སྦལ་རྐྱལ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-09-26 09:17ལ་འགྲུབ།

སྦལ་རྐྱལ།

སྦལ་རྐྱལ།
སྦལ་རྐྱལ(breaststroke)ནི་སྦལ་བ་ཆུ་ལ་རྐྱལ་བར་ལད་ཟློས་ཀྱིས་ཆུར་རྐྱལ་སྟངས་ཤིག་ཡིན་ལ། སྦལ་རྐྱལ་སྐབས་སུ་ཆུར་རྐྱལ་པས་མདུན་ཕྱོགས་སུ་རྐྱལ་བར་གེགས་ཡོད་མེད་སོགས་གསལ་བོར་མཐོང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蛙泳
གསལ་འགྲེལ།
སྦལ་བ་ཆུ་ལ་རྐྱལ་འདྲའི་ཆུར་རྐྱལ་སྟངས་ཤིག
ཕྱི་ཡིག་གི་མིང་།
breaststroke
འགྲན་སྡུར་རྣམ་གྲངས།
སྐྱེས་པ་དང་སྐྱེས་མ་སྨི100ཅན་དང་། སྨི200ཅན་སོགས།
1 ​ངོ་སྤྲོད། 

སྦལ་རྐྱལ(breaststroke)ནི་སྦལ་བ་ཆུ་ལ་རྐྱལ་བར་ལད་ཟློས་ཀྱིས་ཆུར་རྐྱལ་སྟངས་ཤིག་ཡིན་ལ། སྦལ་རྐྱལ་སྐབས་སུ་ཆུར་རྐྱལ་པས་མདུན་ཕྱོགས་སུ་རྐྱལ་བར་གེགས་ཡོད་མེད་སོགས་གསལ་བོར་མཐོང་ཐུབ། 

2 བྱུང་འཕེལ། 

.jpgསྦལ་རྐྱལ་ཞེས་པའི་ཐ་སྙད་འདི་དབྱིན་ཡིག་ཏུ་བྲང་རྐྱལ་ལམ་ཡང་ན། ཁ་སྦུབ་ཏུ་རྐྱལ་བའི་དོན་ལ་འཇུག་ཅིང་། གནའ་བོའི་ལོ་རབས2000-4000ཡི་སྔོན་དུ། ཀྲུང་གོ་དང་། རོ་མ། ཨེ་ཅིབ་སོགས་སུ་ཚུལ་འདི་དང་འདྲ་བའི་ཆུ་ལ་རྐྱལ་སྟངས་ཤིག་ཡོད། ཉི་ཧོང་བས་སྙོམས་རྐྱལ་དུ་འབོད། སྤྱི་ལོ1837ལོར་འཛམ་གླིང་གི་ཆུ་རྐྱལ་མཐུན་ཚོགས་དབུ་བརྙེས་ཤིང་། སྤྱི་ལོ1908ལོར་ཆུ་རྐྱལ་ནི་ངེས་པར་དུ་རྫིང་བུའི་ནང་དུ་རྐྱལ་དགོས་པ་གཏན་འབེབས་བྱས། རྒྱལ་སྤྱིའི་ཚད་གཞི་ལྟར་ན་རྫིང་བུའི་རིང་ཚད་ལ་སྨི50ཡོད་དགོས་པ་དང་། ཞེང་ཚད་ལ་སྨི21 ཟབ་ཚད་ལ་སྨི1.80ཡི་ཡན་ཡིན་དགོས། རྐྱལ་ལམ8ཡོད་དགོས་ལ་རྐྱལ་ལམ་རེ་རེ་ཡི་ཞེང་ཚད་སྨི2.50ཡིན་དགོས། རྐྱལ་ལམ་གྱི་ཚངས་ཐིག་ལི་སྨི5-10ཡི་རྐྱལ་རྟགས་བརྒྱབ་ཡོད། 

དཔྱད་གཞིའི་ཡིག་ཆ།