《སའེ་ཨེར་རྟགས་ཅན་གྱི་གློག་བརྙན་ཆེན་པོ།7སྨྱོ་ཧམ་འཕྲུལ་འཁོར་མཁར》ཞེས་པའི་གློག་བརྙན་འདི་ནི་ཝང་ཀྲང་ཅོན་གྱིས་འཁྲབ་ཁྲིད་བྱས་ཤིང་། ཧུའུ་ཆན་དང་ལི་ཡེ། ལུའོ་ཡུའུ་ཐིན། ལི་ཁྲོན་ཡུང་། ཀྲེ་ཝེ་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ8པའི་ཚེས2ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། འགུལ་རིས་གློག་བརྙན། རིང་ཚད་ལ་སྐར98ཡོད།
སྤྱི་ལོ2110ལོར། ནུས་ཁུངས་ཟད་ལ་ཉེ་བའི་སའི་གོ་ལར་རྨ་ཤུལ་གྱིས་ཁེངས་ཤིང་། མིའི་རིགས་ཡོངས་ཀྱིས་ཉམས་རྒུལ་གྱི་ཉེན་ཁར་གདོང་གཏད། ཆེས་གནད་འགག་གི་སྐབས་དེར། སྙིང་སྟོབས་ཅན་གྱི་སའེ་ཨེར་ནུས་ལྡན་འཕྲུལ་ཆས་མི་སྐོར་ཞིག་སའེ་ཨེར་རྟགས་ཅན་གྱི་འཕུར་སྐྱོད་མཚོ་གྲུར་བསྡད་ནས། ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་དུ་ནུས་ཁུངས་རྫོགས་མཐའ་མེད་པ་འཚོལ་བར་བསྐྱོད། མིག་ལྡེབ་དབང་ཙམ་གྱིས་ལོ་འགའ་འགོར་རྗེས། སྐར་མའི་བར་གྱི་ཉེན་ཞིབ་པ་སའེ་ཞའོ་ཞི་དང་སྐྱེས་ཐོབ་ཀྱི་ཤེས་རབ་ལྡན་པའི་འཕྲུལ་ཆས་སློབ་དཔོན་ཁཱ་ལུའུ་ལུའུ། འཇིག་རྟེན་འཐབ་མོ་བ་ཨ་ཐེ་ཏཱ་བཅས་ཀྱིས་བཀའ་ལྟར་འཕུར་གྲུ་ཞིག་གསོ་བྱས་མོད། འོན་ཀྱང་རྒྱང་ཐག་རིང་བའི་སྐར་རྒྱུད་ཀྱི་གློ་བུར་དུ་བྱུང་བའི་ལྐོག་གྱུར་འབར་གས་ཀྱིས་གཡོ་འགུལ་ཐེབས། ཡུལ་འཁྱར་པའི་ཤི་གསོན་ཅི་ཡིན་མི་ཤེས་པའི་སའེ་ཨེར་གདོང་ལེན་པའི་རུ་ཁག་ཆུང་བ་སྐར་མའི་དབར་གྱི་འགྲུལ་སྐྱོད་ལམ་ཐག་དེ་མཇུག་བསྒྲིལ་རྒྱུ་ཡིན་ནམ། དེ་དང་དུས་མཚུངས་སུ། མིས་བཟོས་ནུས་ལྡན་ཁྲོད་ཀྱི་གདོན་གྱི་ནུས་པ་དེ་ཡང་སད་བྱུང་། ཁོ་ཚོས་འཇིགས་སུ་རུང་བའི་བཙན་འཛུལ་ལྐོག་ཇུས་ཤིག་ཇུས་འགོད་བྱས་ནས། མཛེས་སྡུག་ལྡན་པའི་སྐར་མའི་གོ་ལ་སྔོན་པོ། མིའི་རིགས་ཀྱི་མཇུག་མཐའི་ཁྱིམ་དེར་ཁ་གཏད་དོ།། ཉེན་ཁ་ཆེ་བའི་སྐབས་སུ། ཆེས་ལྐོག་གྱུར་གྱི་སྐར་མ་མི་འདྲ་བའི་ཉེན་ཁའི་མགོ་བརྩམས་པ་དང་། ཆེས་སྨྱོ་ཧམ་ཆེ་བའི་སྐྱོབ་པའི་བྱ་འགུལ་ཡང་དེ་དང་བསྟུན་ནས་སྤེལ། འཚོ་གནས་ཀྱི་ཆེད་དུ། སྐར་མའི་བར་གྱི་ཉེན་ཞིབ་པ་རྣམས་ཀྱིས་དཀའ་ཚེགས་ཆེ་བའི་གདམ་ག་དེ་ཇི་ལྟར་བྱ་རྒྱུ་ཡིན་ནམ། ཆགས་སྡང་འདྲེས་མའི་མི་མེད་ལུང་སྟོང་གི་དཔའ་བོ་རྣམས་ཀྱི་ལས་དབང་དེ་ཅི་ཡིན་པ་དང་། དེ་བས་ལྐོག་གྱུར་གྱི་ཚེ་སྲོག་དམར་པོ་དང་། འོད་ཀྱི་སྐར་མ་སྨི་རུའེ་སི་ཡི་མཐའ་འབྲས་ཡང་སྙིང་གང་དུ་ཡོད་དམ། ཡངས་ཤིང་རྒྱ་ཆེ་བའི་སྐར་རྒྱུད་དང་། འཕྲུལ་ཆས་གྱི་རྨོངས་མཁར། གཏིང་རིམ་འཇིག་རྟེན་བར་སྟོང་གི་ཚད་མཐོའི་དར་རྒྱས་ཆེ་བའི་མིས་བཟོས་ནུས་ལྡན་དེ་དག་གིས་ཀྱང་མི་ཤེས་པའི་གསང་བ་ག་ཚོད་སྦས་ཡོད་དམ།