ང་སྨན་ལྷ་མིན།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-09-25 16:50ལ་འགྲུབ།

ང་སྨན་ལྷ་མིན།

ང་སྨན་ལྷ་མིན།
《ང་སྨན་བླ་མིན》ཞེས་པའི་གློག་བརྙན་འདི་ནི་བུན་མུའུ་ཡེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཞུའུ་ཀྲིན་དང་ཝང་ཁྲོན་ཅོན། ཀྲོའི་དབྱི་ཝེ། ཐན་ཀྲུའོ། ཀྲང་ཡུའུ་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2018ལོའི་ཟླ7པའི་ཚེས5ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། དགོད་བྲོའི་གློག་བརྙན། རིང་ཚད་ལ་སྐར117ཡོད།
གཞི་རྩའི་གནས་ཚུལ།

མིང་།
ང་སྨན་བླ་མིན།
རྒྱ་ཡིག་གི་མིང་།
我不是药神
འཁྲབ་ཁྲིད་པ།
བུན་མུའུ་ཡེ།
གཙོ་འཁྲབ་པ།
ཞུའུ་ཀྲིན། ཝང་ཁྲོན་ཅོན། ཀྲོའི་དབྱི་ཝེ། ཐན་ཀྲུའོ། ཀྲང་ཡུའུ།
རིགས།
དགོད་བྲོའི་གློག་བརྙན།
རིང་ཚད།
སྐར117
1 ​ངོ་སྤྲོད།

《ང་སྨན་བླ་མིན》ཞེས་པའི་གློག་བརྙན་འདི་ནི་བུན་མུའུ་ཡེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཞུའུ་ཀྲིན་དང་ཝང་ཁྲོན་ཅོན། ཀྲོའི་དབྱི་ཝེ། ཐན་ཀྲུའོ། ཀྲང་ཡུའུ་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2018ལོའི་ཟླ7པའི་ཚེས5ཉིན་ཀྲུང་གོའི་སྐམ་སར་འཁྲབ་སྟོན་བྱས། དགོད་བྲོའི་གློག་བརྙན། རིང་ཚད་ལ་སྐར117ཡོད།

སྤྱིར་བཏང་གི་སྐྱེས་པ་དར་མ་ཁྲིན་ཡུང་གིས་ལུས་ཁམས་བདེ་སྲུང་ཐོན་རྫས་ཚོང་ཁང་ཞིག་གཉེར་བཞིན་ཡོད་ལ། འདོད་དོན་མ་འགྲུབ་པ་དང་གཉེན་ཡང་འཐོར་ཡོད། མ་བོས་མགྲོན་པོ་ལུས་ཧྲིག་དབྱི་ཡི་བྱུང་བ་ལས། ཁོ་རང་རྒྱ་གར་དུ་སྨན་ཉོ་བར་འགྲོ་བའི“ཚབ་ཉོ་བྱེད་པའི”བྱ་གཞག་གསར་པ་ཞིག་བཏོད་ཡོད། དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ཀྱང་ཁོས“སྨན་ཉོ་བའི་ལམ་བུའི”ཐོག་ཚོང་གི་གོ་སྐབས་རྙེད་པ་དང་། དལ་བའི་རང་བཞིན་གྱི་རྡོག་རིལ་ཕྲ་ཕུང་ཁྲག་རིགས་དཀར་པོའི་ནད་བཅོས་ཐབས་མཚམས་འཇོག་ཐབས་མེད་པར་ལས་པས་རྒྱ་གར་གྱི་འདྲ་བཟོའི་སྨན་ཚབ་ཚོང་ཁང་གཅིག་པུར་གྱུར། སྒོར་མོ་བཙལ་བ་དང་མཉམ་དུ། ཁོས་ཀྱང་ནད་པ་དང་ཁྱིམ་མི་འགའ་ངོ་ཤེས་ཤིང་། བུ་མོ་སྐྱོབ་པའི་ཆེད་དུ། བཐབས་མེད་པར་གར་མ་བྱས་པའི་སི་ཧུའེ་དང་། “ཆོས་དཔོན་གྱི་ངག”བཞིན་བྱང་ཆུབ་པའི་དབྱིན་ཇིའི་ཆོས་འཆད་མཁན་ལིའུ། དེ་མིན་གཤིས་ཀ་རྩུབ་པའི“ཧོང་མའོ”སོགས་མི་འགའ་མཉམ་འབྲེལ་གྱིས་ཚོང་ལས་གཉེར་ཞིང་། ཁེ་སྤོགས་ལྡབ་འགྱུར་གྱིས་འཕར་བ་དང་མཉམ་དུ་ཉེན་ཁས་ཁེངས་ཡོད། ཁྲིན་ཡུང་གི་སྔོན་གྱི་ཨ་ཞང་ཆུང་བ་ཚའོ་ཉེན་རྟོག་དཔོན་གྱིས་བཀའ་ལྟར་འདྲ་བཟོའི་སྨན་གྱི་མགོ་ཁུངས་ལ་བརྟག་དཔྱད་བྱས་པ་དང་། སྨན་རྫུན་མ་འཚོང་མཁན་ཀྲང་ཁྲང་ལིན་དང་རེའུ་ཧྲི་སྨན་རྫས་གྲགས་ཅན་གྱི་འཐུས་མིས་ཡང་དེ་ལ་རྔམ་ནས་ཡོད་པས། ཚོང་ལས་རིམ་བཞིན་དུ་བླུ་ཉོ་བྱེད་པའི་ཉེན་ཁའི་འཐབ་འཁྲུག་ཅིག་ཏུ་གྱུར། གློག་བརྙན་འདི་དལ་བའི་རང་བཞིན་གྱི་རྡོག་རིལ་ཕྲ་ཕུང་ཁྲག་རིགས་དཀར་པོའི་ནད་པ་ལུའུ་ཡུང་གིས་འབྲས་སྐྲན་འགོག་སྨན་ཚབ་ཉོ་བྱས་པའི་དངོས་དོན་བཅོས་སྒྲིག་བྱས་པ་རེད། 

དཔྱད་གཞིའི་ཡིག་ཆ།