ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-19 09:12ལ་འགྲུབ།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་ནི་སྤྱི་ལོ2017ལོའི་ཟླ1པོར་ཀྲུང་གོའི་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་རྨང་གཞིའི་སྟེང་དུ་རྒྱ་བསྐྱེད་དེ་བཙུགས་པ་ཞིག་ཡིན་ཞིང་། མིག་སྔར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་ཆིང་ཏའོ་གྲོང་ཁྱེར་གཉིས་གྲོས་མཐུན་བྱུང་སྟེ་ཆིང་ཏའོ་རུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཡན་ལག་སློབ་གླིང་འཛུགས་སྐྲུན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国社会科学院大学
རབ་འབྱམས་པའི་གནས།
རིག་གཞུང་བསླབ་གནས་དབང་ཆ་སྤྲད་པའི་རིམ་པ་གཉིས་པའི་རིག་ཚན119ཡོད།
ཕྱི་ཡིག་གི་མིང་།
University of Chinese Academy of Social Sciences
འབུམ་རམས་པའི་གནས།
རིག་གཞུང་བསླབ་གནས་དབང་ཆ་སྤྱད་པའི་རིམ་པ་དང་པོའི་རིག་ཚན16ཡོད། རིག་གཞུང་བསླབ་གནས་དབང་ཆ་སྤྲད་པའི་རིམ་པ་གཉིས་པའི་རིག་ཚན119ཡོད།
བསྡུས་མིང་།
UCASS
འབུམ་རམས་ཕྱི་ཚར་གྱི་གནས།
ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས16 ཡོད།
ཁྱབ་ཁོངས།
གཞུང་བཙུགས་སློབ་ཆེན།
སློབ་གླིང་དང་ཚན་ཁག་གི་སྒྲིག་བཀོད།
མར་ཁེ་སི་རིང་ལུགས་སློབ་གླིང་དང་། དཔལ་འབྱོར་སློབ་གླིང་། སྲིད་ཁྲིམས་སློབ་གླིང་། དོ་དམ་སློབ་གླིང་། གནའ་རྫས་རྟོག་ཞིབ་དང་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་། སྨྱན་སྦྱོར་སློབ་གླིང་སོགས་ཡོད།
རིགས།
ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་མ་དཀྱུས་མ།
གཙོ་སྐྱོང་ལས་ཁུངས།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་།
ད་ལྟའི་འགན་བཞེས་མགོ་ཁྲིད།
ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅིང་ཆིང་། སློབ་གཙོ། ཀྲང་ཀྲེང་ཝུན།
སློབ་གྲྭའི་གདམ་ཚིག
སློབ་ལ་བརྩོན་པ། བསམ་གཞིག་བྱེད་པ། རིགས་པ་བརྡར་བ། སྤྱོད་ཚུལ་སྦྱོང་བ།
སློབ་གླུ།
《མི་ཆོས་འོད་ཟེར》
དངོས་གཞིའི་ཆེད་ལས།
7ཡོད།
ས་གནས།
པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཁུལ་ཁྲོམ་གཞུང་གི་ཨང11པ།
སློབ་གྲྭའི་ཨང་རྟགས།
4111014596
1 བྱུང་བ། 

ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཆིང་ཏའོ་སློབ་ཁུལ་དུ་སློབ་མ་བསྡུ་ཡུལ་ལ་དངོས་གཞི་རིམ་དང་། རབ་འབྱམས་ཞིབ་འཇུག་སློབ་མ་བཅས་ཚུད་ཡོད་ཅིང་། མིག་སྔར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་རབ་འབྱམས་ཞིབ་འཇུག་སློབ་གླིང་ལས་གཞན་མེད་ལ། དེ་ནི་པེ་ཅིང་ལེང་ཤང་དུ་ཡོད་ཅིང་། སློབ་གྲྭ་དེར་སློབ་མ4000ལྷག(རིག་གཞུང་གི་རྣམ་པའི་རབ་འབྱམས་ཞིབ་འཇུག་པ100ལྷག་ཙམ་དང་། འབུམ་རམས་པ500ལྷག་ཙམ། ཆེད་ལས་རབ་འབྱམས་པ་ཞིབ་འཇུག་པ700ལྷག་ཙམ)ཡོད། དེ་དང་ཆ་མཐུན་པ་ནི་ཀྲུང་གོའི་ཚན་རིག་སློབ་གླིང་ཡིན་ཞིང་། དེའི་འོག་ཏུ་སློབ་གྲྭ་ཆེན་མོ་ཁ་ཤས་ཡོད་ལ། སོ་སོར་དགར་ན་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་གྲྭ་ཆེན་མོ་དང་། ཀྲུང་གོའི་ཚན་རིག་ཁང་གི་སློབ་གྲྭ་ཆེ་མོ(རྒྱལ་ཁབ་ཚན་རིག་སློབ་གྲྭ་ཆེ་མོ)བཅས་ཡིན་ཞིང་། དེ་དག་གི་སློབ་གསོའི་མ་ལག་ཅུང་འཐུས་ཚང་ཡིན་མོད། འོན་ཀྱང་སྤྱི་ཚོགས་ཚན་རིག་གླིང་རྒྱུ་རྐྱེན་གང་མང་འབྲེལ་ནས། རང་སྟེང་དུ་སློབ་གྲྭ་ཆེན་མོའི་སློབ་སྒྲུབ་ཀྱི་ཉམས་མྱོང་མེད་པས་སློབ་ཆེན་གྱི་བགྲོད་ལམ་དུ་བསྒྲེང་དཀའ་བར་གྱུར་ཡོད། རེབ་འདིར་དཀའ་བ་ཁྱད་དུ་བསད་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་ཉིད་ཀྲུང་གོའི་གཞོན་ནུའི་ཆབ་སྲིད་སློབ་གླིང་གི་རྨིང་གཞིའི་སྟེང་རྒྱ་བསྐྱེད་ནས་བཙུགས་པ་དང་ཆབ་ཅིག ཆིང་ཏའོ་ནི་ཐོག་མཐའ་བར་གསུམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་མཉམ་དུ་མཉམ་ལས་ཀྱི་འབྲེལ་བ་ལེགས་པོ་ཞིག་རྒྱུན་འཁྱོངས་བྱས་ཡོད།  

སྤྱི་ལོ2016ལོའ་ཟླ11པའི་ཚེས26ནས་ཚེས29བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་གླིང་གཙོ། རིག་གཞུང་པུའུ་ཡི་ཀྲུའུ་ཞི། ཚོགས་པའི་ཀྲུའུ་ཞི་ཝང་ཝུའེ་ཀོང་གིས་སློབ་གླིང་གི་རིག་གཞུང་བརྟག་ཞིབ་ཚོགས་པའི་སྣེ་འཁྲིད་དེ་མཚོ་སྔོན་དུ་ཡོང་ཞིང་། སྐབས་དེ་དུས་ཆིང་ཏའོ་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་དབར་འཐབ་ཇུས་མཉམ་ལས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་བཀོད་པ་རེད། 

སྤྱི་ལོ2017ལོའི་ཟླ1པའི་ཚེས7ཉིན་ཆིང་ཏའོ་གྲོང་ཁྱེར་གྱི་སྲིད་གཞུང་གིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དང་མཉམ་དུ་པེ་ཅིང་དུ་ཕྱོགས་ཡོངས་ཀྱི་འཐབ་ཕྱོགས་མཉམ་འབྲེལ་གྲོས་མཐུན་བྱུང་ཞིང་། གྲོས་མཐུན་ལྟར་ན་ཕྱོགས་གཉི་གས་ཐུན་མོང་གིས་འཛུགས་སྐྲུན་བྱས་པ་ཞིག་གོ ། 

2 སློབ་སྒྲུབ་ཆ་རྐྱེན། 

སྤྱི་ལོ2017ལོའི་ཟླ1པའི་ཚེས19ཉིན་ཆིང་ཏའོ་ཡི་དྲ་རྒྱའི་སྲིད་གཞུང་གི་ཡིག་སྒམ་ནང་དྲ་གྲོགས་ཤིག་གི་ཞིབ་ཕྲའི་འཕེལ་རིམ་ལ་ལན་འདེབས་སྐབས་ཕྱོགས་གཉིས་ཀས་མཉམ་ལས་ཀྱི་ཞིབ་ཕྲའི་གནས་ཚུལ་སྐོར་བརྗོད་ཡོད། བལྟོས་བཅས་ཀྱིས་གསར་འགྱུར་ཡོངས་བསྒྲགས་དང་བསྡུར་ཚེ་ལན་དེ་སྔར་བས་ཞིབ་ཕྲ་ཡོད་པས་ཆིང་ཏའོ་ཡི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཕན་བདེའི་གསལ་ཐོ་ཞིག་རེད་ཅེས་བརྗོད་ཆོག་པ་སྟེ། 

1.གྲོས་མཐུན་གཞིར་བཟུང་ནས་ཕྱོགས་གཉིས་ཀས་ཆིང་ཏའོ་རུ“ཆིང་ཏའོ་སློབ་ཁུལ”འཛུགས་སྐྲུན་བྱས་ནས་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མའི་རིམ་པ་ཡན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་འབྲེལ་ནས། ཕྱི་རྒྱལ་གྱི་སློབ་མ་གསོ་སྐྱོང་གིས་ཕྱོགས་གཉིས་ཀས་ཐུན་མོང་གིས“ཆིང་ཏའོ་སློབ་ཁུལ”དེ་འཛམ་གླིང་གི་མཐོ་རིམ་སློབ་གསོའི་སློབ་གླིང་རྩེ་གྲ་ཞིག་ཏུ་བསྐྲུན་རྒྱུ་ཧུར་བརྩོན་བྱེད་བཞིན་ཡོད། 

2.མཉམ་ལས་ཀྱིས“ཆིང་ཏའོ་ཞིབ་འཇུག་ཁང”མཉམ་སྐྲུན་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཆིང་ཏའོ་གྲོང་ཁྱེར་གྱི་དངོས་ཡོད་དགོས་མཁོར་དམིགས་ནས“རྒྱལ་ཁབ་ཀྱི་འཐབ་ཇུས་ཆིང་ཏའོ་ཡི་དངོས་དཔེ་ཞིབ་འཇུག”དང“ཆིང་ཏའོ་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ”སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ཏེ་འཐབ་ཇུས་རང་བཞིན་གྱི་ཞིབ་འཇུག་དང་སྲིད་ཇུས་ཞིབ་འཇུག་བྱེད་དགོས། 

3.ཕྱོགས་གཉིས་ཀས་འཕེལ་རྒྱས་ལ་ཕན་པའི་ནུས་ལྡན་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་ཆིང་ཏའོ་གྲོང་ཁྱེར་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་སོགས་ཆིང་ཏའོ་གྲོང་ཁྱེར་གྱི་ད་ཡོད་ཐོན་ཁུངས་སྐུལ་སློང་དང་བེད་སྤྱོད་བྱེད་པ།  

4.ཀྲུང་གོའི་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཆིང་ཏའོ་མཐོ་གསར་ཁུལ་དང་མཉམ་དུ“ཆིང་ཏའོ་མཐོ་གསར་ཁུལ་གྱི་ཞིབ་འཇུག་རྟེན་གཞི”བསྐྲུན་པ་དང་འབྲེལ“ཆིང་ཏའོ་ཞིབ་འཇུག་ཁང”གི་ནང་བཅུག་པ། 

5.རྒྱལ་སྤྱིའི་རང་བཞིན་གྱི་གླེང་སྟེགས་མཉམ་འབྲེལ་ཐོག་གཉེར་བ། 

ཆིང་ཏའོ་གྲོང་ཁྱེར་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱ་ནས། ཀྲུང་གོའི་འབྲེལ་ཡོད་ཞིབ་འཇུག་ཁང་གིས་ཆིང་ཏའོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་འཛུགས་སྐྲུན་བཅས་ཀྱི་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་དང་། བཟོ་བའི་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས་ཆིང་ཏའོ་གྲོང་ཁྱེར་གྱི་ཐབས་ཇུས་གལ་ཆེན་དང་འཕེལ་རྒྱས་འཐབ་ཇུས་སོགས་ལ་ཐབས་ཇུས་ལ་བློ་འདྲི་བ། དཔྱད་དཔོག་རིག་པས་ཁུངས་སྐྱེལ་སོགས་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། 

6.ཤེས་ལྡན་མི་སྣའི་སྤེལ་རེས་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་སྣ་སྤེལ་རེས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་ལུགས་བཙུགས་ནས་ལས་འགན་གཅིག་ལྕོགས་ཀྱིས་ལས་ཀ་དང་། སྙན་སྒྲོན་ཚོགས་འདུ། འཆད་ཁྲིད། དུས་ཐུང་གསོ་སྦྱོང་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག་གི་དོ་དམ། གསར་གཏོད་ཤེས་ལྡན་མི་སྣ་སྣ་ཚོགས་ལ་གསོ་སྐྱོང་བྱེད་བཞིན་ཡོད། 

ཆིང་ཏའོ་ནི་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གྲས་ཤིག་ཏུ་གཏན་འཁེལ་བྱས་པ་དང་། ངེས་པར་དུ་སློབ་གསོའི་ཐོན་ཁུངས་འབོར་ཆེན་ཞིག་དེ་དང་འཚམ་དགོས། འོན་ཀྱང་མིག་སྔར་ཆིང་ཏའོ་སློབ་གསོའི་མ་ལག་ཅུང་ཞན་པ་དང་། ནང་སྐྱེས་སྟོབས་ཤུགས་དུས་ཡུན་ཐུང་ངུའི་ནང་ཚད་བརྒལ་བྱེད་དཀའ་བས། ངེས་པར་དུ་ཕྱི་སྐྱེས་འགྱུར་ཚད་ལ་བརྟེན་དགོས། 

ཆིང་ཏའོ་ཡི་མིག་སྔའི་སློབ་ཆེན་དག་ལས་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་དང་། ཧྲན་ཏུང་སློབ་ཆེན་གྱི་ཆིང་ཏའོ་སློབ་ཁུལ། ཀྲུང་གོ་རྡོ་སྣུམ་སློབ་ཆེན་སོགས་ཚུད་ལ། མཐོ་སློབ་དེ་དག་གིས་རྩིས་ཚན་རིག་པ་གཙོ་གནད་དུ་བཟུང་བས། རིག་ཚན་རིག་པ་ནི་ཆིང་ཏའོ་སློབ་གསོའི་ཐོན་ཁུངས་ཀྱི་ཞན་ཆ་ཞིག་ཏུ་གྱུར་ཡོད།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་ཆེན་གཞིས་ཆགས་པ་དེས་གྲོང་ཁྱེར་དེའི་སྤྱི་ཚོགས་ཚན་རིག་གི་སྣང་ཚུལ་སྣ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་མིག་རྒྱང་ཡང་རྒྱལ་སྤྱི་ཅན་དུ་འགྱུར་བཞིན་པའི་ཆིང་ཏའོ་ལ་ཇུས་འདོན་ཚོགས་པའི་རྒྱབ་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད། 

3 སློབ་གླིང་གི་ཁོར་ཡུག  

སྤྱི་ལོ2017ལོའི་ཟླ1པའི་ཚེས20ཉིན་ཆིང་ཏའོ་གྲོང་ཁྱེར་གྱིས་སློབ་གསོ་དོན་འཁྱོལ་བྱས་ནས། “ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་ཆེན་གྱི་ཆགས་ཡུལ་ནི་ལི་ཚང་ཆུས་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི་ཉེ་འགྲམ་བདམས་ཡོད། 


དཔྱད་གཞིའི་ཡིག་ཆ།