དཔའ་རྒོད་དབྱང་ཅིན་ཡུས།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-10-28 16:54ལ་འགྲུབ།

དཔའ་རྒོད་དབྱང་ཅིན་ཡུས།

དཔའ་རྒོད་དབྱང་ཅིན་ཡུས།
《དཔའ་རྒོད་དབྱང་ཅིན་ཡུས》ཅེས་པའི་གློག་བརྙན་འདི་ནི་ལུས་ཞའོ་ལུང་གིས་འཁྲབ་ཁྲིད་བྱས་ཤིང་། ཐེན་མུའུ་ཁྲིན་དང་ལུས་ཞའོ་ལུང་། ཅང་ཏའོ། སུང་ཀྲུང་དབྱི། ཆིའུ་ལིན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས18ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། དམག་འཐབ་གློག་བརྙན། རིང་ཚད་ལ་སྐར90ཡོད།
གཞི་རྩའི་གནས་ཚུལ།

མིང་།
དཔའ་རྒོད་དབྱང་ཅིན་ཡུས།
རྒྱ་ཡིག་གི་མིང་།
铁血英魂杨靖宇
འཁྲབ་ཁྲིད་པ།
ལུས་ཞའོ་ལུང་།
གཙོ་འཁྲབ་པ།
ཐེན་མུའུ་ཁྲིན། ལུས་ཞའོ་ལུང་། ཅང་ཏའོ། སུང་ཀྲུང་དབྱི། ཆིའུ་ལིན།
རིགས།
དམག་འཐབ་གློག་བརྙན།
རིང་ཚད།
སྐར90
1 ​ངོ་སྤྲོད།

《དཔའ་རྒོད་དབྱང་ཅིན་ཡུས》ཞེས་པའི་གློག་བརྙན་འདི་ནི་ལུས་ཞའོ་ལུང་གིས་འཁྲབ་ཁྲིད་བྱས་ཤིང་། ཐེན་མུའུ་ཁྲིན་དང་ལུས་ཞའོ་ལུང་། ཅང་ཏའོ། སུང་ཀྲུང་དབྱི། ཆིའུ་ལིན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ9པའི་ཚེས18ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། དམག་འཐབ་གློག་བརྙན། རིང་ཚད་ལ་སྐར90ཡོད།

ཁ་བ་དཀར་པོས་གཡོགས་པའི་མེང་ཅང་རྫོང་གི་ཀོན་ཏི་ལྷ་ཁང་དུ། འཇར་པན་ཀོན་ཏུང་དམག་གི་མན་ལྷོའི་དྲག་འདུལ་དམག་སྤྱི་ཡེ་ཧྥུའུ་ཁྲང་ཏི་ཡི་མངའ་འོག་གི་འགོ་ཁྲིད་དམག་དཔོན་ཆེན་མོ་དབྱང་ཅིན་ཡུས་ལ“ཐུགས་གསོའི་མཆོད་འབུལ”བྱས་པ་རེད། སྤྱི་ལོ1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས་འཇར་དམག་གིས་ཤར་གྱི་ཞིང་ཆེན་གསུམ་བཙན་བཟུང་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱིས་དེའི་ཐད་དཀའ་སྤྱད་ཚད་མེད་ཀྱི་ལོ་ངོ་བཅུ་བཞིའི་འཇར་འགོག་དམག་འཁྲུག་བྱེད་འགོ་བརྩམས། དམག་དཔོན་ཆེན་མོ་དབྱང་ཅིན་ཡུས་ཀྱིས་སྣེ་ཁྲིད་པའི་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་དང་འཇར་ཇག་གཉིས་ཀྱིས་པེ་ཧྲན་རི་བོའི་ཆུ་ནག་བར་དུ་དམར་འཛིང་བྱས། ཁོས་གཡུལ་སའི་ཐོག་དམག་ཡག་སྟག་འདྲའི་དམག་འཐབ་ཀྱི་ཉམས་འགྱུར་གྱིས་འཇར་དམག་གི་དཔའ་ཞུམ་པར་བྱས། ཡིན་ཡང་ངོ་ལོག་པའི་གཡོ་སྒྱུས་མཉམ་འབྲེལ་དམག་་ལ་གནོད་པ་ཚབས་ཆེན་ཐེབས། སྨྱོ་ཧམ་ཆེན་པོས་ཚུར་རྒོལ་བྱེད་པའི་འཇར་དམག་གིས་ཀོན་ཏུང་དམག་འབུམ་གསུམ་བསྡུས་ནས། ཉིན་མཚན་མེད་པར་རྒོལ་རྡུང་དང་འཛིན་བཟུང་བྱས་ཏེ། དབྱང་ཅིན་ཡུས་ལ་སྐད་གསེང་མཐོན་པོས་མགོ་སྒུར་བར་ཁ་ལ་བྱས། འོན་ཀྱང་ཁོ་ཚོར་ལན་འདེབས་པ་ནི་དབྱང་ཅིན་ཡུས་ཀྱི་བོའུ་སྐད་ལས་མི་འདུག  ཉུང་བས་མང་པོའི་གདོང་མི་ལོན་པའི་དབྱང་ཅིན་ཡུས་ཀྱིས་དགྲ་དམག་ལ་ཛ་དྲག་གི་དམག་འཁྲུག་ཉིན6དང་མཚན6ལ་བྱས་རྗེས། དམག་རྒྱགས་དང་མདེའུ་ཚར་ནའང་ཤི་ཡང་མགོ་མ་སྒུར། གློག་བརྙན་འདི་ལོ་རྒྱུས་ཀྱི་གཏམ་རྒྱུད་དངོས་ལ་གཞིགས་ནས་བཅོས་སྒྲིག་བྱས་པ་དང་། བྱང་ཤར་གྱི་འཇར་འགོག་མཉམ་འབྲེལ་དམག་དཔུང་གིས་ཤི་གསོན་དང་། ཁྲག་དང་མེ་ཡི་སྦྱོང་བརྡར་ཁྲོད་རླབས་ཆེ་ཞིང་དཔའ་མཛངས་རྟུལ་ཕོད་ཀྱི་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་དཔུང་གི་སྙིང་སྟོབས་མངོན་པར་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།