ཀྲུང་དབྱང་ཏང་གི་སློབ་གྲྭ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-11-19 14:56ལ་འགྲུབ།

ཀྲུང་དབྱང་ཏང་གི་སློབ་གྲྭ།

ཀྲུང་དབྱང་ཏང་གི་སློབ་གྲྭ།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་རྣམ་པས་རེས་མོས་སུ་གསོ་སྦྱོང་སྦྱོང་བརྡར་བྱེད་ས་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པའི་སློབ་གྲྭ་མཐོ་ཤོས་ཤིག་ཡིན་ལ། དེ་ནི་ཏང་ཀྲུང་དབྱང་ཐད་གཏོགས་ཀྱི་སྡེ་ཁག་གལ་ཆེན་ཞིག་ཡིན་ནོ། ། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་བཅས་ལ་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་སའི་ས་ཚིགས་གལ་ཆེན་དང་ཏང་གཤིས་སྦྱོང་བརྡར་བཙོ་སྦྱང་བྱེད་ས་ཞིག་ཡིན་པ་མ་ཟད། ད་དུང་ཏང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ལས་ཁུངས་ཤིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党中央委员会党校
གཙོ་སྐྱོང་སྡེ་ཁག
ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཀྲུང་དབྱུང་ཨུ་ཡོན་ལྷན་ཁང་།
ཕྱི་ཡིག་གི་མིང་།
Party School of the Central Committee of CPC
འགན་བཞེས་མགོ་ཁྲིད།
ཁྲེན་ཞི།(སློབ་གཙོ།)
བསྡུས་མིང་།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའམ། ཀྲུང་དབྱང་ཏང་གི་སློབ་གྲྭ།
སློབ་གྲྭའི་གདམ་ཚིག
དངོས་ཐོག་བདེན་འཚོལ།
བཙུགས་ལོ།
སྤྱི་ལོ1933ལོའི་ཟླ3པའི་ཚེས13ཉིན།
ས་གནས།
ཀྲུང་གོའི་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་ཏཱ་ཡོའུ་ཀྲོང་ཨང100པ།
1 ​འགན་འཁྲི་གཙོ་བོ། 

རྒྱལ་ཡོངས་ཀྱི་མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་ལས་བྱེད་པ་དང་ན་གཞོན་རྗེས་གྲབས་ལས་བྱེད་ལ་གསོ་སྦྱོང་གི་འགན་འཁུར་ཞིང་། རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་དང་དྲིལ་བསྒྲགས་བྱས་ནས། ཏང་ཀྲུང་དབྱང་གིས་འཐབ་ཇུས་ཐག་གཅོད་བྱེད་པར་འགན་འཁུར་གྱི་ཡོད་ལ།  མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པ་གསོ་སྐྱོང་དང་། རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་གི་སློབ་གྲྭར(སྲིད་འཛིན་སློབ་གླིང)ལས་སྒོའི་སློབ་སྟོན་བྱེད་པ་སོགས་ཀྱི་འགན་བཞེས་ཡོད་དོ། །

2 སྒྲིག་གཞིའི་འགན་ནུས།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭ(བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་ཟེར)ནི་ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་དང་འབྲིང་རིམ་འགོ་ཁྲིད་ལས་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལས་བྱེད་གསོ་སྦྱོང་བྱེད་སའི་སློབ་གྲྭ་མཐོ་ཤོས་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཐད་གཏོགས་བྱ་གཞག་སྡེ་ཚན། ཏང་ཀྲུང་དབྱང་ཐད་གཏོགས་ཀྱི་སྡེ་ཚན་གལ་ཆེན་བཅས་ཡིན་ལ། “ཀྲུང་གུང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཞིབ་འཇུག་རྟེན་གཞི་གལ་ཆེན”ཡང་ཡིན། སྔོན་མར་ས་ཞིང་གསར་བརྗེའི་དུས་སྐབས་སུ་བཙུགས་པའི་མར་ཁེ་སི་གུང་ཁྲན་རིང་ལུགས་ཀྱི་སློབ་གྲྭ་དེ་ཡིན། 

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཞིང་ཆེན་དང་པུའུ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་། ཐིང་དང་། ཅུས་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ(གྲོང་ཁྱེར)། ཧྲུའུ་ཅི། ཐིང་དང་ཅུས་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་གཞོན་པ་རྣམས་ལ་ཞིང་ཆེན་དང་པུའུ་རིམ་པའི་རྗེས་གྲབས་ལས་བྱེད་གསོ་སྦྱོང་བྱ་རྒྱུ་དེ་ཡིན། 

3 སློབ་གྲྭའི་ལས་དོན་ཨུ་ཡོན་ཁང་།  

སློབ་གཙོ། ཁྲེན་ཤིས་ལགས་ཀྱིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)འི་སློབ་གཙོ(གླིང་གཙོ)བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།  

སློབ་གཙོ་གཞོན་པ། དུས་རྒྱུན་གྱི་ལས་དོན་ལས་བགོས་འགན་གཉེར་གནང་མཁན་གྱི་སློབ་གཙོ་གཞོན་པ་རྣམས་ནི་འདི་ལྟ་སྟེ། ཧོ་དབྱི་ཐིན(སློབ་གཙོ་གཞོན་པ) གཞན་ཝང་ཏུང་ཅིང་དང་། ཀྲེན་ཀྲན་རྨིན། ལི་ཅི། ཞེ་ཁྲུན་ཐའོ་བཅས་སོ། །  

4 ལོ་རྒྱུས་ཀྱི་བྱུང་བ། 

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྔ་དུས་ཀྱི་མིང་ནི་སྤྱི་ལོ1933ལོའི་ཟླ3པའི་ཚེས13ཉིན་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་བཙུགས་པའི་མར་ཁེ་སི་གུང་ཁྲན་རིང་ལུགས་ཀྱི་སློབ་གྲྭ་ཞེས་པ་དེ་ཡིན། 

སྤྱི་ལོ1935ལོར་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་དང་མཉམ་དུ་ཧྲན་ཞིའི་བྱང་རྒྱུད་དུ་འབྱོར་རྗེས་ཀྲུང་དབྱང་ཏང་གི་སློབ་གྲྭ་ཞེས་པར་བསྒྱུར། སྤྱི་ལོ1937ལོར་ཡན་ཨན་དུ་སྤར། 

སྤྱི་ལོ1942ལོ་ནས་བཟུང་མའོ་ཙེ་ཏུང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་འགོ་འཛིན་གྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1947ལོར། ཀྲུང་དབྱང་ཏང་གི་སློབ་གྲྭ་ཡན་ཨན་ནས་ཕྱིར་འཐེན་བྱས། 

སྤྱི་ལོ1948ལོར་ཀྲུང་གུང་ཀྲུང་དབྱང་གིས་གཏན་འབེབས་ལྟར་གསར་སྒྲུབ་མཐོ་རིམ་ཏང་གི་སློབ་གྲྭ་ཞིག་སྟེ། མིང་ལ་མར་ལེ་སློབ་གླེང་ཞེས་གསོལ་ཞིང་། ལུའུ་ཧྲའོ་ཆི་ཡིས་གླིང་གཙོ་ཡི་འགན་གཅིག་ལྕོགས་སུ་བཞེས། 

པེ་ཕིང་བཅིངས་འགྲོལ་རྗེས་སུ། མར་ལེ་སློབ་གླིང་དེ་པེ་ཕིང་དུ་སྤར་ཅིང་། དེ་ནི་ཀྲུང་གུང་ཀྲུང་དབྱང་ཐད་གཏོགས་མཐོ་རིམ་ཏང་གི་སློབ་གྲྭར་བསྒྱུར། 

སྤྱི་ལོ1966ལོ་ནས་བཟུང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་སྒྲུབ་མཚམས་བཞག 

སྤྱི་ལོ1977ལོར་སློབ་སྒོ་ཕྱེ་ནས་ད་ལྟའི་མིང་ལ་གཏན་ཁེལ་བྱས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྔོ་རྗེས་སུ། ཧུའུ་ཡའོ་པང་ལགས་ཀྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་བྱ་བ་གཙོ་སྐྱོང་གནང་སྐབས། ཀྲུང་དབྱང་ཏང་གི་སློབ་གྲྭས་བདེན་དོན་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་ཆེན་པོ་བྱེད་པར་སྐུལ་འདེད་བཏང་སྟེ། ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སླར་གསོ་དང་། ཏང་ཡོངས་ཀྱི་ལས་ཀའི་གཙོ་གནད་བསྒྱུར་བར་ནུས་པ་གལ་ཆེན་ཐོན་ཡོད། 

སྤྱི་ལོ2018ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གིས《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འགན་འཁྲི་བསྡུ་སྒྲིལ་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གསར་པ་བཙུགས་པ་དང་སྒྲིག་གཞི་གཅིག་ལ་སྒོ་བྱང་བཀལ་ནས་ཏང་ཀྲུང་དབྱང་གི་ཐད་གཏོགས་བྱ་གཞག་ཚན་པར་བརྩིས་པ་རེད།


དཔྱད་གཞིའི་ཡིག་ཆ།