རྒྱུན་མཐུད་རང་མོས་ཆུ་རྐྱལ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།། ནས 2019-10-09 17:14ལ་འགྲུབ།
རྒྱུན་མཐུད་རང་མོས་ཆུ་རྐྱལ་ཞེས་པ་རྩལ་འགྲན་ཆུ་རྐྱལ་མཉམ་སྡེབ་རྣམ་གྲངས་ཀྱི་གྲས་ཤིག་རེད། རུ་ཁག་རེ་རེ་ནི་མི་བཞི་ཡིས་གྲུབ་པ་ཡིན། མི་རེའི་ཆ་སྙོམས་མྱུར་ཚད་མགྱོགས་ཤོས་ཀྱི་བཟོ་ལྟ་གང་རུང་འདེམས་ཆོག་པ་མ་ཟད། སྔོན་རྗེས་ཀྱི་གོ་རིམ་ལྟར་འགྲན་སྡུར་གྱི་ལམ་ཐག1/4རེ་རྐྱལ་ཆོག ལུས་རྩལ་པ་སྔ་མ་དེ་ཆུར་རྐྱལ་ནས་ཁྲི་ལྡེབས་ལ་ཐུག་ཚེ་ལུས་རྩལ་པ་རྗེས་མ་གཞི་ནས་ཐོན་སའི་སྟེགས་བུ་ནས་ཐོན་དགོས་པ་དང་། དེ་ལས་འགལ་ཚེ་སྒྲིག་འགལ་གྱི་ཉེས་ཆད་གཅོད་པ་རེད། མི་གང་རུང་ཞིག་སྒྲིག་སྲོལ་དང་འགལ་ཚེ། རུ་ཁག་ཡོངས་ཀྱི་འགྲན་སྡུར་གྲུབ་འབྲས་མེད་པར་བཟོ་བ་ཡིན།
མཐུད་རྒྱུག་རུ་ཁག་ཚང་མར་རུ་མི་བཞི་དགོས་པ་དང་མཐུད་རྒྱུག་འགྲན་སྡུར་ནང་རུ་མི་གཅིག་གིས་སྒྲིག་འགལ་བྱས་ཚེ་རུ་ཁག་དེས་སྒྲིག་འགལ་བྱས་པར་བརྩི་དགོས། མཐུད་རྒྱུག་རུ་ཁག་གི་རུ་མི་ཚང་མ་མཐུད་རྒྱུག་འགྲན་སྡུར་ནང་ཞུགས་དགོས།