ཡར་མ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡར་མ།

བེའུ་སྐྱེས་ནས་ལོ་གཅིག་འཁོར་ཏེ་ཡ་རུར་གྱུར་བའི་བཞོན་མའི་མིང་།
1 ལོ་ཙཱ།

རྒྱ་ཡིག 满一年之乳牛

དབྱིན་ཡིག cattle that have given birth to a calf last year.

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བེའུ་བཙས་ནས་ལོ་འཁོར་བའི་བཞོན་མའི་མིང་སྟེ། འབྲི་ཡར་མ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  བ་དྲུས་མ་ལོ་གཅིག་ལོན་པ།  满一年之乳牛。【增】①不生育的牝牦牛。②杂种母牛。﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  བེའུ་སྐྱེས་ནས་ལོ་གཅིག་ཁོག་སྟོང་དུ་བསྡད་དེ་འོ་མ་ཕྱེད་ཙམ་བཞོ་རྒྱུ་ཡོད་པའི་འབྲི་སོགས། 名词。一年空怀的乳牛。去年已生,今年未孕仍有半奶的母牛。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག བེའུ་སྐྱེས་ནས་ལོ་གཅིག་འཁོར་ཏེ་ཡ་རུར་གྱུར་བའི་བཞོན་མའི་མིང་སྟེ། དཔེར་ན། ཡར་མ་དེ་དག་ལ་འོ་མ་དེ་ཙམ་མི་འདུག་ལྟ་བུ།