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་བསམ་འཆར་དང་གྲོས་གཞི་འདོན་པ། 

གསུམ། ཐོན་ལས་དཔལ་འབྱོར་གོང་འཕེལ་དང་ཐོན་ལས་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་ཐོན་ལས་སྒྲིག་གཞི་དང་། མ་འཇོག་གྲུབ་ཆ། ཁེ་ལས་ཀྱི་རྩ་འཛུགས་གྲུབ་ཚུལ། དབང་བའི་ལམ་ལུགས་ཀྱི་གྲུབ་ཆ་བཅས་ལེགས་སྒྲིག་བྱེད་ཕྱོགས་དང་། རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ལག་རྩལ་གདམ་ག་དང་། ལག་རྩལ་གསར་གཏོད། མཐོ་གསར་ལག་རྩལ་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་བཅས་ལ་བློ་འདྲིའི་བསམ་འཆར་དང་གྲོས་གཞི་འདོན་པ། 

བཞི། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་དང་། གྲོང་གསེབ་ཀྱི་དཔལ་འབྱོར་ལམ་ལུགས། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་འཕེལ་རྒྱས་གཏོང་བའི་གནད་དོན་བཅས་ལ་ཞིབ་འཇུག་བྱེད་དགོས། 

ལྔ། རང་རྒྱལ་གྱིས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་བར་ཞིབ་འཇུག་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་དང་དེ་བཞིན་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་གྲོས་གཞི་འདོན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་དང་དེའི་ཉམས་མྱོང་དང་བསླབ་བྱར་ཞིབ་འཇུག་བྱས་ནས་རང་རྒྱལ་གྱི་བསྒྱུར་བཅོས་དང་འཕེལ་རྒྱས་དཔྱད་གཞིར་འཛིན་དགོས། 

དྲུག རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཁྲོད་ཀྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་དང་། ཡོང་འབབ་བགོ་བཤའ་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དང་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། སྐྱེ་ཁམས་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་བཅས་ལ་ཞིབ་འཇུག་བྱེད་དགོས། 

བདུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཇུས་གཞི་གལ་ཆེན་དང་ལག་བསྟར་ཕན་འབྲས་ལ་དཔྱད་དཔོག་གིས། རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་གསལ་འགྲེལ་བྱེད་པའི་ལས་དོན་སྤེལ་བ་དང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ཉམས་མྱོང་ངོ་སྤྲོད་བྱས་ཡོད། 

བརྒྱད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱིས་མངག་བཀོད་བྱས་པའི་ཡིག་ཆའི་མ་གདན་ཟིན་འགོད་བྱེད་པར་འགན་འཁུར་དགོས། 

དགུ། རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་སྤེལ་བ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་ཞིབ་འཇུག་ལས་ཁུངས་བར་སྤེལ་རེས་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕྱི་ཕྱོགས་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་དང་སྲིད་ཇུས་ཐད་ཀྱི་གྲོས་འགོ་འདོན་དགོས། 

བཅུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངག་བཀོད་བྱས་པའི་བྱ་བ་གཞན་དག་སྒྲུབ་པར་འགན་འཁུར་བཞིན་ཡོད། 

རྒྱལ་སྤྱིའི་སྟེང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་མང་པོའི་སྲིད་གཞུང་གི་སྒྲིག་གཞི་དང་། རིག་གཞུང་ལས་རིགས། ཁེ་ལས་ལས་རིགས་བཅས་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་དང་འབྲེལ་བ་རྒྱ་ཆེན་པོ་ཡོད་པ་མ་ཟད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་པོ་སོགས་ལ་མཉམ་ལས་ཀྱང་བྱས་ཡོད། ལྟེ་གནས་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་དང་རྒྱལ་ཕྱིའི་ཐེབས་རྩ་རྩ་འཛུགས་ཀྱིས་རོགས་སྐྱོར་བྱེད་པའི་ཀྲུང་གོའི་ཞིབ་འཇུག་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། དེ་འབྲེལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཀྲུང་གོ་སྲིད་གཞུང་གི་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ཞིབ་འཇུག་རྣམ་གྲངས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། ལྟེ་གནས་དེས་ད་དུང“ལོ་རབས་དགུ་བཅུ་པའི་ཀྲུང་གོ་དང་འཛམ་གླིང”གི་རིམ་པ་མཐོ་བའི་རྒྱལ་སྤྱིའི་ཚོགས་འདུ་རབ་དང་རིམ་པ་སྤེལ་བ་དང་སྒྲིག་འཛུགས་བྱེད་ཀྱི་ཡོད་ལ། སྤྱི་ལོ2000ལོ་ནས་བཟུང“ཀྲུང་གོ་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས”ཀྱང་གཙོ་གཉེར་བྱས་པས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་ཕྱོགས་ལས་རིགས་དང་། རིག་གཞུང་ལས་རིགས། ཁེ་ལས་ལས་རིགས་བཅས་ཀྱི་མཐོ་རིམ་མི་སྣའི་མཐོང་ཆེན་དང་གདེང་འཇོག་ཆེན་པོ་ཐོབ་ཡོད། དེའི་དམིགས་ཡུལ་ནི་སྤེལ་རེས་དང་མཉམ་ལས་དེ་དག་བརྒྱུད་དེ་རྒྱལ་སྤྱིའི་དགེ་མཚན་ལྡན་པའི་ཉམས་མྱོང་བསྡུ་ལེན་དང་། དཔྱད་གཞིར་འཛིན་པ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དུས་མཚུངས་སུ་འཛམ་གླིང་ལ་ཀྲུང་གོ་ཤེས་རྟོགས་བྱེད་དུ་འཇུག་པ་དང་། ཁྱད་པར་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད། 

དཔྱད་གཞིའི་ཡིག་ཆ།