རི་བོ་ཡན་ཧྲོའུ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2019-06-27 09:51ལ་འགྲུབ།

རི་བོ་ཡན་ཧྲོའུ།

རི་བོ་ཡན་ཧྲོའུ།
རི་བོ་ཡན་ཧྲོའུ་ནི་འཇར་པན་གྱི་རི་བོ་གྲགས་ཅན་བརྒྱའི་ཡ་གྱལ་ཡིན་པ་དང་། དེ་མ་ཟད“ཤར་བྱང་གི་ཧྥུའུ་ཧྲི”ཞེས་པའི་མཚན་སྙན་ཡང་ཡོད་པ་རེད། རི་བོ་ཡན་ཧྲོའུ་ནི་འཇར་པན་ཤར་བྱང་གི་ཡན་ཧྲོའུ་རྫོང་གི་ཧྲིན་ཀང་གྲོང་ཁྱེར་གྱི་བྱང་ཁུལ་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岩手山
ཕྱི་ཡིག་གི་མིང་།
Iwate-san
འཇར་ཡིག་གི་མིང་།
いわてさん
གནས་ཡུལ།
འཇར་པན་ཤར་བྱང་གི་ཡན་ཧྲོའུ་རྫོང་གི་ཧྲིན་ཀང་གྲོང་ཁྱེར་གྱི་བྱང་ཁུལ།
གཙོ་རིའི་མཐོ་ཚད།
སྨི2038
ཁོངས་གཏོགས།
མེ་རི།
1 ངོ་སྤྲོད།

རི་བོ་ཡན་ཧྲོའུ་ནི་འཇར་པན་གྱི་རི་བོ་གྲགས་ཅན་བརྒྱའི་ཡ་གྱལ་ཡིན་པ་དང་། དེ་མ་ཟད“ཤར་བྱང་གི་ཧྥུའུ་ཧྲི”ཞེས་པའི་མཚན་སྙན་ཡང་ཡོད་པ་རེད། རི་བོ་ཡན་ཧྲོའུ་ནི་འཇར་པན་ཤར་བྱང་གི་ཡན་ཧྲོའུ་རྫོང་གི་ཧྲིན་ཀང་གྲོང་ཁྱེར་གྱི་བྱང་ཁུལ་དུ་ཡོད། རི་བོ་ཡན་ཧྲོའུ་གྱི་ལྷོ་ཕྱོགས་སུ་ཡན་ཅིང་ཞིང་ར་ཡོད་པ་དང་། སྤྱི་ལོ1891ལོ་ནས་བཟུང་དེ་ནི་འཇར་པན་གྱི་ཆེས་བཟང་བའི་ཞིང་ར་ཆེན་པོ་ཞིག་ཡིན་པ་དང་། དམག་འཁྲུག་སྔོན་གྱི་འཇར་པན་གྱི་དམག་རྟའང་མང་ཆེ་བ་འདི་ནས་ཐོན་པ་ཡིན།

གཙོ་རིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2038ཡོད་པ་དང་། ཡན་ཧྲོའུ་རྫོང་གི་ཆེས་མཐོ་བའི་རི་བོ་ཡིན། རི་བོ་ཡན་ཧྲོའུ་ནི་ད་བར་དུ་ཐེངས་ལྔ་ལ་འཕྱུར་མྱོང་བ་དང་།  ཁྱད་མཚར་ཅན་གྱི་མེ་རིའི་ས་བབ་ཅིག་ཆགས་ཡོད་པ་རེད། ལྟ་ན་སྡུག་པའི་ཡུལ་ལྗོངས་སྣོལ་མར་ཡོད་པས་ཤིན་ཏུ་མཐོང་དཀོན་པོ་ཡིན། ལམ་ཧ་ཅང་གཟར་བོ་ཡིན་པས་རྟ་པ་དང་རླངས་འཁོར་སོགས་བགྲོད་དཀའ་བ་དང་། འཇར་པན་རྒྱལ་ཁོངས་སུ་ཆེས་རྒྱུགས་ཆེ་བའི་རི་མགོར་འཛེགས་སའི་གནས་མཆོག་ཅིག་ཡིན། ལོ་རེ་བཞིན་ལྗོངས་རྒྱུ་བ་མང་པོས་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱེད། ཉིད་ཀྱི་རི་མགོ་ནས་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་བལྟ་ཆོག་པར་མ་ཟད། ལམ་བར་དུ་མཐོ་སྒང་གི་སྐྱེ་དངོས་སྣ་ཚོགས་ལ་མིག་གི་རོལ་མྱོང་བྱེད་ཐུབ།


བརྡ་འགྲེལ་གདོང་འཛར།

རི་བོ། གནས་རི། འཇར་པན།