རྟ་དཀར་དགོན་པ།སྔ་མའི་པར་གཞི་དེ .ཉི་མ་འཚོ།  ནས 2019-06-17 17:18ལ་འགྲུབ།

རྟ་དཀར་དགོན་པ།

རྟ་དཀར་དགོན་པ།
རྟ་དཀར་དགོན་པ་ནི་ད་ལྟའི་ཧོ་ནན་ཞིང་ཆེན་ལོའོ་དབྱང་གྲོང་ཁྱེར་ཤར་ཕྱོགས་སྟོང་སྨི12མཚམས་སུ་གནས་ལ། ཧན་ཤར་མའི་དུས་སུ་རྒྱལ་ས་ལོའོ་དབྱང་གི་ནུབ་ཕྱོགས་སུ་སྟོང་སྨི1.5ཡི་མཚམས་སུ་གནས་ཡོད། དེ་ནི་སངས་རྒྱས་ཆོས་ལུགས་ཀྲུང་གོར་སྤེལ་རྗེས་སུ་བཏབ་པའི་དགོན་པ་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྟ་དཀར་དགོན་པ།
རྒྱ་ཡིག་གི་མིང་།
白马寺
ས་གནས།
ཧོ་ནན་ཞིང་ཆེན་ལོའོ་དབྱང་གྲོང་ཁྱེར།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ།
1 ​ངོ་སྤྲོད་མདོར་བསྡུས། 

རྟ་དཀར་དགོན་པ་ནི་ད་ལྟའི་ཧོ་ནན་ཞིང་ཆེན་ལོའོ་དབྱང་གྲོང་ཁྱེར་ཤར་ཕྱོགས་སྟོང་སྨི12མཚམས་སུ་གནས་ལ། ཧན་ཤར་མའི་དུས་སུ་རྒྱལ་ས་ལོའོ་དབྱང་གི་ནུབ་ཕྱོགས་སུ་སྟོང་སྨི1.5ཡི་མཚམས་སུ་གནས་ཡོད། དེ་ནི་སངས་རྒྱས་ཆོས་ལུགས་ཀྲུང་གོར་སྤེལ་རྗེས་སུ་བཏབ་པའི་དགོན་པ་དང་པོ་ཡིན། ཡིག་ཆ་རུ་བཀོད་པ་ལྟར་ན་རྟ་དཀར་དགོན་པ་དེ་ཐེངས་གང་མང་ལ་གཏོར་བཤིག་ཏུ་བཏང་ཞིང་ཡང་བསྐྱར་འཛུགས་སྐྲུན་བྱས་པ་རེད། ད་ལྟ་མཐོང་ཐུབ་པའི་བཟོ་བཀོད་ནི་མིང་རྒྱལ་རབས་ཅ་ཆིན་དུས་སྐབས་སུ་བསྐྲུན་པ་དང་། ཆིན་རྒྱལ་རབས་དུས་སུ་ཞིག་གསོ་ཐེངས་མང་དུ་བྱས། དགོན་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི4ཡོད་ལ། ཀྲུང་གོའི་གནའ་དུས་སུ་སངས་རྒྱས་ཆོས་ལུགས་སྤེལ་བའི་ས་གནས་གཙོ་བོ་ཡིན། 

2 གོ་གནས།

ཧན་ཝའེ་ཡི་རྗེས་སུ་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་མང་དུ་བྱུང་ཡང་། རྟ་དཀར་དགོན་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་གོ་གནས་ཀུན་གྱིས་ཁས་ལེན་བྱེད་ཅིང་། “ཤཱཀྱའི་ལྷ་ཁང”དང“བསྟན་འབྱུང་ཁང”སོགས་ཀྱི་མཚན་བཏགས་ཡོད་པར་མ་ཟད། དུས་རབས་སོ་སོའི་བླ་མ་དང་ཕྱི་རྒྱལ་གྱི་བླ་མ་དག་གནས་འདིར་ཆོས་སྦྱོང་དུ་ཕེབས་མྱོང་། དེའི་རྐྱེན་གྱིས་རྟ་དཀར་དགོན་པས་ཀྲུང་གོའི་ནང་བསྟན་ལོ་རྒྱུས་དང་ཕྱི་ཕྱོགས་བར་གྱི་རིག་གནས་འབྲེལ་འདྲིས་ཏེ་ལོ་རྒྱུས་སྟེང་བསུབ་དུ་མེད་པའི་གོ་གནས་བཟུང་ཡོད།