སྤྱི་ལོ1955ལོའི་ཟླ2པའི་ཆེས8ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་དྲུག་པའི་གྲོས་ཚོགས་སུ《ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱིས་དམག་ལ་ཞབས་ཞུའི་ཕྱོགས་སྐོར་གྱི་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཕྱོགས་ཡོངས་ནས་དམག་མིའི་གོ་རྟགས་ལམ་ལུགས་ལག་ཏུ་བསྟར་རྒྱུ་སྲོལ་ཡིག་ནང་གཏན་འབེབས་བྱས་དོན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱི་གོ་རྟགས་ཨང་རིམ4སོགས་སུ་དགར་ནས་རིམ་པ15འི་བར་དབྱེ་ཡོད་དེ། དཔེར་ན། དམག་སྤྱི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི། ཅང་དཔོན། ཅང་དཔོན་ཆེན་མོ་དང་། ཅང་དཔོན་གོང་མ། ཅང་དཔོན་བར་མ། ཅང་དཔོན་འོག་མ་བཅས་ཡོད། ཞའོ་དཔོན། ཞའོ་དཔོན་ཆེན་མོ་དང་། ཞའོ་དཔོན་གོང་མ། ཞའོ་དཔོན་བར་མ། ཞའོ་དཔོན་འོག་བཅས་སོ། ། ཝེ་དཔོན། ཝེ་དཔོན་ཆེན་མོ་དང་། ཝེ་དཔོན་གོང་མ། ཝེ་དཔོན་བར་མ། ཝེ་དཔོན་འོག་མ་བཅས་སོ། །
《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱིས་དམག་ཞབས་ཞུའི་ཕྱོགས་སྐོར་གྱི་སྲོལ་ཡིག》གི་ལེའུ་གཉིས་པའི་དོན་ཚན་བཅུ་པའི་ནང་གཏན་འབེབས་བྱས་དོན། “མི་དམངས་ཀྱི་དྲག་པོའི་སྟོབས་ཤུགས་གསར་འཛུགས་དང་། འགོ་ཁྲིད་བྱེད་པའང་ཡང་ན་གཡུལ་འགྱེད་དཔུང་ཚོགས་ཀྱི་འགོ་ཁྲིད་ནས་དམག་འཐབ་བྱས་ནས་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད་པའི་མཐོ་རིམ་དམག་དཔོན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་དཔོན་གནས་སྤྲོད་རྒྱུ”ཞེས་གཏན་འབེབས་གནང་ཡོད།
སྤྱི་ལོ1965ལོའི་ཟླ5པའིཚེས22ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག《ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་དཔོན་གནས་ལམ་ལུགས་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1965ལོའི་ཟླ6པའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་རྒྱུའི་མགོ་བརྩམས།
སྤྱི་ལོ1988ལོའི་ཟླ7པའི་ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་གྱི་དཔོན་གནས་སྩོལ་བའི་སྲོལ་ཡིག》ལ་གྲོས་འཆམ་བྱུང་ཞིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་མིའི་དཔོན་གནས་ལམ་ལུགས་དངོས་སུ་སླར་གསོ་བྱས། དམག་མིའི་གོ་རྟགས་ལམ་ལུགས་སླར་གསོ་བྱས་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ། དམག་དཔོན་ཆེན་མོ་བཅས་དང་དེ་བཞིན་ཏ་ཝེ་དང་ཇུན་ཝེ་ཡི་དཔོན་གནས་མེད་པར་བཟོས།
སྤྱི་ལོ1955ལོའི་ཟླ9པའི་ཚེས27ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་དཔོན་གནས་སྩོལ་རྒྱུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
སྤྱི་ལོ1955ལོའི་ཟླ9པའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར། པེ་ཅིང་ཧོའེ་རེན་ཐང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་དཔོན་གནས་དང་བྱས་རྗེས་གཟེངས་རྟགས་ཀྱི་མཛད་སྒོ་གནང་བ་དང་། ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཀྲུའུ་ཏེ་དང་། ཕེང་ཏུ་ཧོའེ། ལིན་ལིན། ལིའུ་པོ་ཁྲེང་། ཧོ་ལུང་། ལུའོ་རུང་ཧོན། ཞུས་ཞང་ཆན། ཉེ་རུང་ཀྲེན་བཅས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་དཔོན་གནས་བསྩལ་པ་མ་ཟད། རིམ་པ་དང་པོའི་བྱས་རྗེས་གཟེངས་རྟགས་དང་། རིམ་པ་དང་པོའི་རང་ཚུགས་རང་དབང་གི་བྱས་རྗེས་གཟེངས་རྟགས། རིམ་པ་དང་པོའི་བཅིངས་འགྲོལ་བྱས་རྗེས་གཟེངས་རྟགས་བཅས་ཀྱང་གནང་བ་རེད། བཅིངས་འགྲོལ་དམག་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི“དམག་ཆེན་མོ་བཅུ”ཞེས་གཏན་འཁེལ་གྱིས་ཡོངས་སུ་གྲགས།