གོ་གནས་གཞན་སྤྲོད་དང་གོ་གནས་རྒྱུད་འཛིན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2019-08-12 11:10ལ་འགྲུབ།

གོ་གནས་གཞན་སྤྲོད་དང་གོ་གནས་རྒྱུད་འཛིན།

གོ་གནས་གཞན་སྤྲོད་དང་གོ་གནས་རྒྱུད་འཛིན།
རྒྱལ་པོའི་གོ་གནས་རྒྱུད་འཛིན་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྒྱལ་པོའི་གོ་གནས་དེ་ཁྱིམ་རྒྱུད་གཅིག་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ལམ་ལུགས་ཤིག་ཡིན། “སྒོམ་གཉེར་ལམ་ལུགས”(དམངས་གཙོའི་འདེམས་སྒྲུག་ཚོ་པའི་མནའ་འབྲེལ་གྱི་འགོ་གཙོ)ཡི་རྗེས་སུ་བྱུང་བའི་ཆབ་སྲིད་ལམ་ལུགས་ཤིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
禅让制与世袭制
ཁོངས་གཏོགས།
བདག་དབང་ལམ་ལུགས།
དུས་སྐབས།
ཧ་ལམ་སྤྱི་ལོ་སྔོན་གྱི1988ལོ་ནས1912ལོ།
བྱེད་ཕྱོགས།
སྐབས་རེ་སྤུན་གྱི་བུ་སྤུན་དང་། ཕ་བུ་མང་པོས་རྒྱུད་འཛིན་བྱེད་པ།
1 ​ངོ་སྤྲོད། 

རྒྱལ་པོའི་གོ་གནས་རྒྱུད་འཛིན་ལམ་ལུགས་ནི་རྒྱལ་ཁབ་ཀྱི་རྒྱལ་པོའི་གོ་གནས་དེ་ཁྱིམ་རྒྱུད་གཅིག་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ལམ་ལུགས་ཤིག་ཡིན། “སྒོམ་གཉེར་ལམ་ལུགས”(དམངས་གཙོའི་འདེམས་སྒྲུག་ཚོ་པའི་མནའ་འབྲེལ་གྱི་འགོ་གཙོ)ཡི་རྗེས་སུ་བྱུང་བའི་ཆབ་སྲིད་ལམ་ལུགས་ཤིག་རེད། 

2 ལོ་རྒྱུས་མདོར་བསྟན། 

ཧ་ལམ་སྤྱི་ལོ་སྔོན་གྱི2070ལོར། ཡུས་ཞེས་པས་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་རྒྱལ་རབས་ཐོག་མ་སྟེ་ཞ་རྒྱལ་རབས་བཙུགས་ཏེ་ཀྲུང་གོར་དུས་སྔ་མོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བྱུང་། ཡུས་ལོ་ན་མཐོ་བའི་སྐབས་སུ་རྒྱལ་པོས་གོ་གནས་གཞན་སྤྲོད་ཀྱི་གོམས་སྲོལ་སྤྱད་དེ་རྒྱུད་འཛིན་པ་འདེམ་བསྐོ་བྱས་མོད། འོན་ཀྱང་ཡུལ་འདས་རྗེས་བུ་ཆི་ཞེས་པས་རྒྱལ་པོའི་གོ་གནས་འཕྲོགས་པར་མ་ཟད། རྒྱལ་པོའི་གོ་གནས་དེ་ཁོ་རང་གི་བུ་རྒྱུད་ལ་སྤྲད། དེ་བཞིན་ཆབ་སྲིད་དབང་ཆ་དེ“མི་འཇོན་ཐང་ཅན་ལ་སྤྲོད་པ”ནས“རང་གི་བུ་རྒྱུད་ལ་སྤྲོད་པར”བསྒྱུར་པས། ཁྱིམ་རྒྱུད་དང་རུས་རྒྱུད་གཅིག་པའི་ནང་དུ་རྒྱལ་པོའི་གོ་གནས་དེ་གདུང་རབས་ཀྱིས་རྒྱུད་འཛིན་བྱས་ཏེ། “གནམ་འོག་ཁྱིམ་དུ་འདུ་བའི”རྣམ་པ་རིམ་གྱིས་ཆགས་ཤིང་། རྒྱལ་པོའི་སྲིད་ཁྲི་རྒྱུད་འཛིན་བྱེད་པ་དེས་གདོད་མའི་སྤྱི་ཚོགས་དུས་མཇུག་གི་གོ་གནས་གཞན་སྤྲོད་ལམ་ལུགས་ཀྱི་ཚབ་བྱས། ཧྲང་རྒྱལ་རབས་བཙུགས་རྗེས་རྒྱལ་སྲིད་སྲས་ཀྱིས་རྒྱུད་འཛིན་བྱེད་ལ་སྐབས་རེར་ཕུ་བོ་འདས་ཚེ་ནུ་བོས་འཛིན་པ་རེད།

ཞ་དང་ཧྲང་རྒྱལ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་མཁན་གྱིས་རང་ཉིད་ཀྱི་དབང་སྒྱུར་གོ་གནས་སྲ་བརྟན་དུ་གཏོང་ཆེད། རང་ཉིད་ཀྱི་བྱ་སྤྱོད་ནི་གནམ་གྱི་འདོད་བློ་ཡིན་པར་སྐད་ལ། རྒྱལ་ཁབ་ཀྱི་དོན་དག་ཆེ་མ་ཆུང་གསུམ་ཡོད་ཚད་མོ་འདེབས་པྲ་ཕབ་ལ་བརྟེན་ནས་ཐག་གཅོད་པས་རྒྱལ་པོའི་དབང་ཆར་ལྐོག་གྱུར་གྱི་ཁྱད་ཆོས་མངོན།

ཞ་དང་ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ་ཀྲུང་དབྱང་ནས་ས་གནས་ཀྱི་བར་དུ་སྲིད་འཛིན་དོ་དམ་ལམ་ལུགས་ཆ་ཚང་ཞིག་ཐོག་མར་བཙུགས། ཧྲང་རྒྱལ་རབས་ཀྱི་ཀྲུང་དབྱང་དུ་སྲིད་བློན་དང་། བློན་པོ། དཔོན་ཕྲན་སོགས་བསྐོས་ཏེ་སྲིད་དོན་གཉེར་ཞིང་། ས་གནས་སུ་ཧོའུ་དང་པོ་རིམ་པའི་དཔོན་གནས་བསྩལ། ཧོའུ་དང་པོ་རིམ་པ་ནི་བློན་ཆུང་ཡིན་པས་ཧྲང་རྒྱལ་རབས་ཀྱི་ས་གནས་རྒྱལ་ཕྲན་རྒྱལ་པོར་སྲི་ཞུ་བསྒྲུབ་དགོས་པ་དང་། དུས་བཅད་ལྟར་ཧྲང་རྒྱལ་པོར་རྟེན་འབུལ་འཇལ་དགོས་པར་མ་ཟད། ད་དུང་བཀའ་ལྟར་དྲག་འདུལ་ལ་ཞུགས་དགོས།