རྟར་མཆོང་ནི་རྩལ་འགྲན་ལུས་སྦྱོང་གི་རྣམ་གྲངས་ཤིག་ཡིན་ལ། རྟར་མཆོང་ལུས་རྩལ་ནི་རྟ་ཡི་གཟུགས་འདྲ་བ་ཤིང་ལས་བཟོས་པ་དེའི་སྟེང་དུ་སྦྱོང་བརྡར་བྱེད་ཅིང་རྟ་རྩལ་ལས་རིམ་གྱིས་འགྱུར་ཡོང་བ་ཞིག་ཡིན། སྤྱི་ལོ1896ལོར་སྐྱེས་པའི་རྟར་མཆོང་ནི་རྒྱལ་སྤྱིའི་འགྲན་སྡུར་རྣམ་གྲངས་སུ་བདམས། དེང་སྐབས་རྟར་མཆོང་གི་རྟ་གཟུགས་ཤིང་གི་རིང་ཚད་ལི་སྨི160ཡི་རིང་དུ་བཏང་ནས། འགྲན་སྡུར་སྐབས་སུ་དཔུང་བས་རམ་འདེགས་ཀྱིས་ཕར་མཆོང་བའི་རྣམ་པ་ཞིག་ཏུ་ཆགས་ཡོད།
རྟར་མཆོང་ནི་རོ་མ་བཙན་རྒྱལ་གྱི་དུས་མཇུག་གི་རྟ་རྩལ་སྦྱོང་བརྡར་ལས་བྱུང་བ་རེད། རྟ་དངོས་ལས་ཐོག་མར་མཆོངས་པ་དང་། དེ་རྗེས་རྟ་དངོས་ཀྱི་ཕྱི་དབྱིབས་དང་འདྲ་བའི་ཤིང་རྟ་ལ་བསྒྱུར་བ་མ་ཟད། རྟ་སྒ་སྦྱར་ཡོད། སྤྱི་ལོ1719ལོར་རྟའི་རྐང་པར་ཀ་བ་འཛུགས་པར་བསྒྱུར་པ་དང་། སྤྱི་ལོ1795ལོར་འཇར་མན་གྱི་ཝེ་སིས་ཐོག་མར་ཤིང་རྟའི་རྟ་མགོ་མེད་པར་བཟོས་པ་དང་། སྤྱི་ལོ1811ལོར་ཡང་རྟ་རྔ་མེད་པར་བཟོས་ཏེ་སྣེ་གཉིས་སྒོར་དབྱིབས་སུ་བསྒྱུར་བ་དང་། རྟ་པགས་ཀྱིས་བཏུམས་ནས་བཟོས་པ་རེད། སྤྱི་ལོ1836ལོར་འཇར་མན་གྱི་ཧྲི་ཕི་ཚི་ཡིས་སློབ་གྲྭའི་ལུས་སྦྱོང་དུས་ཆེན་དུ་ཐོག་མར་རྟ་མཆོང་འཁྲབ་སྟོན་བྱས་པ་དང་། སྤྱི་ལོ1877ལོར་འཇར་མན་གྱིས་རྟ་མཆོང་སྐབས་ངེས་པར་དུ་གོམ་པ་དྲུག་རྒྱུག་དགོས་པ་དང་དྲང་ཕྱོགས་ཀྱི་ཕྱོགས་གཉིས་ནས་རྟ་རྒྱུག་པ་དང་འདེགས་སྐྱོར་གྱི་བྱེད་སྒོ་ཐེངས1~2སྤེལ་དགོས། རྟའི་རིང་ཚད་ལ་སྨི1.60ཡོད་པ་དང་། རྟར་མཆོང་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་བྱེད་སྐབས་རུ་ཁག་རེར་ལུས་རྩལ་པ་གཉིས་འགྲན་སྡུར་ནང་ཞུགས་ཀྱི་ཡོད་པ་དང་། ཚོགས་པའི་འགྲན་སྡུར་ནང་རྟ་མཆོང་གི་སྦྱངས་འབྲས་མདུན་གྲལ་གྱི་ཨང་བརྒྱད་པའམ་ཡང་ན་ཨང་དྲུག་པ་འགྲན་སྡུར་ནང་ཞུགས་པའི་ཐོབ་ཐང་ཡོད་པ་རེད། སྤྱི་ལོ1992ལོར་ཨོ་རྩལ་འགྲན་ཚོགས་སུ་རྣམ་གྲངས་རྐྱང་པའི་འགྲན་སྡུར་ནང་ཞུགས་མི་ཐུབ་པར་རང་འདེམས་བྱ་སྤྱོད་ཀྱི་འགྲན་སྡུར་གྲུབ་འབྲས་ཐོག་ནས་ཨང་རིམ་གཏན་ཁེལ་བྱས་པ་རེད། སྐྱེས་པ་དང་བུད་མེད་རྟ་མཆོང་ནི་1896ལོའི་ཨོ་རྩལ་འགྲན་ཚོགས་དང་ཧའོ་འར་ཤིན་ཅིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་སུ་བདམས།
སྐྱེས་པ་དང་སྐྱེས་མའི་ལུས་རྩལ་པ་རྟ་ལས་མཆོང་དུས་སྨི25ལ་བརྒྱུག་ནས་གཞོགས་འདེགས་བྱས་ཆོག་པ་དང་། རྟར་མཆོང་སྟངས་ལ་ངེས་པར་དུ་ལག་པས་བཏེགས་ནས་རྟ་ཐོག་ཏུ་ཕར་མཆོང་དགོས། ཐེངས་དང་པོར་རྟ་ལས་མཆོང་བ་མཇུག་བསྒྲིལ་རྗེས། ལུས་རྩལ་པས་འཕྲལ་དུ་འགོ་འཛུགས་སར་ཕྱིར་ལོག་ནས་བརྡ་རྟགས་བསྟན་རྗེས་ཡང་བསྐྱར་ཚོད་ལྟ་ཐེངས་གཉིས་པ་བྱེད། སྐྱེས་པའི་རྟ་མཆོང(“A”སྐར་མ)ལ་བརྟེན་ནས་ལུས་རྩལ་པ་རྣམས་ཀྱི་ཐོབ་ཐང་འགྲན་སྡུར་དང་། ཚོགས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར། ཀུན་ནུས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་བཅས་ཀྱི་ཁྲོད་ངེས་པར་དུ་རྟར་མཆོང་གི་སྟངས་སྟབས་ཤིག་འགྲུབ་དགོས། རྟར་མཆོང་གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་གྱི་ཐོབ་ཐང་ཐོབ་འདོད་པའི་ལུས་རྩལ་པས་ཐོབ་ཐང་འགྲན་སྡུར་ནང་ངེས་པར་དུ་འགུལ་སྟངས་གཉིས་འཁྲབ་དགོས། བྱ་སྤྱོད་དེ་གཉིས་ངེས་པར་དུ་སྒྲིག་གཞི་མི་འདྲ་བའི་ཚོགས་ཆུང་གི་འགུལ་སྟངས་ཡིན་དགོས་པ་མ་ཟད། བར་སྣང་གི་སྟངས་སྟབས་མཉམ་དུ་མངོན་མི་ཆོག