ཡས།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡས།

བོན་གྱི་ལུགས་ལས་བཤད་པའི་ལྷ་འདྲེ་ལ་བརྔན་པའི་གླུད་གཏོར་ཆ་ཞིག གངས་ཅན་གྱི་བརྡའ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན་ཅེས་བྱ་བ་ལས། ཡས་སྟགས་ནི་ཡས་གླུད་ལྟ་བུ་སྟེ་ཡོ་བྱད་དང་རྫས་མང་པོ་བསགས་ནས་བོན་པོའི་ལུགས་ཀྱིས་མདོས་འཕེན་པ་ལྟ་བུའོ། ། ཞེས་གསུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
彩盘
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ​ངོ་སྤྲོད།

བོན་གྱི་ལུགས་ལས་བཤད་པའི་ལྷ་འདྲེ་ལ་བརྔན་པའི་གླུད་གཏོར་ཆ་ཞིག གངས་ཅན་གྱི་བརྡའ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན་ཅེས་བྱ་བ་ལས། ཡས་སྟགས་ནི་ཡས་གླུད་ལྟ་བུ་སྟེ་ཡོ་བྱད་དང་རྫས་མང་པོ་བསགས་ནས་བོན་པོའི་ལུགས་ཀྱིས་མདོས་འཕེན་པ་ལྟ་བུའོ། ། ཞེས་གསུངས། འདི་ནི་མདོས་ཀྱི་ཆོ་ག་བསྡུས་ཤོས་ཐ་མའི་རིགས་ལ་གོ་དགོས་པ་ཡིན། འདི་ཡི་རྫས་ཆ་རྣམས་ལ་ཡས་རྫས་ཟེར་ལ། ཆོ་ག་བྱེད་པ་ལ་ཡས་གླུད་གཏོང་བ་ཞེས་གྲགས། སྔོན་བོན་ཆོས་ཡིན་ན་ཡང་ནང་ཆོས་དར་འཕེལ་བྱུང་རྗེས་ཚང་མས་ལག་ལེན་བསྟར་བས་ཐུན་མོང་དུ་གྱུར་པ་རེད། ཡས་རྫས་རྣམས་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་བྱིན་རླབས་ནས་བསྔོའོ། ། ཡིད་ཀྱི་གཟུགས་ཅན་སྣང་སྲིད་ལྷ་འདྲེ་ལ་ཕན་གདགས་པ་དང་། སྦྱིན་བདག་ལ་ཕན་བདགས་པའི་ཐབས་མང་པོ་ཞིག་ཡོད་པ་འདི་གསུམ་དུ་འདུ་བ་ཡིན་ནོ། །


བརྡ་འགྲེལ་གདོང་འཛར།

ཆོས་ལུགས། ཆོ་ག བོན། ཡས་སྟགས།