གན་རྐྱལ།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-09-26 09:16ལ་འགྲུབ།

གན་རྐྱལ།

གན་རྐྱལ།
གན་རྐྱལ(backstroke)ཞེས་པ་ཆུ་ནང་དུ་གན་རྐྱལ་དུ་ཆུར་རྐྱལ་སྟངས་ཤིག་ཡིན་ལ། དེ་ལ་སྦལ་རྐྱལ་དང་གོག་རྐྱལ་ལ་རྒོལ་བ་ཞེས་རིགས་གཉིས་སུ་དབྱེ་ཞིང་། མགོ་བོ་ཆུར་ཁར་ཡར་བཀྱགས་པས་དབུགས་འབྱིན་རྔུབ་སྟབས་བདེ་མོད། ལུས་རྩལ་པས་གནས་གང་དུ་རྐྱལ་དགོས་པར་མི་མཐོང་བས་རྐྱལ་གནས་ནོར་སླའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
仰泳
ཕྱི་ཡིག་གི་མིང་།
backstroke
སྡེ།
ལུས་རྩལ།
རིགས།
ཆུ་ཐོག་ལུས་རྩལ།
1 ངོ་སྤྲོད། 
.gif

གན་རྐྱལ(backstroke)ཞེས་པ་ཆུ་ནང་དུ་གན་རྐྱལ་དུ་ཆུར་རྐྱལ་སྟངས་ཤིག་ཡིན་ལ། དེ་ལ་སྦལ་རྐྱལ་དང་གོག་རྐྱལ་ལ་རྒོལ་བ་ཞེས་རིགས་གཉིས་སུ་དབྱེ་ཞིང་། མགོ་བོ་ཆུར་ཁར་ཡར་བཀྱགས་པས་དབུགས་འབྱིན་རྔུབ་སྟབས་བདེ་མོད། ལུས་རྩལ་པས་གནས་གང་དུ་རྐྱལ་དགོས་པར་མི་མཐོང་བས་རྐྱལ་གནས་ནོར་སླའོ། །

2 བྱུང་འཕེལ། 

.jpgགན་རྐྱལ་ནི་རྩལ་འགྲན་ཆུ་རྐྱལ་འགྲན་སྡུར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ལུས་ཕུང་གན་རྐྱལ་དུ་ཆུར་རྐྱལ་བ་དང་། རྐང་ལག་གི་འགུལ་སྟངས་ལ་གཏན་འཁེལ་མེད་ལ། ཆུ་ནང་དུ་རྐང་ལག་ཕན་ཚུན་ཟུང་འབྲེལ་གྱིས་རྐྱལ་བའི་ཆུ་རྩལ་ཞིག་ཡིན་ལ། གནའ་དུས་ཀྱི་གན་རྐྱལ་ནི་ལག་པ་དང་རྐང་པ་དུས་མཉམ་དུ་ཆུ་ནང་དུ་བརྡབ་ནས་རྐྱལ་བས་སྦལ་རྐྱལ་ལ་རྒོལ་བ་ཞེས་ཀྱང་གྲགས། སྤྱི་ལོ1912ལོའི་སྐབས་ལྔ་པའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་ཨ་རི་པH.ཧོ་པུའུ་ན་ཡིས་ཆུ་རྩལ་ལེགས་སུ་བཏང་ནས། ལག་པ་དང་རྐང་པ་གཉིས་ཆུ་ནང་དུ་རེས་མོས་སུ་བརྡབ་ནས་གྲུབ་འབྲས་ལེགས་པོ་བྱུང་བས། སྦལ་རྐྱལ་ལ་ངོ་རྒོལ་བྱེད་པའི་འགྲན་སྡུར་གྱི་དོན་སྙིང་ཤོར་ཡོད།

དཔྱད་གཞིའི་ཡིག་ཆ།