ཨཱ་མུའུ་ཟི་ཐཱི་ལིང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-08-22 11:13ལ་འགྲུབ།

ཨཱ་མུའུ་ཟི་ཐཱི་ལིང་།

ཨཱ་མུའུ་ཟི་ཐཱི་ལིང་།
ཁོང་ནི་སྤྱི་ལོ1971ལོའི་ཟླ9པའི་ཚེས18ཉིན་ཏི་ཁི་ཟ་སི་རུ་སྐྱེས་ཤིང་། ཨ་མེ་རི་ཁའི་རྐང་འཁོར་ལུས་རྩལ་པ་དང་། འཇིག་རྟེན་འཕུར་སྐྱོད་པ། འཕུར་མཁན་ཚོད་ལྟ་བ། མཚོ་དམག་གི་འཕུར་སྐྱོད་པ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས་ཡོད། སྤྱི་ལོ2012ལོའི་ཟླ8པའི་ཚེས25ཉིན་སྙིང་ཁམས་འབྲེལ་ཟམ་གཤགས་བཅོས་བྱས་རྗེས་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿姆斯特朗
ཕྱི་ཡིག་གི་མིང་།
Neil Alden Armstrong
རྒྱལ་ཁབ།
ཨ་རི།
སྐྱེས་ཡུལ།
ཏི་ཁི་ཟ་སི།
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ9པའི་ཚེས18ཉིན།
འདས་ལོ།
སྤྱི་ལོ2012ལོའི་ཟླ8པའི་ཚེས25ཉིན།
ལས་རིགས།
འཇིག་རྟེན་འཕུར་སྐྱོད་པ། རྐང་འཁོར་ལུས་རྩལ་པ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1971ལོའི་ཟླ9པའི་ཚེས18ཉིན་ཏི་ཁི་ཟ་སི་རུ་སྐྱེས་ཤིང་། ཨ་མེ་རི་ཁའི་རྐང་འཁོར་ལུས་རྩལ་པ་དང་། འཇིག་རྟེན་འཕུར་སྐྱོད་པ། འཕུར་མཁན་ཚོད་ལྟ་བ། མཚོ་དམག་གི་འཕུར་སྐྱོད་པ། སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས་ཡོད། སྤྱི་ལོ2012ལོའི་ཟླ8པའི་ཚེས25ཉིན་སྙིང་ཁམས་འབྲེལ་ཟམ་གཤགས་བཅོས་བྱས་རྗེས་སྐུ་གཤེགས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1991ལོའི་སྔོན་དུ་ཁོང་ནི་ལྕགས་མི་རྣམ་གྲངས་གསུམ་གྱི་ལུས་རྩལ་པ་ཞིག་ཡིན་ལ། སྤྱི་ལོ1992ལོར་ནས་འགོ་ཚུགས་ཏེ་རྐང་འཁོར་ལུས་རྩལ་པ་ཞིག་ཏུ་གྱུར། སྤྱི་ལོ1999ལོར་ཨ་མེ་རི་ཁའི་སྦྲགས་སྲིད་རྐང་འཁོར་རུ་ཁག་གི་ཚབ་བྱས་ཏེ་ཧྥ་སྐོར་རྐང་འཁོར་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། དེ་རྗེས་ནས་བཟུང་སྟེ2005ལོའི་བར་ལ་ཁོས་བསྟུད་མར་ཐེངས་བདུན་ལ་ཧྥ་སྐོར་རྐང་འཁོར་པའི་ཨང་དང་པོ་བླངས་ཏེ་ཧྥ་རན་སེར་བསྐོར་བྱེད་པའི་རྐང་འཁོར་འགྲན་བསྡུར་ཁྲོད་བསྟུད་མར་ཐེངས་བདུན་ལ་ཨང་དང་པོ་ལེན་མཁན་ཐོག་མ་རུ་གྱུར་ཏེ་ལོ་རྒྱུས་གསར་པ་ཞིག་གི་དབུ་བཙུགས། སྤྱི་ལོ1998ལོའི་ཟླ2པར་ཕྱིར་འགྲན་བསྡུར་དུ་ཞུགས་ནས་བསྟུད་མར་ཐེངས་བདུན་ལ་ཧྥ་སྐོར་གྱི་བྱ་དགའ་ཨང་དང་པོ་བླངས་བས་མི་རྣམས་ཀྱིས་ཁོ་ལ་ཧྥ་སྐོར་དཔའ་བོ་ཞེས་འབོད། སྤྱི་ལོ2005ལོར་ཧྥ་སྐོར་རྐང་འཁོར་འགྲན་བསྡུར་ནས་ཕྱིར་བུད་པ་དང་། སྤྱི་ལོ2008ལོར་ཡང་བསྐྱར་ཞུགས།