སྙོན།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-23 16:57ལ་འགྲུབ།

སྙོན།

ཁེ་ཕན་ནམ་རང་ཕྱོགས་ལ་ཞེན་ནས་བདེན་པར་ཤེས་ཀྱང་དེ་ལས་གཞན་དུ་ཧམ་བཤད་བྱེད་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 诬赖,争辩,歪曲

དབྱིན་ཡིག disavow, deny

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)འཇུན་པའི་དོན་ཏེ། རང་བྱས་ཀྱི་ཉེས་པ་སྙོན་མི་རུང་། མངོན་སུམ་ལ་སྙོན་མཁན། སྙོན་ཅིག་ལྟ་བུ། 【བསྙོན】ནི་མ་འོངས་པ་དང་འདས་པ་སྟེ། བསྙོན་བྱའི་ནོར་འཁྲུལ། མངོན་སུམ་ལ་བསྙོན་ནས་སྒྲོ་འདོག་མ་བྱེད་ལྟ་བུ།

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  བྱ་ཚིག བྱ་བྱེད་ཐ་དད་པ། དུས་གསུམ་བྱེ་བྲག་པ། ཁེ་ཕན་ནམ་རང་ཕྱོགས་ལ་ཞེན་ནས་བདེན་པར་ཤེས་ཀྱང་དེ་ལས་གཞན་དུ་ཧམ་བཤད་བྱེད་པ་སྟེ། མ་འོངས་པ། བསྙོན།  ད་ལྟ་བ། སྙོན།  འདས་པ། བསྙོན།  སྐུལ་ཚིག སྙོན། དཔེར་ན།  མ་འོངས་པ། ནམ་ཡང་དོན་དངོས་ལ་བསྙོན་མི་རུང་།  ད་ལྟ་བ། རྐུན་མས་དོན་དངོས་ལ་སྙོན་བཞིན་འདུག  འདས་པ། ཇི་ལྟར་བསྙོན་ཀྱང་ཕན་མ་ཐོགས་པར་ཕམ།  སྐུལ་ཚིག གནས་ལུགས་མེད་ན་སྙོན་ཅིག་ལྟ་བུ།