གོ་ལའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-09-19 16:55ལ་འགྲུབ།

གོ་ལའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས།

《གོ་ལའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས》འདིའི་ནང་དུ་གཙོ་བོར་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་གོ་ལའི་རྣམ་བཞག་ཡིན་པ་འདྲ་བ་ལ། ལ་ལ་ནི་གོ་ལའི་རྣམ་བཞག་སྤྱི་ཙམ་དང་། ལ་ལ་ནི་གོ་ལའི་ཐིག་རྩ་གཙོ་བོར་བསྟན་པ། ཁག་གཅིག་ནི་ཕྱི་ནང་སྣོད་བཅུད་དང་བཅས་པའི་གོ་ལའི་གསལ་འགྲེལ་ཡོད་པ། གཞན་ཡང་ཤམྦྷལའི་ཡུལ་བཀོད་དང་། གོ་ལའི་དཔེའུ་རིས་ཀྱི་ཁ་བྱང་། གོ་ལའི་སྐོར་གྱི་དྲིས་ལན་སོགས་ཀྱང་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གོ་ལའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས།
རིགས་དབྱེ།
སྨན་རྩིས་བསྟན་བཅོས།
1 ངོ་སྤྲོད།

གོ་ལའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས་འདིའི་ནང་དུ་དཔེ་ཚན་མི་འདྲ་བ་བཅོ་བརྒྱད་བསྡུས་ཡོད་པ་དང་། མཛད་པ་པོའང་སྣ་ཚོགས་ཡིན། ཁག་གཅིག་ལ་མཛད་པ་པོ་དང་མཛད་བྱང་བཀོད་མེད། མཛད་པ་པོ་གསལ་བོ་ཡོད་པའི་ནང་བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ་དང་། ཕྱག་ལོ་རིན་ཆེན་ཆོས་རྒྱལ། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཀརྨ་པ་མི་བསྐྱོད་རྡོ་རྗེ། བྱང་པ་རྣམ་རྒྱལ་གྲགས་བཟང་། དུས་ཞབས་པ་ཤཱཀྱ་དབང་ཕྱུག སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། དུས་འཁོར་བ་དོན་གྲུབ་ཀུན་དགའ་སོགས་ཡོད་པས་ཚན་པ་སོ་སོའི་དཀར་ཆག་ནང་དུ་གསལ་བ་ལྟར་དང་འཁྲུངས་འདས་སོགས་གསལ་བ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་ནི་རྩིས་ཀྱི་སྐབས་གཞན་དུ་བཀོད་པ་ལྟར་རྟོགས་པར་བྱའོ།།

2 ནང་དོན་གཙོ་བོ།

དཔེ་ཚན་འདི་རྣམས་སྤྱིར་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་གོ་ལའི་རྣམ་བཞག་ཡིན་པ་འདྲ་བ་ལ། ལ་ལ་ནི་གོ་ལའི་རྣམ་བཞག་སྤྱི་ཙམ་དང་། ལ་ལ་ནི་གོ་ལའི་ཐིག་རྩ་གཙོ་བོར་བསྟན་པ། ཁག་གཅིག་ནི་ཕྱི་ནང་སྣོད་བཅུད་དང་བཅས་པའི་གོ་ལའི་གསལ་འགྲེལ་ཡོད་པ། གཞན་ཡང་ཤམྦྷལའི་ཡུལ་བཀོད་དང་། གོ་ལའི་དཔེའུ་རིས་ཀྱི་ཁ་བྱང་། གོ་ལའི་སྐོར་གྱི་དྲིས་ལན་སོགས་ཀྱང་ཡོད།