དབྱར་རིས་ཆོ་གའམ་སྔགས་པའི་དུས་སྟོན།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2019-06-14 08:56ལ་འགྲུབ།

དབྱར་རིས་ཆོ་གའམ་སྔགས་པའི་དུས་སྟོན།

སྐྱེས་དམན་ཚོས་སྐྲ་ཟིང་དུ་སློད་མི་ཆོག་པ་དང་། སྟོད་ཧྲེང་དུ་ཐོན་མི་ཆོག འོང་ཀའི་རྒྱུད་ལ་སྐད་ཤུགས་ཆེན་པོ་རྒྱག་མི་ཆོག ཡུལ་མི་ཕན་ཚུན་བར་རྒྱག་རེས་བརྒྱབ་མི་ཆོག ཐ་ན་བྱིའུ་ལའང་རྡོ་གཞུས་ནས་གནོད་འཚེ་གཏོང་མི་ཆོག་པར་སྔགས་པས་སྔགས་སྒྲུབ་པའི་དུས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོད་ཀྱི་དམངས་སྲོལ།
མིང་།
དབྱར་རིས་ཆོ་གའམ་སྔགས་པའི་དུས་སྟོན།
དུས་ཆེན་གྱི་ཉི་མ།
བོད་ཟླ6པའི་ཚེས4ཉིན།
1 ངོ་སྤྲོད།

བོད་ཟླ་དྲུག་པའི་ཚེས་བཞི་ལ་སྣེ་གདོང་རྫོང་དཔོན་དང་། སྐུ་ངོ་ལྷོ་སྤྱི། གཟིམ་ཁང་ཆུ་འཁོར་འོག་བཅས་མཉམ་དུ་ལྷན་འཛོམས་ཀྱིས་གསལ་སྒྲོག་གནང་དོན་ནི་དེ་རིང་ནས་བཟུང་སྟེ་སྐྱེས་དམན་ཚོས་སྐྲ་ཟིང་དུ་སློད་མི་ཆོག་པ་དང་། སྟོད་ཧྲེང་དུ་ཐོན་མི་ཆོག འོང་ཀའི་རྒྱུད་ལ་སྐད་ཤུགས་ཆེན་པོ་རྒྱག་མི་ཆོག ཡུལ་མི་ཕན་ཚུན་བར་རྒྱག་རེས་བརྒྱབ་མི་ཆོག  ཐ་ན་བྱིའུ་ལའང་རྡོ་གཞུས་ནས་གནོད་འཚེ་གཏོང་མི་ཆོག་པ། ལྷག་དོན་དུ་སྔགས་པ་ཚང་མས་རི་ཡི་སྒང་ལ་སྔགས་སྒྲུབ་ནས་བསྡད་པ་ལས་གང་བྱུང་གི་གྲོང་ཕྱོགས་རྒྱུགས་མི་ཆོག

ཁོ་ཚོས་ཞོགས་པ་ལག་རིས་གསལ་ལ་མི་གསལ་བའི་དུས་ནས་ཡར་ལངས་ཏེ་མཐའ་འཁོར་གྱི་རི་ལ་མིག་ལྟ་བྱེད་དགོས། གལ་ཏེ་རི་རྩེ་ཤར་ལྷོ་ནུབ་བྱང་གང་རུང་ལ་སྤྲིན་པ་ནག་པོ་སེམས་ཅན་ནམ་མི་སོགས་ཀྱི་གཟུགས་ལྡན་པ་ཞིག་ཐོན་གྱི་ཡོད་ཚེ་དེ་ཉིན་སྔགས་པ་ཚོས་སོ་སོའི་དབེན་ཡུལ་ནས་ཕྱི་ལ་ཕྱིན་མི་ཆོག་པར་སྒོམ་སྒྲུབ་ཀྱི་མཐུ་རྩལ་བསྟེན་ནས་དྲག་ཆར་སེར་བ་སོགས་མེད་པར་བཟོ་དགོས་པའི་གསལ་སྒྲོག་བྱས་པའི་ཡིག་ཆའི་སྟེང་དུ་སྔགས་པ་ཚང་མས་མཛུབ་མཐེལ་མནན་ནས་དབྱར་ཁའི་རིང་ཞིང་ནང་ལ་དྲག་ཆར་སེར་བ་སོགས་ཀྱི་གནོད་འཚེ་མི་ཡོང་བའི་ཁས་ལེན་དམ་བཅའ་འཇོག་དགོས།

ལར་ན་སྔགས་པས་དུས་ཐོག་ཏུ་གྲུབ་རྟགས་སྟོན་མ་ཐུབ་པར་སྤྲིན་པ་དེ་དག་ཐོག་མ་ཆུང་ཆུང་ཞིག་ནས་ཆེ་རུ་ཕྱིན་རྗེས་མཐར་ནམ་མཁའ་ཡོངས་སུ་ཁྱབ་ནས་ལོ་ལེགས་ཚང་མ་གཏོར་བརླགས་བཏང་ཚེ་སྔགས་པར་ཉེས་ཆད་ཡོང་ཉེན་ཡོད་པས་ཡུལ་དེ་ནས་བསྡད་མི་ཆོག་པར་ཡུལ་ཐོན་འགྲོ་དགོས།  གྲུབ་རྟགས་ལེགས་པོ་བསྟན་ཐུབ་ཚེ་ཞིང་པ་དུད་གྲངས་ལ་གཞིགས་ཏེ་འབྲུ་རིགས་བསྡུས་ནས་སྔགས་པ་ཚོའི་ལོ་འཁོར་མོའི་གླ་རིན་དུ་སྤྲོད། དཔེར་ན་སྣེ་གདོང་ལ་མཚོན་ན་ཞིང་བ་དུད་ཚང་རེ་ནས་འབྲུ་ཁལ་རེ་སྐྱེལ་དགོས་པར་རྫོང་དཔོན་ལྷན་རྒྱས་ནས་ཆ་ཚད་ངེས་ཅན་ཞིག་བདག་པོ་དང་བཞི་ཆ་གཅིག་ཙམ་དགོན་པའི་གྲྭ་བའི་སྐལ་བར་ཕུལ་བ་ཕུད་དེ་བྱིངས་ཚང་མ་སྔགས་པ་སོ་སོའི་ཡོང་འབབ་ཡིན་ནོ།།