ཁེ་དབང་བསྒྲགས་གཏམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-08-27 08:36ལ་འགྲུབ།

ཁེ་དབང་བསྒྲགས་གཏམ།

ཁེ་དབང་བསྒྲགས་གཏམ།
《ཁེ་དབང་བསྒྲགས་གཏམ》ནི་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱིས་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་བཙུགས་པའི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། སྤྱི་ལོ1689ལོར་རྒྱལ་ཚོགས་ཀྱིས་འགྲེམ་སྤེལ་བྱས། དེའི་ནང་དུ་རྒྱལ་བོར་ཁྲིམས་ལུགས་རྩིས་མེད་གཏོང་བའི་དབང་ཆ་མེད་པ་དང་། རྒྱལ་ཚོགས་ཀྱི་ཆོག་མཆན་མེད་པར་ཁྲལ་བསྡུ་མི་ཆོག་པ། ཞི་བདེའི་དུས་སྐབས་སུ་དམག་གྲབས་རྒྱུན་སྐྱོང་མི་ཆོག་པ་དང་། མང་ཚོགས་ལ་རྒྱལ་བོར་རེ་འདུན་ཞུ་བའི་དབང་ཆ་ཡོད་པ། དབྱི་ཧའེ་གྲོས་ཚོགས་ཀྱིས་ངེས་པར་དུ་དུས་སྐབས་ངེས་ཅན་རེར་ཚོགས་འདུ་བསྡུ་དགོས་པ་སོགས་ཀྱི་གཏན་འཁེལ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
权利法案
ཕྱི་ཡིག་གི་མིང་།
the Bill of Rights
ཁྱབ་བསྒྲགས་བྱས་པའི་དུས་སྐབས།
སྤྱི་ལོ1689ལོར།
ཁྱབ་བསྒྲགས་ཀྱི་དམིགས་ཡུལ།
རྒྱལ་བོའི་དབང་ཤུགས་ལ་ཚོད་འཛིན་བྱེད་པ།
1 ངོ་སྤྲོད། 

《ཁེ་དབང་བསྒྲགས་གཏམ》ནི་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱིས་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་བཙུགས་པའི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། སྤྱི་ལོ1689ལོར་རྒྱལ་ཚོགས་ཀྱིས་འགྲེམ་སྤེལ་བྱས། དེའི་ནང་དུ་རྒྱལ་བོར་ཁྲིམས་ལུགས་རྩིས་མེད་གཏོང་བའི་དབང་ཆ་མེད་པ་དང་། རྒྱལ་ཚོགས་ཀྱི་ཆོག་མཆན་མེད་པར་ཁྲལ་བསྡུ་མི་ཆོག་པ། ཞི་བདེའི་དུས་སྐབས་སུ་དམག་གྲབས་རྒྱུན་སྐྱོང་མི་ཆོག་པ་དང་། མང་ཚོགས་ལ་རྒྱལ་བོར་རེ་འདུན་ཞུ་བའི་དབང་ཆ་ཡོད་པ། དབྱི་ཧའེ་གྲོས་ཚོགས་ཀྱིས་ངེས་པར་དུ་དུས་སྐབས་ངེས་ཅན་རེར་ཚོགས་འདུ་བསྡུ་དགོས་པ་སོགས་ཀྱི་གཏན་འཁེལ་བྱས་ཡོད།

2 ནང་དོན་མདོར་བསྟན། 

《ཁེ་དབང་བསྒྲགས་གཏམ》 མིང་ཆ་ཚང་ལ《རྒྱལ་དམངས་ཀྱི་ཁེ་དབང་དང་རང་དབང་དང་རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱེད་པའི་བསྒྲགས་གཏམ》(AnActDeclaringtheRightsandLibertiesoftheSubjectandSutlingtheSucessiroftheCrown)ཞེས་པ་ནི་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གསར་བརྗེའི་ཁྲོད་ཀྱི་བཅའ་ཁྲིམས་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་རེད། དེ་ནི་རྩ་ཁྲིམས་མིན། དབྱིན་ཇིའི་རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་གྱི་སྲིད་དབང་ལམ་ལུགས་ཀྱི་གཞུང་ལུགས་དང་བཅའ་ཁྲིམས་ཀྱི་རྨང་གཞི་བཏིང་བ་དང་། དབྱི་ཧུའེ་གྲོས་ཚོགས་ལ་ཡོད་པའི་དབང་ཆ་དེ་རྒྱལ་པོའི་དབང་ཆ་ལས་མཐོ་བའི་རྩ་དོན་གཏན་འཁེལ་བྱས་ཤིང་། དེ་ལས་རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་གྱི་ལམ་ལུགས་དེ་དབྱིན་ཇིར་འཛུགས་འགོ་བརྩམས་པ་མཚོན་ཞིང་། 《རྒྱལ་པོའི་གོ་གནས་རྒྱུན་འཛིན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་མཉམ་དུ་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་མཇུག་རྫོགས་པ་མཚོན་པས། དབྱིན་ཇིའི་མ་རྩ་རིང་ལུགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་འགྲོ་ལམ་གཙང་ཕྱགས་བྱས་པ་མཚོན་ཡོད།