ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-06 10:10ལ་འགྲུབ།

ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།

ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་།
ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས་ཤིག་ཡིན་ཞིང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་བྱ་གཞག་ལ་འགོ་ཁྲིད་གནང་བཞིན་ཡོད་ལ། སྔོན་མར་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཨུ་ཡོན་ལྷན་ཁང་ཞེས་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共中央直属机关工作委员会
ངོ་བོ།
ཀྲུང་གོའི་གུང་ཁྲན་ཏང་གི་ཀྲུང་དབྱང་གི་མངག་གཏོང་ལས་ཁུངས།
1 ​གཞི་རྩའི་གནས་ཚུལ། 

གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ནི་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྡེ་ཁག་ཅིག་ཡིན་ལ། ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཁོངས་མི་ཀྲུང་དབྱང་གིས་བསྐོ་གཞག་གནང་གི་ཡོད། 

དེའི་འགན་ནུས་གཙོ་བོ་ནི། ཀྲུང་དབྱང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འཆར་འགོད་བཏོན་ཏེ། གཞི་རིམ་རྩ་འཛུགས་ཀྱིས་ཏང་གི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། ཀུན་སྤྱོད་འཛུགས་སྐྱོང་བཅས་ལེགས་པོ་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཏང་ཡོན་ལ་དོ་དམ་དང་སློབ་གསོ་རྒྱག་པའི་ལས་ཀ་ལེགས་པར་བསྒྲུབ་དགོས། སྡེ་ཁག་སོ་སོའི་ལས་ཁུངས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པར་ཞིབ་བཤེར་ཆོག་མཆན་འགོད་འགན་འཁུར་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་སྤྱི་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱེད་པར་མཛུབ་སྟོན་བྱེད་པ་དང་། དུས་ཐོག་ཏུ་ཀྲུང་དབྱང་ཡར་ཞུ་པུའུ་དང་། ཨུ་ཡོན་ལྷན་ཁང་། གཞུང་ལས་ཁང་།  འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པའི་གནས་ཚུལ་བཅས་ཡར་ཞུ་བྱེད་དགོས། ཀྲུང་དབྱང་གིས་སྤྲད་པའི་ལས་འགན་གཞན་དག་ལག་ཏུ་བསྟར་ནས། ཕྱིན་ཆད་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཡིག་ཐོག་ནས་བཀོད་སྒྲིག་བྱས་པའི་ལས་དོན་ཡིན་ཕྱིན་ལས་དོན་ཨུ་ཡོན་ལྷན་ཁང་གིས་སླར་ཡང་བཀོད་སྒྲིག་བསྐྱར་ཟློས་མི་བྱེད་པར་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། སྡེ་ཚན་ཁག་གི་ལས་ཁུངས་ཏང་ཨུད་ཀྱི་ལས་ཀའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས།

2 འགན་འཁྲི་གཙོ་བོ།   

1. ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འཆར་གཞི་འགོད་པར་འགན་འཁུར་རྒྱུ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་ཀར་འགོ་ཁྲིད་བྱེད་པར་འགན་འཁུར་བཞིན་ཡོད། 

2.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་བཅས་ལ་སློབ་སྦྱོང་བྱེད་པ། 

3.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་ལ་ཁྲིད་སྟོན་བྱས་ཏེ་ཏང་ཡོན་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། 

4.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་པ་ཤུགས་ཆེ་རུ་གཏོང་བར་མཛུབ་སྟོན་དང་། ཏང་ཡོན་དོ་དམ་དང་ཏང་ནང་གི་ཁྲིམས་སྲོལ་སློབ་གསོའི་ལས་དོན་ལེགས་པར་བསྒྲུབ་དགོས། 

5.ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ལས་དོན་ལ་ཁྲིད་སྟོན་དང་། འཆར་འགོད། མཐུན་སྦྱོར། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་དགོས། 

6.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཏང་སྲོལ་ལེགས་འགྱུར་དང་སྲིད་དོན་གཙང་སྐྱོང་བྱེད་པའི་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་སྤྱི་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་བྱེད་པ། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་པུའུ་དང་། ཨུ་ཡོན་ལྷན་ཁང་། གཞུང་ལས་ཁང་།  འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཀྲུང་དབྱང་ལ་ཞུ་དགོས། 

7.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་ཁག་གི་ཏང་ཨུ་དང་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་པའི་གྲུབ་ཚུལ་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་གོ་གནས་བསྐོ་འཐེན་བྱེད་པར་ཞིབ་མཆན་འགོད་དགོས། 

8.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་འགོ་ཁྲིད་བྱེད་པ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་པུའུ་རིམ་པའི་ཏང་ཡོན་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ལ་གྲོས་ཞིབ་བྱེད་པ་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཅུས་རིམ་པའི་ཏང་ཡོན་ལས་བྱེད་པས་ཏང་ནང་གི་གོ་གནས་ཕྱིར་འཐེན་ཡན་གྱི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ལ་ཞིབ་མཆན་འགོད་དགོས། 

9.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་། གུང་གཞོན་སྡེ་ཚོགས་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཐད་གཏོགས་བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་རྩ་འཛུགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱས་ནས། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་དང་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་གོ་གནས་བསྐོ་འཐེན་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་དང་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་གོ་གནས་བསྐོ་འཐེན་དང་ཀྲུང་དབྱང་ཐད་གཏོགས་བུད་མེད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་དང་དེ་བཞིན་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པའི་གོ་གནས་བསྐོ་འཐེན་སོགས་ལ་ཞིབ་མཆན་འགོད་དགོས། 

10.ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་ལས་དོན་ལ་ཕྱོགས་བསྡུས་སློབ་སྟོན་བྱེད་པར་འགན་འཁུར་བ། 

11. འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་དང་མཐུན་སྦྱོར་བྱས་ནས་ལས་དོན་ཡག་པོ་སྒྲུབ་དགོས། 

12. ཏང་ཀྲུང་དབྱང་གིས་མངག་བཀོད་བྱས་པའི་ལས་འགན་གཞན་དག་ཡོངས་སུ་འགྲུབ་པར་བྱེད་དགོས་སོ། ། 

3 འགོ་ཁྲིད་རིམ་བྱོན།

ཏིང་ཞུའེ་ཞང་ལགས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། རྒྱལ་ཁབ་ཀྲུའུ་ཞིའི་གཞུང་ལས་ཁང་གི་ཀྲུའུ་རེན ། ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།  

ཀྲང་ཅན་ཕིང་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

ཧོའུ་ཁའེ་ལགས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

ཝང་ཤིའུ་ཧྥུང་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

ལི་ཡུང་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

ཝུའུ་ཧན་ཧྲེང་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

ཀྲོའུ་ཝེ་ཞན་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་སློབ་གྲྭའི་རྒྱུན་ལས་ཀྱི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས། 

ཧྥུ་ཡུང་ཀྲུང་ལགས་ཀྱིས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 


དཔྱད་གཞིའི་ཡིག་ཆ།