ཡལ་ཡལ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡལ་ཡལ།

དགའ་བའི་རྣམ་འགྱུར་སྟོན་ཚུལ་ཞིག
1 ལོ་ཙཱ།

རྒྱ་ཡིག 喜洋洋

དབྱིན་ཡིག joyful

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  (རྒྱན་ཚིག) དགའ་བའི་ངང་ཚུལ་ཏེ། དགའ་ཡལ་ཡལ། འཛུམ་ཡལ་ཡལ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  གྲངས་གནས་ཤིག་ལའང་། 独墨兰。大数之一。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①གྲངས་གནས་ཤིག 一大数名。②དགའ་བའི་རྣམ་འགྱུར་སྟོན་ཚུལ་ཞིག 喜洋洋,很喜欢的样子:སྤྲོ་སྣང་དགའ་ཡལ་ཡལ། 喜气洋洋。ཁ་འཛུམ་ཡལ་ཡལ། 盈盈含笑。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག རྩིས་རིག ཕལ་ཆེན་གྱི་གྲངས་ཀྱི་ལེའུ་ལས་འབྱུང་བའི་གྲངས་གནས་བརྒྱ་དང་ཉེར་དྲུག་པ་ལས་གྲངས་གནས་བརྒྱ་དང་ཞེ་ལྔ་པ་སྟེ། ཁྲམ་ཐམས་ཁྲམ་ཐམས་ན་ཡལ་ཡལ་ལོ། །ཞེས་གསུངས།

རྒྱན་ཚིག དགའ་སྤྲོའི་རྣམ་འགྱུར་སྟོན་སྟངས་ཤིག དཔེར་ན། ཁ་འཛུམ་ངོ་འཛུམ་ཡལ་ཡལ་ལྟ་བུ།