ལྡུམ་སྒོང་གསུར་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-14 16:37ལ་འགྲུབ།

ལྡུམ་སྒོང་གསུར་བརྔོས།

ལྡུམ་སྒོང་གསུར་བརྔོས།
ལྡུམ་སྒོང་གསུར་བརྔོས་ཞེས་པ་ལྡུམ་སྒོང་དང་། བཅའ་ལྒ་གསར་བ། གཡེར་མ་རྡོག་པོ། ཚྭ། བྱ་རྩི། སྐེ་ཕྱེ། བྲོ་སྐྱུར། བྱེ་མ་ཀ་ར། བ་དམ་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
炝炒番茄
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
དམར་སེར་མདངས་ལྡན་བྲོ་བ་ཁྱད་དུ་འཕགས།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ལྡུམ་སྒོང250 བཅའ་ལྒ་གསར་བ་ལེབ་མོ2 གཡེར་མ་རྡོག་པོ10 ཚྭ་དང་བྱ་རྩི་ཁེ5རེ། སྐེ་ཕྱེ་དང་བྲོ་སྐྱུར་དང་བྱེ་མ་ཀ་ར་གསུམ་ཁེ10རེ། བ་དམ་སྣུམ་ཁེ20

2 ལས་རིམ།

1.ལྡུམ་སྒོང་གཙང་མར་བཀྲུས་ནས་ལེབ་གཏུབ་སྲབ་མོ་བྱས་པའི་སྟེང་དུ་ཚྭ་སྙོམས་པོར་གཏོར་ཞིང་དུས་ཚོད1ལ་སྙོལ། 2.སླ་ངར་གཡེར་མ་དྲོ་ཞིམ་ཐོན་པར་བརྔོས་རྗེས་ཕྱིར་བླངས་ནས་ཕྱེ་མར་འཐག བཅའ་ལྒ་གསར་བའི་ཤུན་པ་ལེན་ཞིང་གཙང་མར་བཀྲུས་ནས་ཧྲུག་གཏུབ་བྱ། 3.བསྙལ་ཡོད་པའི་ལྡུམ་སྒོང་བླངས་ནས་ཚྭ་ཁུ་བཙགས། གཡེར་ཕྱེ་དང་། བྱ་རྩི། བཅའ་ལྒ་ཧྲུག་པོ་སོགས་འཕེན། སྦངས་ཡོད་པའི་སྐེ་ཕྱེ་དང་བྱེ་མ་ཀ་ར། བྲོ་སྐྱུར་གསུམ་འཕངས་ནས་སྙོམས་པོར་དཀྲུག 4.སླ་ང་གཞན་ཞིག་ཏུ་བ་དམ་སྣུམ་བླུགས་ཏེ་ཚ་ཚད་སེ་དྲོད180ལ་སོན་ཚེ། ནང་དུ་ལྡུམ་སྒོང་འཕེན་ཞིང་། མྱུར་དུ་བརྔོས་ནས་ལྡུམ་སྒོང་སྙི་མོར་གྱུར་ཚེ་བཏོན་པས་ཆོག

3 ཁྱད་ཆོས།

དམར་སེར་མདངས་ལྡན་བྲོ་བ་ཁྱད་དུ་མཚར།

4 གནད་སྒོ།

ལྡུམ་སྒོང་དེ་སྔོན་ལ་བསྙལ་ཞིང་རྗེས་སུ་བརྔོ།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།