མེ་སོ་བྷུ་ངྷ་མི་ཡ་ཤེས་རིགསྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-07-29 09:49ལ་འགྲུབ།

མེ་སོ་བྷུ་ངྷ་མི་ཡ་ཤེས་རིག

མེ་སོ་བྷུ་ངྷ་མི་ཡ་ཤེས་རིག
མེ་སོ་བྷུ་ངྷ་མི་ཡའི་ཤེས་རིག་ནི་ཏེ་གྷི་ལེ་སི་ཆུ་བོ་དང་ཡོའུ་ཧྥ་ལ་ཐེའུ་ཟི་ཆུ་བོའི་འབབ་རྒྱུད་བར་གྱི་མེ་སོ་བྷུ་ངྷ་མི་ཡའི་བདེ་ཐང(དབྱི་རག་གི་མངའ་ཁོངས)ནས་དར་རྒྱས་བྱུང་བའི་ཤེས་རིག་ལ་ཟེར་བ་དང་། ཨེ་ཤ་ཡ་ནུབ་མའི་ཤེས་རིག་ཆེས་སྔ་ཤོས་དེ་ཡིན། གཙོ་བོ་སུའུ་མེར་དང་། ཨ་ཁ་སྡེ། པཱ་པི་ལན་སོགས་ཤེས་རིག་གིས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美索不达米亚文明
ཕྱི་ཡིག་གི་མིང་།
Mesopotamia Civilization
དུས་སྐབས།
སྤྱི་ལོའི་སྔོན་གྱི4000-3000བར།
ཁོངས་གཏོགས།
གནའ་བོའི་ཤེས་རིག
1 ངོ་སྤྲོད། 

མེ་སོ་བྷུ་ངྷ་མི་ཡའི་ཤེས་རིག་ནི་ཏེ་གྷི་ལེ་སི་ཆུ་བོ་དང་ཡོའུ་ཧྥ་ལ་ཐེའུ་ཟི་ཆུ་བོའི་འབབ་རྒྱུད་བར་གྱི་མེ་སོ་བྷུ་ངྷ་མི་ཡའི་བདེ་ཐང(དབྱི་རག་གི་མངའ་ཁོངས)ནས་དར་རྒྱས་བྱུང་བའི་ཤེས་རིག་ལ་ཟེར་བ་དང་། ཨེ་ཤ་ཡ་ནུབ་མའི་ཤེས་རིག་ཆེས་སྔ་ཤོས་དེ་ཡིན། གཙོ་བོ་སུའུ་མེར་དང་། ཨ་ཁ་སྡེ། པཱ་པི་ལན་སོགས་ཤེས་རིག་གིས་གྲུབ་པ་ཡིན། 

2 བྱུང་འཕེལ། 

དབྱི་རག་གི་མངའ་ཁོངས་སུ་ཡོའུ་ཧྥ་ལ་ཐེའུ་ཟི་ཆུ་བོ་དང་ཏེ་གྷི་ལེ་ཟི་ཆུ་བོ་ཞེས་པའི་གཙང་བོ་ཆེན་པོ་གཉིས་ཡོད་ལ། དེ་དག་གི་འབྱུང་ཡུལ་ནི་ཐུར་ཁེ་ཡིན་ཞིང་། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བཞུར་སྟེ་དབྱི་རག་བརྒྱུད་མཐར་པར་ཟིག་མཚོ་ཁུག་དུ་འབབ་ཀྱི་ཡོད། གཙང་བོ་འདི་གཉིས་བར་གྱི་བདེ་ཐང་ལ་གནའ་བོའི་ཀེ་རི་སིའི་མིས“མེ་སོ་བྷུ་ངྷ་མི་ཡ”ཞེས་བརྗོད་ཅིང་། དེ་ནི“གཙང་བོ་གཉིས་བར་གྱི་ས་ཆ”ཞེས་པའི་དོན་ཡིན། གནས་འདི་རུ་ཨ་ཁཱ་ཏེ་རྒྱལ་བོའི་རྒྱལ་ཁབ་དང་། གནའ་བོའི་པ་བྷི་ལུན། ཡ་ཧྲུའུ་སོགས་གནའ་བོའི་ཤེས་རིག་རྒྱལ་ཁབ་བྱུང་མྱོང་བ་མ་ཟད། མཚར་སྡུག་ལྡན་པའི་རིག་གནས་ཀྱང་བསྐྲུན་ཡོད། 

3 གྲུབ་འབྲས། 

མེ་སོ་བྷུ་ངྷ་མི་ཡ་ཤེས་རིག་དེ་ཡི་གེ་དེང་རྩོམ་རིག་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་རྨད་དུ་བྱུང་བ་བླངས་ཡོད་དེ། སུའུ་མེར་གྱི་མིས་སྤྱོད་པའི་ཁྱིའུ་དབྱིབས་ཡི་གེ་ནི་ཡ་གླིང་ནུབ་མའི་མི་རིགས་ཀྱི་ཡི་གེ་ཧ་ཅང་མང་བོ་ཞིག་གི་རྨང་གཞི་ཡིན་པ་དང་། རྩོམ་རིག་གི་ཐོག་ནས་ཀྱང་ལོ་རྒྱུས་སྙན་རྩོམ《ཅིར་ཇ་མེ་ཧྲི》ཞེས་པ་ཆེས་མིང་དུ་གྲགས་ཡོད། འཛུགས་སྐྲུན་གྱི་ཕྱོགས་ནས་གཙོ་བོ་སྤྱི་ལོའི་སྔོན་གྱི་དུས་རབས7པའི་དུས་མཇུག་ཏུ་བསྐྲུན་པའི“བར་སྣང་གི་སྐྱེད་མོས་ཚལ”ཞེས་པ་ཡོད་ལ། དེ་ནི་པ་བྷི་ལུན་རྒྱལ་བོའི་རྒྱལ་ཁབ་གསར་བའི་རྒྱལ་བོ་ཉི་བྷོ་ཅཱ་ཉི་ས་ཡིས་བཞེངས། དེ་ལས་གཞན། གནམ་རིག་དང་གསོ་རིག རྩིས་རིག་སོགས་ཀྱི་ཕྱོགས་ནས་ཀྱང་གཙང་བོ་གཉིས་ཀྱི་འབབ་ཡུལ་གྱི་མིས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།