རྒྱང་མཆོང་།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-08-26 10:55ལ་འགྲུབ།

རྒྱང་མཆོང་།

རྒྱང་མཆོང་།
རྒྱང་མཆོང་ལ་མྱུར་སྐྱོད་རྒྱང་མཆོང་ཡང་ཟེར་ཞིང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། བརྒྱུགས་ནས་་མཆོང་ཞིང་མཁའ་དབྱིངས་ནས་བྱེ་གཤོང་དུ་མར་ལྷུང་བ་ཞིག་ཡིན་ལ། ལུས་རྩལ་དྲང་ཐིག་བརྒྱུད་ནས་རྒྱུག་སྟེ། མཆོང་ལྡིང་པང་ལེབ་མདུན་གྱི་ལམ་ཐིག་ཏུ་སླེབས་ཚེ་རྐང་པ་ཡ་གཅིག་གིས་བར་སྣང་དུ་ལྡིང་ཞིང་། དེ་ནས་རིམ་བཞིན་རྐང་པ་གཉིས་ཀྱི་བྱེ་གཤོང་དུ་མར་ལྷུང་། གྲན་སྡུར་བྱེད་སྐབས་ལྡིང་ཚད་ཀྱི་རིམ་པ་ལྟར་ཨང་རིམ་ཐག་གཅོད་བྱེད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
跳远
མཆོང་སྟངས།
མཆོངས་ནས་ལྡིང་བ།
ཕྱི་ཡིག་གི་མིང་།
long jump
སྲོལ་འབྱེད་དུས།
སྤྱི་ལེ་སྔོན་དུས་རབས708ལོར།
འཛམ་གླིང་ཟིན་བཀོད་པ།
མེ་ཆིར།
1 ​ངོ་སྤྲོད། 

རྒྱང་མཆོང་ལ་མྱུར་སྐྱོད་རྒྱང་མཆོང་ཡང་ཟེར་ཞིང་། དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། བརྒྱུགས་ནས་་མཆོང་ཞིང་མཁའ་དབྱིངས་ནས་བྱེ་གཤོང་དུ་མར་ལྷུང་བ་ཞིག་ཡིན་ལ། ལུས་རྩལ་དྲང་ཐིག་བརྒྱུད་ནས་རྒྱུག་སྟེ། མཆོང་ལྡིང་པང་ལེབ་མདུན་གྱི་ལམ་ཐིག་ཏུ་སླེབས་ཚེ་རྐང་པ་ཡ་གཅིག་གིས་བར་སྣང་དུ་ལྡིང་ཞིང་། དེ་ནས་རྐང་པ་གཉིས་ཀྱི་བྱེ་གཤོང་དུ་མར་ལྷུང་། གྲན་སྡུར་བྱེད་སྐབས་ལྡིང་ཚད་ཀྱི་རིམ་པ་ལྟར་ཨང་རིམ་ཐག་གཅོད་བྱེད་ཀྱི་ཡོད། 

2 ལོ་རྒྱུས།

རྒྱང་མཆོང་ཞེས་པ་གནའ་བོའི་རྩལ་འགྲན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ།  དེ་ནི་མིའི་རིགས་ཀྱིས་འཚོལ་ཞིབ་བམ་གཡོལ་ཐབས་སྐབས་སུ་ཆུ་རོང་བརྒལ་བ་སོགས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། རྗེས་སུ་དམག་དོན་སྦྱོང་བརྡར་གྱི་བྱེད་ཐབས་ཤིག་ཏུ་གྱུར། སྤྱི་ལོའི་སྔོན་གྱི708ལོར་གནའ་བོའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ལྔའི་གྲས་ཤིག་ཡིན་ཞིང་། རིམ་བཞིན་གནའ་བོའི་ཀེ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ལྔའི་ནང་དུ་རྒྱང་མཆོང་བཀོད་ཡོད། 

3 སྒྲིག་སྲོལ། 
3_1 འདྲ་མཉམ།   

ལུས་རྩལ་པའི་སྐར་འབྲས་འདྲ་མཉམ་དུ་གྱུར་ཀྱང་ཅུང་ལེགས་པའི་གྲུབ་འབྲས་ཀྱིས་ཐག་གཅོད་བྱེད་དགོས། གལ་ཏེ་ད་དུང་གནད་དོན་ཐག་གཅོད་བྱེད་མ་ཐུབ་ཚེ་གྲུབ་འབྲས་ལྟར་རིགས་བགྲེ་དགོས་ཏེ། དཔེར་ན་ཨང་དང་པོ་ལེན་མཁན་སོགས་འདྲ་མཉམ་བྱུང་ཚེ། སྔར་གྱི་འགྲན་སྡུར་གྲུབ་འབྲས་ལ་གཞིགས་ནས་གསར་དུ་འགྲན་སྡུར་བྱས་ནས་གྲུབ་འབྲས་ལྟར་ཨང་རིམ་དགར་དགོས། 

3_2 སྒྲིག་འགལ། 

གལ་ཏེ་ལུས་རྩལ་པ་བརྒྱུགས་ནས་ལྡིང་སྐབས་རྟགས་རྒྱབ་པ་ལས་ཕར་བརྒལ་ན་སྒྲིག་འགལ་བྱས་པ་ཡིན་ལ། གནས་ཚུལ་དེ་ལུས་རྩལ་པས་ལག་པ་བརྐྱངས་ནས་དོ་མཉམ་རྒྱུན་འཁྱོངས་བྱེད་མ་ཐུབ་པའི་སྐབས་སུ་འབྱུང་བཞིན་ཡོད། 

3_3 འགྲན་ར།

རྒྱང་མཆོང་དང་རིམ་པ་གསུམ་པའི་མཆོང་རྒྱུག་གི་རིང་ཚད་ལ་མ་མཐའ་ཡང་སྨི40དགོས་པ་དང་། སྒྲིག་འགལ་ཐིག་གི་ཞེང་ལ་ལི་སྨི20ཡོད་པའི་མཆོང་ལྡིང་པང་ལེབ་ཀྱི་ལམ་ཐིག་ཡིན་ལ། རྒྱང་མཆོང་ལུས་རྩལ་པ་གྲུ་བཞི་ནར་མོའི་དབྱིབས་ཀྱི་བྱེ་གཤོང་དུ་མར་ལྷུང་ཡོང་། རྒྱང་མཆོང་འགྲན་སྡུར་ཁྲོད་བྱེ་གཤོང་ནས་མཆོང་ལྡིང་པང་ལེབ་བར་སྨི1ནས3ཡོད་པ་དང་། མཆོང་ལྡིང་རིམ་པ་གསུམ་པའི་འགྲན་སྡུར་ཁྲོད་སྐྱེས་པའི་འགྲན་སྡུར་གྱི་བྱེ་གཤོང་དེ་མཆོང་ལྡིང་པང་ལེབ་བར་སྨི13ཡོད། བུད་མེད་ཀྱི་འགྲན་སྡུར་ནི་སྨི11ཡིན་ལ།  མཆོང་ལྡིང་པང་ལེབ་ཀྱི་ལམ་ཐིག་སྣོག་ཡོད་མེད་དེས་རྒྱང་མཆོང་སྒྲིག་འགལ་བྱས་མིན་མཚོན་གྱི་ཡོད།