བཀན་མཆོང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-08-26 11:00ལ་འགྲུབ།

བཀན་མཆོང་།

བཀན་མཆོང་།
བཀན་མཆོང་ཞེས་པ་རྒྱབ་གཞུང་གཞུ་ལྟར་བཀུག་ནས་འཕྲེད་དབྱུག་སྟེང་ཕར་མཆོང་བ་ཞིག་ཡིན་ལ། བཀན་མཆོང་ལུས་རྩལ་པ་ཤུགས་ཆེན་པོས་བརྒྱུགས་ནས་རམ་འདེགས་ཀྱིས་གོམ་འགྲོས་ལ་བསྟེན་ཏེ། ཡར་ལྡིང་བའི་ཤེད་ཤུགས་ཀྱིས་རྐང་པ་བཀུམ་ཞིང་རྒྱབ་གཞུང་གཞུ་ལྟར་ཕར་ལྡིང་བ་ཞིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
背越式跳高
རམ་འདེགས་རྒྱུག་ཚད།
གོམ་པ8-12
ཕྱི་ཡིག་གི་མིང་།
Forsberg High Jump
མཆོང་སྟངས།
རྒྱབ་གཞུང་གཞུ་ལྟར་བཀུག་པ།
1 ངོ་སྤྲོད། 

བཀན་མཆོང་ཞེས་པ་རྒྱབ་གཞུང་གཞུ་ལྟར་བཀུག་ནས་འཕྲེད་དབྱུག་སྟེང་ཕར་མཆོང་བ་ཞིག་ཡིན་ལ། བཀན་མཆོང་ལུས་རྩལ་པ་ཤུགས་ཆེན་པོས་བརྒྱུགས་ནས་རམ་འདེགས་ཀྱིས་གོམ་འགྲོས་ལ་བསྟེན་ཏེ། ཡར་ལྡིང་བའི་ཤེད་ཤུགས་ཀྱིས་རྐང་པ་བཀུམ་ཞིང་རྒྱབ་གཞུང་གཞུ་ལྟར་ཕར་ལྡིང་བ་ཞིག་གོ། 

2 ལོ་རྒྱུས། 

སྤྱི་ལོ1968ལོའི་སྐབས19པའི་ཨོ་རྩལ་འགྲན་ཚོགས་སྟེང་ཨ་རིའི་ལུས་རྩལ་པ་ཕུའུ་སི་པེ་ལིས་གཞུ་ཐིག་སྤྱད་དེ་གཞོགས་འདེགས་ཀྱིས་ནུས་རྩལ་སྤྱད་དེ་སྨི2.24ཡི་གྲུབ་འབྲས་བླངས་ནས་སྐྱེས་པའི་འགྲན་སྡུར་ཨང་དང་པོ་བླངས། ཁོང་གི་ནུས་རྩལ་གྱིས་མི་རྣམས་ལ་མིག་རྒྱ་སྐྱེད་ཅིང་།  དུས་དེ་ནས་བཟུང་སྟེ་བཀན་མཆོང་ནུས་རྩལ་འཛམ་གླིང་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་། 

3 བཀན་མཆོང་ཚད་གཞི། 
3_1 སྐྱེས་པ། 

རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ལུས་རྩལ་པའི་མཆོང་ཚད་སྨི1.60 

རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ལུས་རྩལ་པའི་མཆོང་ཚད་སྨི1.83

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པའི་མཆོང་ཚད་སྨི2.00  

རྒྱལ་ཁབ་ཀྱི་ཕུལ་བྱུང་ལུས་རྩལ་པའི་མཆོང་ཚད་སྨི2.20

རྒྱལ་སྤྱིའི་ཕུལ་བྱུང་ལུས་རྩལ་པའི་མཆོང་ཚད་སྨི2.28

3_2 སྐྱེས་མ།

རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ལུས་རྩལ་པའི་མཆོང་ཚད་སྨི1.40

རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ལུས་རྩལ་པའི་མཆོང་ཚད་སྨི1.56

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པའི་མཆོང་ཚད་སྨི1.75

རྒྱལ་ཁབ་ཀྱི་ཕུལ་བྱུང་ལུས་རྩལ་པའི་མཆོང་ཚད་སྨི1.84

རྒྱལ་སྤྱིའི་ཕུལ་བྱུང་ལུས་རྩལ་པའི་མཆོང་ཚད་སྨི1.90