རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ།སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-09-25 16:50ལ་འགྲུབ།

རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ།

རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ།
《རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ》ཞེས་པའི་རི་མོ་འདི་ནི་ལེ་ནུའོ་ཨ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཡིན། སྤྱི་ལོ1876ལོར་བྲིས། ཆེ་ཆུང་ལ83×74cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཨ་རིའི་ཏྲི་ཅཱ་ཀུ་སྒྱུ་རྩལ་སློབ་གླིང་དུ་ཉར་ཡོད།
གཞི་རྩའི་གནས་ཚུལ།

མིང་།
རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ།
རྒྱ་ཡིག་གི་མིང་།
弹钢琴的年轻女子
རྩོམ་པ་པོ།
ལེ་ནུའོ་ཨ།
རྒྱ་ཡིག་གི་མིང་།
皮埃尔·奥古斯特·雷诺阿
རྒྱལ་ཁབ།
ཧྥ་རན་སི།
བརྩམས་པའི་ལོ།
སྤྱི་ལོ1876ལོ།
ཆེ་ཆུང་།
83×74cm
རིགས།
རས་གཞིའི་སྣུམ་ཚོན་རི་མོ།
1 ངོ་སྤྲོད།

《རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ》ཞེས་པའི་རི་མོ་འདི་ནི་ལེ་ནུའོ་ཨ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཡིན། སྤྱི་ལོ1876ལོར་བྲིས། ཆེ་ཆུང་ལ83·74cmཡོད། རས་གཞིའི་སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཨ་རིའི་ཏྲི་ཅཱ་ཀུ་སྒྱུ་རྩལ་སློབ་གླིང་དུ་ཉར་ཡོད།

《རྣོ་སྦྲེང་དཀྲོལ་པའི་ན་ཆུང་མ》ཞེས་པའི་བརྩམས་ཆོས་འདི་ནི་ལེ་ནུའོ་ཨ་ཡི་རྒྱུན་འཛིན་བརྩམས་ཆོས་གྲགས་ཅན་གྱི་གྲས་ཤིག་ཡིན་པ་དང་། ལེ་ནུའོ་ཨ་ཡི་སྔ་དུས་ཀྱི་བརྩམས་ཆོས་ནི་འཚོ་བ་དངོས་ཟིན་བྲིས་འགོད་མཁན་གྱི་བག་ཆགས་རིང་ལུགས་ཀྱི་བརྩམས་ཆོས་ཤིག་ཡིན་པས་བཀྲག་མདངས་ཀྱིས་ཁེངས་ཡོད། འོན་ཀྱང་དུས་རབས18པའི་ལོ་རབས80པའི་དུས་དཀྱིལ་དུ་སླེབས་སྐབས་ཁོང་གིས་བག་ཆགས་རིང་ལུགས་ཀྱི་ལས་འགུལ་ཁྲོད་ནས་ཁ་བྲལ་ཏེ་མིའི་གཟུགས་བརྙན་རི་མོ་དང་འདྲ་རིས་རི་མོ། ལྷག་པར་དུ་བུད་མེད་ཀྱི་འདྲ་རིས་རི་མོའི་སྟེང་དེ་བས་གཟབ་ནན་དང་ཚད་ལྡན་གྱི་རི་མོའི་འབྲི་རྩལ་འདོན་གྱི་ཡོད། ཁོང་གི་དུས་མཇུག་གི་བརྩམས་ཆོས་དང་ལྷག་པར་དུ་བུད་མེད་ཀྱི་བརྩམས་ཆོས་འབྲི་སྐབས་རྟག་ཏུ་མི་རྣམས་ལ་དགའ་མགུ་ཡི་གི་ཚོར་སྣང་སྟེར་གྱི་ཡོད་སྟབས། ཁོང་ལའང་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། བརྩམས་ཆོས་འདིའི་ནང་རྣོ་སྦྲེང་ནག་པོ་དེ་བུད་མེད་ཀྱི་འཚེམ་དྲུབ་དང་འཚམ་ལ། འཇམ་ཞིང་བབ་ཆགས་པའི་སྨད་གཡོགས་དཀར་པོ་ཞིག་དང་མཉམ་དུ་མཐོང་ཚོར་གྱི་ཕན་འབྲས་ཆེན་པོ་ཐོན་པ་དང་། མི་སྣའི་བློ་རྩེ་གཅིག་སྒྲིམ་ངང་མཛེས་རྒྱན་སྤྲས་ཏེ་རི་མོའི་ཁྲོད་ཀྱི་མི་ནི་མཐོ་རིམ་སྤྱི་ཚོགས་སུ་གནས་པ་དང་བློ་སྦྱོང་ཕུན་སུམ་ཚོགས་པའི་བུད་མེད་ཅིག་ཡིན་པ་མཐོང་ཐུབ། 


དཔྱད་གཞིའི་ཡིག་ཆ།