ཝང་ཆིའུ་སྤོ་ལོ་ནི་བར་ལ་དྲ་རྒྱས་བཅད་པའི་འགྲན་སྡུར་ར་བ་རུ། མི་གཉིས་སམ་བཞི་ཡིས་སྤོ་ལོ་བཀོལ་ནས་ལྡེམ་མྱུར་ངང་ཕར་ཚུར་ལ་འཕེན་རེས་བྱེད་པའི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཞིག་ཡིན།
ཉིས་འགྲན་དང་བསྲེས་མ་ཉིས་འགྲན་སོགས་ཀྱི་རིགས་འགའ་ཡོད་ལ། ཝང་ཆིའུ་སྤོ་ལོ་ལ་རྩྭ་ཐང་འགྲན་ར་དང་། བྱེ་ཐང་འགྲན་ར། ཐང་མཁྲེགས་པོ་ཡིན་པའི་འགྲན་ར་བཅས་རིགས་གསུམ་ཡོད། མི་རྣམས་ཀྱིས་དེང་སྐབས་རྩྭ་ཐང་འགྲན་ར་བྱས་ནས་ཝང་ཆིའུ་སྤོ་ལོ་འགྲན་བསྡུར་སྤེལ་བཞིན་ཡོད།
སྤྱི་ལོ1877ལོར་འཛམ་གླིང་གི་སྐབས་དང་པོའི་རྩྭ་ཐང་འགྲན་བསྡུར་དབྱིན་ཇིའི་ཝིན་པུའུ་ཨེར་ཏུན་ནས་སྤེལ་བ་དང་། ད་ལྟ་ཡང་ཝིན་པུའུ་ཨེར་ཏུན་གྱི་ཝང་ཆིའུ་སྤོ་ལོ་འགྲན་བསྡུར་ནི་འཛམ་གླིང་ན་གྲགས་སྐད་ཤིན་ཏུ་ཆེའོ། ། སྤྱི་ལོ1896ལོའི་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་སུ་དངོས་གཞིའི་འགྲན་བསྡུར་གྱི་རྣམ་གྲངས་སུ་བཞག་པ་རེད། སྤྱི་ལོ1912ལོར་རྒྱལ་སྤྱིའི་ཝང་ཆིའུ་སྤོ་ལོའི་མཉམ་འབྲེལ་ཚོགས་པ་དངོས་སུ་ཚུགས་པ་རེད།
སྤྱི་ལོ1980ལོར་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་དེ་རྒྱལ་སྤྱིའི་ཁོངས་མིར་གྱུར། སྤྱི་ལོ2004ལོར་ཡ་ཏེན་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་འགྲན་ཞུགས་པ་སུན་ཐན་ཐན་དང་ལི་ཐིན་གཉིས་ཀྱིས་ཝང་ཆིའུ་སྤོ་ལོའི་སྐྱེས་མས་ཉིས་འགྲན་གྱི་བྱ་དགའ་ཨང་དང་པོ་བླངས།