ཀྲུང་དབྱང་ཉེན་སྲུང་ཅུས།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-05 08:48ལ་འགྲུབ།

ཀྲུང་དབྱང་ཉེན་སྲུང་ཅུས།

ཀྲུང་དབྱང་ཉེན་སྲུང་ཅུས།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ཉེན་སྲུང་ཅུས་ཀྱི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ཉེན་སྲུང་ཅུས་སམ་ཀྲུང་དབྱང་ཉེན་སྲུང་ཅུས་ཞེས་འབོད་ཅིང་། སྤྱི་ལོ1949ལོའི་ཟླ4པར་ཞི་པའེ་ཕོ་རུ་བཙུགས་པའི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ཉེན་སྲུང་ཁྲུའུ་ཞེས་པ་དེ་ཡིན། རྩ་འཛུགས་དེ་ཉིད་བཅིངས་འགྲོལ་དམག་གི་སྒྲིག་ཁོངས་སུ་གཏོགས་པ་དང་དམག་ཁུལ་ཆེ་མོ་གཞོན་པའི་རིམ་པའི་ས་གནས་ཀྱི་སྒྲིག་གཞི་ཞིག་གོ །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会办公厅警卫局
བསྡུས་མིང་།
ཀྲུང་དབྱང་ཉེན་སྲུང་ཅུས།
རིམ་པ།
དམག་ཁུལ་ཆེན་མོའི་ཁུལ་གྱི་རིམ་པ་གཞོན་པ།
བཙུགས་དུས།
སྤྱི་ལོ1949ལོའ་ཟླ4པ།
1 ​སྒྲིག་གཞིའི་འགན་ནུས།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་སྐུ་སྲུང་ཅུས་ཀྱི་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐེང་གི་སྲུང་ཅུས་སམ་ཀྲུང་དབྱང་སྐུ་སྲུང་ཅུས་ཞེས་འབོད་ཅིང་། དེ་ནི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་སྐུ་སྲུང་ཅུས་ཡིན་ཞིང་། ཉེ་སྔོན་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་སྐུ་སྲུང་ཁྲུའུ་དེ་ཡིན། འབྲེལ་གཏུག་ལས་དོན་དང་དེ་འབྲེལ་གྱི་ལོ་རྒྱུས་སྒྲིག་གཞིའི་རྒྱུ་རྐྱེན་སྟབས་བདེ་ཡོང་ཆེད། ཀྲུང་གོ་སྤྱི་བདེ་པུའུ་རིམ་པའི་ནང་བཅུག་པར་སྤྱི་བདེ་པུའུ་ཡི་ཅུས་དགུ་ཡང་ཟེར་མོད། འོན་ཀྱང་དེའི་ཐད་ཀའི་འགོ་ཁྲིད་ནི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་ཡིན་པ་དང་། བཅིངས་འགྲོལ་དམག་གི་སྒྲིག་ཁོངས་སུ་གཏོགས་པ་དང་དམག་ཁུལ་ཆེན་མོ་གཞོན་པའི་རིམ་པ། ས་གནས་ཀྱི་སྒྲིག་གཞི་བཅས་ཀྱང་རེད། དེའི་འགན་ནུས་གཙོ་བོ་ནི་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་ནན་ཧའེ་སོགས་ཀྱི་བྱ་བའི་འགན་འཁུར་རྒྱུ་དེ་རེད།

2  ལོ་རྒྱུས་ཀྱི་བྱུང་བ།  

སྤྱི་ལོ1949ལོའི་ཟླ4པར། ཀྲུང་གུང་ཀྲུང་དབྱང(ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང)གི་གཞུང་ལས་ཐིང་གི་ཉེན་སྲུང་ཁྲུའུ་ཞི་པའེ་ཕོ་རུ་བཙུགས། 
    སྤྱི་ལོ1950ལོའི་ཟླ3པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་སྐུ་སྲུང་ཁྲུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་སྐུ་སྲུང་ཅུས(སྤྱི་བདེ་པུའུ་ཡི་ཅུས་བརྒྱད་པ)བཙུགས། 
 སྤྱི་ལོ1953ལོའི་ཟླ3པར། ཀྲུང་ནན་ཧའེ་ཡི་ལས་དོན་དེ་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་ཉེན་སྲུང་ཅུས་ནས་ལོགས་སུ་ཅུས་ཤིག་བཙུགས་པ་ནི། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་ཀྲུང་ནན་ཧའེ་ཉེན་སྲུང་ཅུས(སྤྱི་བདེ་པུའུ་ཅུས་དགུ་པ)ཞེས་པ་རེད། 
    སྤྱི་ལོ1969ལོའི་ཟླ10པར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ཉེན་སྲུང་ཁྲུའུ་དེ་སྤྱི་བདེ་པུའུ་ཅུས་དགུ་པ་དང་ཀྲུང་དབྱང་ཉེན་སྲུང་ཐོན་ཟླ་སྒྲིལ་བཏང་ནས་དམག་དཔུང་གི་སྒྲིག་གཞི་ནང་བཅུག་ནས་ཅུན་རིམ་པར་སྤར་ཡོད། 
 སྤྱི་ལོ1977ལོར།  ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་སྐུ་སྲུང་ཁྲུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་སྐུ་སྲུང་ཅུས་ཞེས་པར་བསྒྱུར།

དཔྱད་གཞིའི་ཡིག་ཆ།