སྟ་རེའི་འགུལ་སྐྱོད།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-10-28 15:40ལ་འགྲུབ།

སྟ་རེའི་འགུལ་སྐྱོད།

སྟ་རེའི་འགུལ་སྐྱོད།
《སྟ་རེའི་འགུལ་སྐྱོད》ཅེས་པའི་གློག་བརྙན་འདི་ནི་ཞུའུ་ཝེ་ཞང་གིས་འཁྲབ་ཁྲིད་བྱས་ཤིང་། ཧའོ་ཕིན་དང་ཝུའུ་ཞའོ་ཡོན། ཅང་ལིན་ཡུའེ། ཀྲོའུ་ཡུའུ་མིན། ཁྲེ་ཧྲུན་ཐེན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས17ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། ཟློས་གར་གློག་བརྙན། རིང་ཚད་ལ་སྐར92ཡོད།
གཞི་རྩའི་གནས་ཚུལ།

མིང་།
སྟ་རེའི་འགུལ་སྐྱོད།
རྒྱ་ཡིག་གི་མིང་།
战斧行动
འཁྲབ་ཁྲིད་པ།
ཞུའུ་ཝེ་ཞང་།
གཙོ་འཁྲབ་པ།
ཧའོ་ཕིན། ཝུའུ་ཞའོ་ཡོན། ཅང་ལིན་ཡུའེ། ཀྲོའུ་ཡུའུ་མིན། ཁྲེ་ཧྲུན་ཐེན།
རིགས།
ཟློས་གར་གློག་བརྙན།
རིང་ཚད།
སྐར92
1 ངོ་སྤྲོད།

《སྟ་རེའི་འགུལ་སྐྱོད》ཅེས་པའི་གློག་བརྙན་འདི་ནི་ཞུའུ་ཝེ་ཞང་གིས་འཁྲབ་ཁྲིད་བྱས་ཤིང་། ཧའོ་ཕིན་དང་ཝུའུ་ཞའོ་ཡོན། ཅང་ལིན་ཡུའེ། ཀྲོའུ་ཡུའུ་མིན། ཁྲེ་ཧྲུན་ཐེན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས17ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། ཟློས་གར་གློག་བརྙན། རིང་ཚད་ལ་སྐར92ཡོད།

གནས་ཚུལ་ཡར་ཞུ་ཞིག་ལས། ལོ་བཅུ་ལྷག་སྔོན་གྱི་རིག་དངོས་ལྐོག་ཚོང་གི་གྱོད་གཞི་ཆེན་པོ་ཞིག་དྲངས་ནས། ཚོ་དཔོན་ཧྲི་ཁེ་ཡི་སྨྱོ་ཧམ་ཆེན་པོའི་འཁོན་ལན་བསློགས་པ་རེད། ལོ་བཅུའི་སྔོན་ལ་ཉེན་རྟོག་པ་ལུའུ་ཅན་ཕིན་གྱིས་ཁྲག་རྒྱུད་ཀྱི་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བུ་མོ་ཞོན་ཞོན་གཉོར་སྐྱོང་བྱས་དོན་ཅི་ཡིན་ནམ། བཟའ་ཟླ་ཁོ་དང་ཁ་བྲལ་ནས་འགྲོ་དོན་ཅི་ཡིན་ནམ། ད་ཆ་ཐོབ་ཐང་ཤེས་པའི་ལུའུ་ཅན་ཕིན་ལ་སྟབས་མ་ལེགས་པར་མེ་མདའ་ཕོག་པ་དང་ཁོས་གསོ་སྐྱོང་བྱས་པའི་དྭ་ཕྲུག་ཞོན་ཞོན་ཡང་ཧྲི་ཁེའི་ལག་འོག་པ་ཐེན་ཀུ་ཡིས་བཙན་ཁྲིད་བྱས་ནས་སྲོག་ཉེན་ལ་ཐུག་ཡོད། ཡུའེ་མིང་ནི་རྩ་འཛུགས་གིས་ལུའུ་གམ་དུ་བཀོད་སྒྲིག་བྱས་པའི་ལྐོག་ནས་རྩད་གཅོད་དང་སྲུང་སྐྱོབ་བྱེད་མཁན་གྱི་ན་གཞོན་ཉེན་རྟོག་པ་ཞིག་ཡིན་ཞིང་། དམིགས་བསལ་གྱི་ལས་འགན་ཕྲག་ཏུ་འཁུར་ཡོད་པའི་ཁོ་ཚོས་བདེ་ལེགས་གཏའ་མི་བསྐྱབས་ཏེ། ཧྲེ་ཁའེ་ཉེས་གསོག་ཚོགས་པ་རྩ་མེད་དུ་བཏང་ཐུབ་མིན། དེ་མིན་ལུའུ་ཅན་ཕིན་གྱི་གསང་མྱུལ་བའི་ཐོབ་ཐང་སྤྱི་བདེ་ཉེས་དོན་ཉེན་རྟོག་དབྱང་ཧྲུའུ་མིང་གིས་རིམ་བཞིན་ཆུ་ཁར་མངོན་ནས། ལོ་བཅུ་ལྷག་གི་སྔོན་གྱི་ཚབ་མིང་ལ“སྟ་རེ”ཟེར་བའི་འགུལ་སྐྱོད་དེར་རྒྱུས་མངའ་མེད་པའི་གསང་བ་ག་ཚོད་སྦས་ཡོད་དམ། མི་གཤིས་ལ་བཙན་འདྲི་བྱེད་པ་དང་། བློ་དཀར་བརྟན་སྲུང་བྱེད་པ། བརྩེ་བ་ཆེན་པོ་བརྗོད་ཐབས་བྲལ། མཐའ་མཇུག་གི་གནས་ཚུལ་དེ་ནས་སྤེལ་བ་རེད།

དཔྱད་གཞིའི་ཡིག་ཆ།