ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-06 10:09ལ་འགྲུབ།

ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས།

ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས།
ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱི་མིང་ཆ་ཚང་ལ་ཀྲུང་གུང་ཀྲུང་དབྱང་གི་མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན། སི་ཏ་ལིན་བཅས་ཀྱི་གསུང་རྩོམ་རྩོམ་སྒྱུར་ཅུས་ཞེས་ཟེར་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་དང་པུའུ་རིམ་པ་གཞོན་པའི་སྡེ་ཁག་ཅིག་ཡིན། སྤྱི་ལོ1942ལོར་གསར་དུ་བཙུགས་ཤིང་། འགན་འཁྲི་གཙོ་བོ་ནི་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་རྩོམ་སྒྱུར་དང་། ཀྲུང་དབྱང་གི་ཡིག་ཆ་ཕྱི་ཕྱོགས་སུ་སྒྱུར་བ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ཐོན་ཁུངས་འཛུགས་སྐྲུན་དང་། དེ་བཞིན་དུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཁྱབ་གདལ་བྱེད་རྒྱུ་དེའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共中央编译局
བཙུགས་དུས།
སྤྱི་ལོ1942ལོ།
ཕྱི་ཡིག་གི་མིང་།
Central Compilation and Translation Bureau
ཅུས་ཀྲང་།
ཅ་ཀའོ་ཅན།
གཙོ་སྒྲུབ་དུས་དེབ།
《མར་ཁེ་སི་རིང་ལུགས་དང་དོན་དངོས》
1 ​སྒྲིག་གཞི་ངོ་སྤྲོད། 

ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས་ལ་ཡིག་སྒྱུར་དང་། ཞིབ་འཇུག ཆ་འཕྲིན། རྩོམ་སྒྲིག་བཅས་ཀྱི་ཤེས་ལྡན་པ་འབོར་ཆེན་ཞིག་ཡོད་པ་མ་ཟད། ལོ་ལྟར་དབྱིན་ཇི་དང་། འཇར་མན། ཧྥ་རན་སེ། ནུབ་རྒྱུད། ཨུ་རུ་སུ། འཇར་པན་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དག་གདན་དྲངས་ནས་ལས་དོན་ལ་གཞོགས་འདེགས་བྱེད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རྩ་འཛུགས་དང་སྒྲིག་གཞི་མང་པོ་མཉམ་ལས་རྒྱ་ཁྱབ་བྱས་པས། རིག་གཞུང་སྤེལ་རེས་ཀྱི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད། 

ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་ཞབས་ཞུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཞབས་ཞུའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡིག་སྒྱུར་དང་ཞིབ་འཇུག་གི་དགོས་གལ་མཉམ་བརྩི་དང་། ཚད་ལྡན་ཡིག་ཆ་དང་དངོས་ཡོད་གནད་དོན་མཉམ་བརྩི། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་རིག་གཞུང་དྲིལ་བསྒྲགས་ཁྱབ་གདལ་གལ་ཆེན་མཉམ་བརྩི་བྱེད་པ་བཅས་ཀྱི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཕྱོགས་ཡོངས་དོན་འཁྱོལ་མཐར་ཕྱིན་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་གིས་འབུལ་དགོས། སྤྱི་ལོ2018ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་ནས་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་དབྱང་རྩོམ་སྒྱུར་ཅུས་བཅས་ཀྱི་འགན་འཁྲི་བསྡུ་སྒྲིལ་གྱིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཐད་གཏོགས་བྱ་གཞག་ཚན་པར་བརྩིས་པ་རེད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཕྱི་ཕྱོགས་སུ་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱེད་པ་ལས། ཀྲུང་དབྱང་རྩོམ་སྒྱུར་ཅུས་སོར་འཇོག་མི་བྱེད། 

2 རྩ་འཛུགས་ལས་ཁུངས།
2_1  ཁོངས་གཏོགས་ལས་ཁུངས། 

མཱ་ཨེན་ལེ་སི་ཡི་གསུང་རྩོམ་སྒྲིག་སྒྱུར་པུའུ། 

ཀྲུང་གུང་ཡིག་ཆ་ཡིག་སྒྱུར་པུའུ། 

མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་པུའུ། 

དེང་རབས་མར་ཁེ་སི་རིང་ལུགས་ཞིབ་འཇུག་པུའུ། 

མར་ལེ་རིང་ལུགས་ཀྱི་ཆ་འཕྲིན་ཡིག་ཆ་པུའུ། 

གཞུང་ལས་ཐིང་། 

མི་དོན་པུའུ། 

ལས་བྲལ་ལས་འཁྱུར་པུའུ་གཞུང་ལས་ཁང་། 

ཀྲུང་གུང་རྩོམ་སྒྱུར་པར་སྐྲུན་ཁང་། 

2_2 ཞིབ་འཇུག་ལྟེ་གནས། 

མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལྟེ་གནས། 

འཛམ་གླིང་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ལྟེ་གནས། 

དེང་རབས་མར་ཁེ་སི་རིང་ལུགས་ཞིབ་འཇུག་ལྟེ་གནས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ལྟེ་གནས། 

མར་ཁེ་སི་རིང་ལུགས་ཡིག་ཆ་ཉར་ཚགས་ཞིབ་འཇུག་ལྟེ་གནས། 

2_3 རིག་གཞུང་ཚོགས་པ།  

ཀྲུང་གོའི་མར་ཁེ་སི་དང་ཨེན་ཀེ་སིའི་ཞིབ་འཇུག་ཚོགས་པ།

ཀྲུང་གོའི་རྒྱལ་སྤྱིའི་ཐུན་མོང་ལུས་རྩལ་སློབ་ཚོགས།

ཀྲུང་གོའི་འཚོལ་བྱང་སློབ་ཚོགས། 

3 འགོ་ཁྲིད་ཚན་ཁག

ཅུས་ཀྲང་། ཅ་ཀའོ་ཅན། 

ཅུས་ཀྲང་གཞོན་པ། ཝེ་ཧའེ་ཧྲེང་དང་།  ཅི་ཀྲེང་ཅུས། 

 དྲུང་ཡིག། ཚུའེ་ཡིའུ་ཕིན། 

4 གཙོ་སྒྲུབ་དུས་དེབ། 

ཀྲུང་གུང་ཀྲུང་དབྱང་རྩོམ་སྒྱུར་ཅུས་ཀྱིས་གཙོ་གཉེར་བྱས་པའི་དུས་དེབ་སྟེ། 《མར་ཁེ་སི་རིང་ལུགས་དང་དོན་དངོས》དང་། 《དེང་རབས་ཀྱི་འཛམ་གླིང་དང་སྤྱི་ཚོགས་རིང་ལུགས》 《དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་སྲོལ་བསྡུར་བ》 《ཕྱི་རྒྱལ་གྱི་རིགས་པའི་གཞུང་ལུགས་ཀྱི་འགྱུར་ལྡོག》 《ཕྱི་རྒྱལ་གྱི་དཔེ་དེབ་ཆ་འཕྲིན》 《ཨུ་རུ་སུའི་ཞིབ་འཇུག་ཆ་འཕྲིན》བཅས་ཡོད། 

དཔྱད་གཞིའི་ཡིག་ཆ།