རྒྱ་ཡིག་སློབ་ཁྲིད།སྔ་མའི་པར་གཞི་དེ ཚེ་རིང་དོན་གྲུབ།།  ནས 2019-08-08 11:26ལ་འགྲུབ།

རྒྱ་ཡིག་སློབ་ཁྲིད།

རྒྱ་ཡིག་སློབ་ཁྲིད།
རྒྱ་ཡིག་གི་སློབ་ཁྲིད་ནི་བོད་རིགས་སློབ་གྲྭའི་སློབ་ཁྲིད་ཧྲིལ་པོའི་ཁྲོད་དུ་ཆེས་ཞན་པའི་ཕྱོགས་ཤིགས་ཡིན་ལ། ངེས་པར་དུ་གྲོས་སྡུར་དང་འཚོལ་ཞིབ། ཞིབ་འཇུག་སོགས་བྱེད་དགོས་པའི་ཕྱོགས་ཤིག་ཀྱང་ཡིན། ཞན་པ་དེས་སློབ་མས་བསླབ་པ་མི་བཟང་ཞིང་དགེ་རྒན་གྱིས་འཁྲིད་པ་མི་ལེགས་པའི་སྟེང་ཁོ་ནར་སྐྱོན་འཛུགས་བྱེད་མི་རུང་། དེར་རྐྱེན་གང་མང་ཞིག་ཡོད་དེ། དཔེར་ན་གོ་རིམ་དེའི་རྩ་འཛུགས་མི་སྣ་དང་ལག་བསྟར་མི་སྣ་འོས་མཐུན་ཡིན་མིན། དགེ་རྒན་གྱི་ཆེད་ལས་རྒྱ་ཡིག་ཡིན་མིན། སློབ་དེབ་ཀྱི་རྩོམ་སྒྲིག་འོས་འཚམ་ཡིན་མིན། དཔྱད་གཞིའི་ཡིག་ཆ་འཛོམས་མིན་སོགས་གནད་དོན་གང་ཡོད་བརྟག་དཔྱད་བྱེད་དགོས།
གཞི་རྩའི་གནས་ཚུལ།

སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
ཆུང་འབྲིང་སློབ་མ།
1 ​ངོ་སྤྲོད།

རྒྱ་ཡིག་གི་སློབ་ཁྲིད་ནི་བོད་རིགས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཧྲིལ་པོའི་ཁྲོད་དུ་ཆེས་ཞན་པའི་ཕྱོགས་ཤིགས་ཡིན་ལ། ངེས་པར་དུ་གྲོས་སྡུར་དང་འཚོལ་ཞིབ། ཞིབ་འཇུག་སོགས་བྱེད་དགོས་པའི་ཕྱོགས་ཤིག་ཀྱང་ཡིན། ཞན་པ་དེས་སློབ་མས་བསླབ་པ་མི་བཟང་ཞིང་དགེ་རྒན་གྱིས་འཁྲིད་པ་མི་ལེགས་པའི་སྟེང་ཁོ་ནར་སྐྱོན་འཛུགས་བྱེད་མི་རུང་། དེར་རྐྱེན་གང་མང་ཞིག་ཡོད་དེ། དཔེར་ན་གོ་རིམ་དེའི་རྩ་འཛུགས་མི་སྣ་དང་ལག་བསྟར་མི་སྣ་འོས་མཐུན་ཡིན་མིན། དགེ་རྒན་གྱི་ཆེད་ལས་རྒྱ་ཡིག་ཡིན་མིན། སློབ་དེབ་ཀྱི་རྩོམ་སྒྲིག་འོས་འཚམ་ཡིན་མིན། དཔྱད་གཞིའི་ཡིག་ཆ་འཛོམས་མིན་སོགས་གནད་དོན་གང་མང་འདུས།

སྐད་ཆ་སློབ་པའི་ཕྱོགས་ནས་དབྱེ་ན། སྐད་ཆ་དང་པོའི་སློབ་སྦྱོང་དང་སྐད་ཆ་གཉིས་པའི་སྦྱོང་། ཐ་ན་དེ་ལས་ཀྱང་མང་པོ་ཡོད། སྤྱིར་བཏང་དུ་མི་ཞིག་ལ་མཚོན་ན། ཆེས་ཐོག་མར་སློབ་པའི་སྐད་ཆ་ནི་ཕ་སྐད་ཡིན་ལ་དེ་ནི་རང་མི་རིགས་ཀྱི་སྐད་ཆའང་ཡིན། ཕ་སྐད་སློབ་པར་རང་བྱུང་གི་སྐད་ཆའི་ཁོར་ཡུག་ལྡན་པས། སྐད་ཆ་སློབ་པའི་གོ་རིམ་དང་བསམ་གཞིག་གི་ཆགས་ཚུལ་སོགས་ཀྱང་གཅིག་མཐུན་ཡིན། སྐད་ཆ་ཨང་གཉིས་པ་ཁོང་དུ་ཆུད་དགོས་ན། ངེས་པར་དུ་ཚད་ལྡན་གྱི་སློབ་ཁྲིད་གོ་རིམ་དང་བྱེད་ཐབས་བརྒྱུུད་དེ་བསྒྲུབ་དགོས།

2 འཁྲིད་ཐབས།

གཅིག རྒྱ་ཡིག་སློབ་དེབ་སྒྲིག་པའི་མཛུབ་སྟོན་བསམ་བློ་གསལ་བོ་ཞིག་ལྡན་དགོས། ས་གནས་སོ་སོའི་སློབ་སྒྲུབ་རྣམ་པ་མི་འདྲ་བ་དང་སློབ་ཁྲིད་བྱེད་སྟངས་ཀྱང་མི་འདྲ་བས། རྒྱ་ཡིག་སློབ་དེབ་ཀྱི་བཀོལ་ཚུལ་ཡང་ཐ་དད་ཡིན། དེ་བས་རྒྱ་ཡིག་སློབ་དེབ་སྒྲིག་སྐབས་སྐད་ཆ་ཨང་གཉིས་པའི་སློབ་ཁྲིད་ཀྱི་རྩ་བའི་ཁྱད་ཆོས་ལ་དམིགས་ཏེ། ནུས་རྩལ་དང་སྒྲིག་གཞི། རིག་གནས་སོགས་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་སྟེ། རིམ་བཞིན་སློབ་མས་ཡང་དག་པའི་ངང་རྒྱ་ཡིག་ལ་གོ་བ་ལེན་པ་དང་བེད་སྤྱོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་དགོས།

གཉིས། འཚོ་བ་དངོས་དང་ཟུང་འབྲེལ་བྱེད་དགོས། སྤྱི་ཚོགས་འཚོ་བ་ནི་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་དང་ཚད་མེད་སྒོ་འབྱེད་ཡིན་ལ། དེ་ལས་ལྡོག་པའི་སློབ་དེབ་ཏུ་འདུས་པ་ནི་འཚོ་བའི་ཁྲོད་ཀྱི་ཧ་ཅང་ཉུང་བའི་ནང་དོན་ཙམ་ཡིན། སློབ་མས་སློབ་དེབ་ལས་ཤེས་བྱ་སྦྱངས་པའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ཆེ་བའི་འཚོ་བ་དངོས་སུ་སྤྱོད་དགོས་པ་ཡིན། དེའི་ཕྱིར། སློབ་ཁྲིད་ནི་སློབ་དེབ་ཀྱི་ནང་དོན་དངོས་སུ་ཞུགས་པར་ཕན་པའི་ཕྱོགས་སུ་བསྒྱུར་དགོས། རྒྱ་ཡིག་སློབ་ཁྲིད་ནི་སློབ་དེབ་སྟེང་གི་ཤེས་བྱ་ཁོ་ན་གསོག་འཇོག་ནས་རིམ་བཞིན་དུ་ལག་ལེན་ནུས་ཤུགས་སྐྱེད་སྲིང་བྱེད་པའི་ཕྱོགས་སུ་བསྒྱུར་དགོས།

གསུམ། གསོན་ཉམས་ལྡན་ཞིང་རྒྱ་ཡིག་གི་ཆུ་ཚད་ངེས་ཅན་ལྡན་པའི་རྒྱ་ཡིག་ཆེད་ལས་ཀྱི་དགེ་རྒན་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་དགོས། དགེ་རྒན་ནི་སློབ་ཁྲིད་བྱ་འགུལ་གྱི་རྩ་འཛུགས་པ་ཡིན་ལ། ཤེས་བྱའི་བརྒྱུད་ཁྲིད་པའང་ཡིན། དགེ་རྒན་གྱི་རྒྱུ་སྤུས་དང་ནུས་ཤུགས། བྱེད་ཐབས་སོགས་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཡིན། དེ་བས། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་རྒྱ་ཡིག་དགེ་རྒན་གྱི་དཔུང་སྡེར་ཤུགས་སྣོན་བྱས་ཏེ། དགེ་རྒན་གྱི་བསམ་བློ་ཀུན་སྤྱོད་དང་ཤེས་བྱའི་ཡོན་ཚད། ཆེད་ལས་བྱང་ཚད་སོགས་མཐོ་རུ་འདེགས་དགོས།