ཡིབ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-23 16:57ལ་འགྲུབ།

ཡིབ།

སྦས་པའམ་གཞའ་བའི་དོན།
1 ལོ་ཙཱ།

རྒྱ་ཡིག 隐藏,隐蔽

དབྱིན་ཡིག to hide 

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྦས་པའམ་བཞའ་བའི་དོན་ཏེ། སྟག་མོ་ནགས་གསེབ་ཏུ་ཡིབ། རྩིག་པའི་ཕག་ལ་ཡིབ་ལྟ་བུ། འདས་པ་དང་སྐུལ་ཚིག་ལ། ཡིབས་འབྲི་སྟེ། དམག་མི་རྣམས་བཙན་རྫོང་དུ་ཡིབས་ནས་མེ་མདའ་འཕེན། ཁྱོད་ཁང་བར་ཡིབས་ཤིག་ལྟ་བུ། 

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  བྱ་ཚིག བྱ་བྱེད་ཐ་མི་དད་པ། དུས་གསུམ་ཐོར་བུ་པ། དུས་གསུམ་འཕུལ་མེད་བྱ་དང་བྱེད་གཅིག་ཅིང་། ། འདས་དང་སྐུལ་གཅིག་ཡང་འཇུག་བྱེ་བྲག་ལྟར། །ཞེས་པའི་ནང་ཚན། སྦས་པའམ་གཞའ་བའི་དོན། མ་འོངས་པ། ཡིབ།  ད་ལྟ་བ། ཡིབ།  འདས་པ། ཡིབས།  སྐུལ་ཚིག ཡིབས། དཔེར་ན།  མ་འོངས་པ། སྟག་མོ་ནགས་གསེབ་ཏུ་ཡིབ།  ད་ལྟ་བ། རྩིག་པའི་ཕག་ལ་ཡིབ་ལྟ་བུ།  འདས་པ། ནགས་གསེབ་ཏུ་ཡིབས་ནས་བསྡད།  སྐུལ་ཚིག རིའི་ཕག་ལ་ཡིབས་ཤིག་ལྟ་བུ།