ཁམས་པ་བློ་གྲོས་རྒྱལ་པོ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-07-25 09:03ལ་འགྲུབ།

ཁམས་པ་བློ་གྲོས་རྒྱལ་པོ།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། བསྒྱུར་རྩོམ་གཙོ་གྲས་ནི《བསྟན་འགྱུར》ལས《དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ》དང《སངས་རྒྱས་ཀྱི་སྤྱོད་པ》ཞེས་བྱ་བ་སོགས་བཞུགས་པའི་ལོ་ཙཱ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁམས་པ་བློ་གྲོས་རྒྱལ་པོ།
འཁྲུངས་ལོ།
དུས་རབས་བཅུ་གསུམ་པའི་དུས་དཀྱིལ།
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པ་སྦྱངས་ནས་བསྟན་བཅོས་གཉིས་ཙམ་བོད་ཡིག་ཏུ་བསྒྱུར་བ་མཛད།

2 བསྒྱུར་རྩོམ།

བསྒྱུར་རྩོམ་གཙོ་གྲས་ནི《བསྟན་འགྱུར》ལས《དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ》དང《སངས་རྒྱས་ཀྱི་སྤྱོད་པ》ཞེས་བྱ་བ་སོགས་བཞུགས་སོ།།