ཡར་བེའུ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡར་བེའུ།

སྐྱེས་ནས་ལོ་འཁོར་ལོན་པའི་བེའུ་མིང་སྟེ་ཡུལ་སྐད་ལ་ལར་ཡ་རུ་ཟེར་བ་དང་དོན་གཅིག
1 ལོ་ཙཱ།

རྒྱ་ཡིག 一岁犊

དབྱིན་ཡིག one year old calf

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྐྱེས་ནས་ལོ་འཁོར་ལོན་པའི་བེའུ་མིང་སྟེ་ཡུལ་སྐད་ལ་ལར་ཡ་རུ་ཟེར་བ་དང་དོན་གཅིག

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ལོ་གཅིག་ལོན་པའི་བེའུ་སྟེ་ཡུལ་སྐད་ལ་ལར་ཡ་རུ་ཟེར། 一岁犊。去年所生犊。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག སྐྱེས་ནས་ལོ་གཅིག་མ་ལོན་པའི་མིང་ལ་བེའུ་དང་སྐྱེས་ནས་ལོ་གཅིག་ལོན་པའི་མིང་ལ་ཡ་རུ་ཟེར། བེའུ་དང་ཡ་རུའི་བསྡུས་ཚིག་སྟེ། དཔེར་ན། དབྱར་ཁར་བེའུ་ཡར་བཀར་ནས་མར་དང་ཆུ་ར་བསོག་ལྟ་བུ།