ཡལ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡལ།

མེད་པར་གྱུར་པའམ་མི་མངོན་པར་གྱུར་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 散灭,消散,隐没

དབྱིན་ཡིག to disappear, to vanish, to fade away

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①(བྱེད་མེད་ལས་ཚིག)〈ཀ〉མེད་པར་གྱུར་པའམ་མི་མངོན་པར་གྱུར་པའི་དོན་ཏེ། སྤྲིན་ནམ་མཁའི་དབྱིངས་སུ་ཡལ། འཇའ་ཁ་དོག་ལེགས་ཀྱང་ཡལ་ནས་འགྲོ མེ་ཏོག་ཡལ། དྲི་ཡལ། རྟ་བརྒྱུགས་ནས་རྡུལ་ཡལ་ལྟ་བུ། 〈ཁ〉གྱོང་གུད་དུ་སོང་བའི་དོན་ཏེ། རྒྱུ་ནོར་དགྲ་ལ་མ་ཡལ། སྒོ་ཕྱུགས་རང་ཡལ་དུ་མ་སོང་ལྟ་བུ། ②ཡལ་ག་ཞེས་པའི་ཚིག་བསྡུས་པ།

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  བྱ་ཚིག བྱ་བྱེད་ཐ་མི་དད་པ། དུས་གསུམ་ཐོར་བུ་པ། གཟུགས་མི་འགྱུར་བ། མེད་པར་གྱུར་པའམ་མི་མངོན་པར་གྱུར་པའི་དོན།  དཔེར་ན། འཇའ་ཚོན་མཁའ་ལ་ཡལ། མེ་ཏོག་གི་དྲི་མ་ཡལ་ལྟ་བུ། ལྡོག་ཚིག མངོན། ②གྱོང་གུད་དུ་སོང་བའི་དོན་ཏེ།  དཔེར་ན། བསགས་པའི་ནོར་དགྲ་ལ་ཡལ་ལྟ་བུ།

མིང་ཚིག ཡལ་ག་ཞེས་པའི་ཚིག་བསྡུས་པ།