ཞིམ་ཐིག་སྨུག་པོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ། ནས 2019-07-22 11:03ལ་འགྲུབ།
ཞིམ་ཐིག་ལེ་དང་། བྱ་ལྡུམ་གསེར་མགོ། ཨ་ཛ་ན་བཅས་ཀྱང་ཟེར།
འདི་ནི་ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་སྡོང་བོ་ཁོང་སྟོང་གྲུ་བཞི་སྨུག་ལ་སྣུམ་པ་སྤུ་འཇམ་ཅན། ལོ་མ་ལྗང་རྩུབ་འཇོང་དབྱིབས་རྩེ་མོ་རྣོ་བ། ལོ་རྐང་སྨུག་པོ་ཅན་མང་ཆེ་བ་རྩ་བ་གྱེས་པ། ངར་བའི་སྟོང་ཆའི་ཚིགས་མཚམས་རེ་ནས་མཆུ་དབྱིབས་ཀྱི་མེ་ཏོག་གོས་སྨུག་པོ་ཅན་བཞི་ལྔ་ཙམ་འཁོར་ནས་འཆར་བའོ།།
རོ་མངར་ལ་ཁ་བ་དང་། ཐུ་རྗེས་མངར་བ། ནུས་པ་བསིལ་བའོ།།
ཤེལ་ཕྲེང་ལས། ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན༎ ཞེས་དང་། རོ་ནི་མངར་ལ་སྣུམ་པ་ཡིན༎ རང་གི་ནུས་པས་མིག་ནད་སེལ༎ ཞེས་གསུངས་སོ༎