ཆེས་བཟང་པའི་ང་ཚོ།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-09-25 16:50ལ་འགྲུབ།

ཆེས་བཟང་པའི་ང་ཚོ།

ཆེས་བཟང་པའི་ང་ཚོ།
《 ཆེས་བཟང་པའི་ང་ཚོ》ཞེས་པའི་གློག་བརྙན་འདི་ནི་ཀྲང་ཏི་ཧྲ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཁྲིན་ཧྥེ་ཡུའུ་དང་ཧི་ལན་ཏིག ཧུའེ་དབྱིན་ཧུང་། ཐོ་ཧུའེ་མིན། ཝང་སུའུ་ལུང་གིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ6པའི་ཚེས6ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། བརྩེ་དུང་གློག་བརྙན། རིང་ཚད་ལ་སྐར99ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཆེས་བཟང་པའི་ང་ཚོ།
རྒྱ་ཡིག་གི་མིང་།
最好的我们
འཁྲབ་ཁྲིད་པ།
ཀྲང་ཏི་ཧྲ།
གཙོ་འཁྲབ་པ།
ཁྲིན་ཧྥེ་ཡུའུ། ཧི་ལན་ཏིག ཧུའེ་དབྱིན་ཧུང་། ཐོ་ཧུའེ་མིན། ཝང་སུའུ་ལུང་།
རིགས།
བརྩེ་དུང་གློག་བརྙན།
རིང་ཚད།
སྐར99
1 ངོ་སྤྲོད།

《 ཆེས་བཟང་པའི་ང་ཚོ》ཞེས་པའི་གློག་བརྙན་འདི་ནི་ཀྲང་ཏི་ཧྲ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཁྲིན་ཧྥེ་ཡུའུ་དང་ཧི་ལན་ཏིག ཧུའེ་དབྱིན་ཧུང་། ཐོ་ཧུའེ་མིན། ཝང་སུའུ་ལུང་གིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ6པའི་ཚེས6ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། བརྩེ་དུང་གློག་བརྙན། རིང་ཚད་ལ་སྐར99ཡོད།

མི་རེ་རེའི་སེམས་སུ་ཕལ་ཆེར་བརྗེད་མི་སྲིད་པའི་མི་ཞིག་ཡོད། གློ་བུར་དུ་གླེང་བའི་མིང་ཞིག་གིས་བུད་མེད་བརྙན་ལེན་པ་ཀུན་ཀུན་གྱི་ནང་སེམས་སུ་རྦ་རླབས་འཕྱུར་དུ་བཅུག་ནས་ཕྱིར་དྲན་གྱི་སྒོ་མོ་ཕྱེ་བ་རེད། སེམས་པ་འགུལ་བའི་གཞོན་ནུ་ཡུའུ་ཧོའེ་ཁོ་མོའི་དྲན་ངོགས་སུ་ཤར། དེ་ནི་དྲན་ཤེས་ཁྲོད་ཀྱི་ཆེས་ལེགས་པའི་དུས་སྐབས་ཤིག་ཡིན་ཞིང་། “སློབ་མ་ངན་པ”ཀུན་ཀུན་དང་“སློབ་མ་བཟང་པོ”ཡུས་ཧོའེ་གཉིས་འདུག་གྲོགས་སུ་གྱུར་པ་མ་ཟད། ཅན་ཏན་དང་པེ་ཐཱ། ཞུའུ་ཡན་ལིང་བཅས་ངོ་ཤེས་པ་རེད། སློབ་རྭའི་ནང་ཆེད་གཏོགས་ཀྱི་གཞོན་ནུ་ཕོ་མོ་ཚོའི་བསམ་མེད་དང་སྣང་བ། སེམས་འགུལ་བ། དཔའ་ངར་ཆེ་བ་བཅས་ཀྱིས་ཁེངས་ཡོད་ལ། ཀུན་ཀུན་དང་ཡུའུ་ཧོའེ་ལའང་ཁོ་གཉིས་ཀྱི་ཁ་ཆད་ཡོད། མཐོ་རྒྱུགས་ཀྱི་རྗེས་སུ། ཀུན་ཀུན་གྱིས་རེ་སྒུག་ཆེན་པོས་ཁ་ཆད་ལག་བསྟར་བྱེད་སྐབས། ཡུའུ་ཧོའེ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར། ལོ་བདུན་གྱི་རྗེས་སུ་ཁོ་གཉིས་སླར་འཛོམས་བྱུང་ཞིང་། ཡུའུ་ཧོའེ་ཡིས་ལོ་དེར་བཤད་མ་ཐུབ་པའི་སྐད་ཆ་དེ་དང་། ཁོས་བདེ་མོ་བཞག་པར་གྱེས་པའི་གསང་བ་དེ་ཀུན་ཀུན་གྱིས་ལན་ཤེས་ཐུབ་བམ་མི་ཐུབ། སེམས་ནས་ནམ་ཡང་གསུབ་ཏུ་མེད་པའི་འདས་ཟིན་པ་དེ་དག་གིས་ཁོ་གཉིས་ལ་སླར་ཡང་བརྩེ་དུང་གི་གདམ་གར་འཕྲད་པ་རེད། གློག་བརྙན་འདི་ནི་ཟླ་བརྒྱད་པའི་ཁྲང་ཨན་དང་མིང་གཅིག་པའི་གཏམ་རྒྱུད་ལས་བཅོས་སྒྲིག་བྱས།

དཔྱད་གཞིའི་ཡིག་ཆ།